ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལོ་ཙྰ་བ་རྭ་ཆོས་རབ།
སྤེལ་དུས།04-27  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

      འདི་ཉིད་ཀྱི་འགྱུར་ལ། བཀའ་འགྱུར་ལས། བསྡུས་པའི་རྒྱུད་ལས་དྰ་རི་ཀ་པས་ཕྱུང་བར་གྲགས་པའི་དབང་གི་རབ་ཏུ་བྱེད་པ། ནག་པོ་ཆེན་པོ་མགོན་པོ་མངོན་པར་འབྱུང་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལེའུ་ལྔ་བཅུ་བ། །

    བསྟན་འགྱུར་ལས། དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་དང་། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་ཆེན་པོ་སྰ་ངྷུ་པུ་ཏྲིས་ངྷརྨ་ཨྰ་ཀ་ར་ཤནྟིའི་དོན་དུ་མཛད་པ། དཔལ་དུས་ཀྱི་འཁོར་ལོ་སྐད་ཅིག་གིས་བསྐྱེད་པའི་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་ཞེས་བྱ་བ་སློབ་དཔོན་རོལ་བའི་རྡོ་རྗེས་མཛད་པ། སྦྱོར་བ་ཡན་ལག་དྲུག་གི་སྦྱོར་བའི་མན་ངག་ཙི་ལུ་པས་མཛད་པ། དཔལ་དུས་ཀྱི་འཁོར་ལོའི་རབ་ཏུ་གནས་པའི་ཆོ་ག་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོའི་ཚོགས་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ་རྣམས་སློབ་དཔོན་དུས་འཁོར་ཞབས་ཀྱིས་མཛད་པ། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཞེས་བྱ་བ་བི་རྰུ་བའི་གདམས་ངག་གི་བརྒྱུད་པ་ཤྲྰི་ཨུ་མ་པ་ཏི་དཏྟས་མཛད་པ། རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ་དཔལ་ཨུ་མ་པ་ཏི་དཏྟས་མཛད་པ། དཔལ་ནག་པོ་ཆེན་པོ་ཞེས་བྱ་བའི་རྒྱུད་དྲག་པོའི་བརྟག་པ་དུར་ཁྲོད་ཆེན་པོ་ཞེས་བྱ་བའི་འགྲེལ་བ་དཔལ་རྟ་དབྱངས་ཀྱིས་མཛད་པ། དཔལ་ནག་པོ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་རིན་ཆེན་འབྱུང་གནས་ཞེས་བྱ་བ་དང་། ཡེ་ཤེས་ཀྱི་མེ་སྦར་བ་ཞེས་བྱ་བ་སྦྱིན་སྲེག་གི་ཆོ་ག་པཎྡི་ཏ་ཆེན་པོ་ས་མནྟ་ཤྲྰིས་མཛད་པ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号