ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ཞང་ལོ་ཙྰ་བ་ཤེས་རབ་བླ་མ།
སྤེལ་དུས།04-27  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

      འདི་ཉིད་ཀྱི་འགྱུར་ལ། བསྟན་འགྱུར་ལས། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་དང་། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་གཏོར་མའི་ཆོ་ག་སློབ་དཔོན་ཆེན་པོ་ལ་ལི་ཏ་བཛྲས་མཛད་པ།   འཇིགས་བྱེད་ཀྱི་ཞི་བའི་བྱ་བ་བདུན་པ་པཎྜི་ཏ་ཨ་མོ་གྷ་ཆུང་བས་མཛད་པ། དྲག་པོའི་བྱ་བ་བདུན་པ་དེ་ཉིད་ཀྱིས་མཛད་པ། འཁོར་ལོ་བྲི་བའི་ཆོ་ག ལས་ཀྱི་གྲོགས་ཀྱི་བྱ་བ། དམ་རྫས་རྨད་དུ་བསྒྱུར་ཏེ་བརྟེན་པའིཆོ་ག་དང་གསུམ་པོ་འདི་ཁ་ཅིག་རྟོག་པ་གསུམ་པའི་རྒྱུད་དུ་འདོད་དེ། ཁ་ཅིག་མན་ངག་དུ་འདོད།   དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྟོད་པ། དེ་ཉིད་ལྔ་བའི་བསྟོད་པ། ཡང་འཇིགས་བྱེད་ཀྱི་བསྟོད་པ་གཅིག   དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྟོད་པ་པཎྜི་ཏ་དོན་ཡོད་རྡོ་རྗེས་མཛད་པ།འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་མན་ངག་གི་འགྲེལ་བ་ཞེས་བྱ་བ་རྒྱ་གར་གྱི་མཁན་པོ་སློབ་དཔོན་གཞོན་ནུ་གྲགས་པས་མཛད་པ། ལྰི་ལ་བཛྲས་མཛད་པའི་མཆོད་རྟེན་གྱི་ཆོ་ག་རྒྱས་པ་དང་། བསྡུས་པ་དང་། མར་མེ་མཛད་ཀྱིས་མཛད་པའི་སྲུང་འཁོར། དེ་བ་ཨ་ཀ་ར་ཙནྡྲས་མཛད་པའི་རིམ་པ་བཞིའི་བྱེ་བྲག་བསྟན་པའི་མན་ངག ཀླུའི་བྱང་ཆུབ་ཀྱིས་མཛད་པའི་རོ་སྲེག་གི་ཆོ་ག འཕྲུལ་འཁོར་གྱི་ཆོ་ག   ཨ་མོ་གྷ་བཛྲས་མཛད་པའི་ཚིགས་སུ་བཅད་པ་བཅུ་བ་དང་། ཞི་བའི་སྦྱིན་སྲེག རྒྱས་པའི་སྦྱིན་སྲེག་དང་དྲག་པོ་སྦྱིན་སྲེག་དང་། ལྰི་ལ་བཛྲས་མཛད་པའི་སྦས་པའི་སྤྱོད་པ་བསྡུས་པ་དང་། ལས་ཀྱི་རིམ་པའི་མན་ངག་རྣམ་པར་འཕེལ་བའི་མན་ངག་སྟེ་དེ་རྣམས་ཕལ་ཆེར་ཤེས་རབ་བླ་མའི་འགྱུར་ཡིན་ལ་བསྟན་འགྱུར་དུ་མ་ཆུད་ཅེས་བུ་སྟོན་གྱིས་གསུངས་སོ། །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号