ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལོ་ཙྰ་བ་གླན་དར་མ་བློ་གྲོས།
སྤེལ་དུས།04-27  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

       འདི་ཉིད་ཀྱི་འགྱུར་ལ། བཀའ་འགྱུར་ལས། དེ་བཞིན་གཤེགས་པའི་རིགས་སུ་གཏོགས་པའི་བཀའ་ཉན། ཁྲོ་བོའི་རྒྱལ་པོ་མི་གཡོ་བའི་རྟོག་པ་སྟོབས་དཔག་ཏུ་མེད་པ་རྟུལ་ཕོད་་པ་འདུལ་བར་གསུང་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ། ཕྱིས་སུའང་ཆོས་རྒྱལ་བཀྲ་ཤིས་རབ་བརྟན་གྱིས་བསྐུལ་བ་བཞིན། ལོ་ཙྰ་བ་ཆོས་སྐྱོང་བཟང་པོས་རྒྱ་དཔེ་ལ་གཏུགས་ཤིང་དག་པར་བྱས་པ། །

    བསྟན་འགྱུར་ལས། འགྲེལ་བ་རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་ཆེར་འགྲེལ་བ་ཞེས་བྱ་བ་སློབ་དཔོན་ཀྰ་ཡ་སྠ་བགྲེ་པོས་མཛད་པ། བཅོམ་ལྡན་འདས་དགྱེས་པའི་རྡོ་རྗེའི་སྒྲུབ་པའི་ཐབས་དེ་ཁོ་ན་ཉིད་བཞིའི་རིམ་པ་ཞེས་བྱ་བ་སློབ་དཔོན་་ཀམྤ་ལས་མཛད་པ། གཏོར་མའི་ཆོ་ག་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། ཀྱེའི་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་མཁའ་འགྲོ་མ་ནི་གུ་མས་མཛད་པ། མན་ངག་རིམ་པ་གསུམ་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཌོམྦི་ཧེ་རུ་ཀས་མཛད་པ། གོ་བར་བྱེད་པའི་སྙིང་པོ་བརྒྱ་བའི་མིང་སློབ་དཔོན་སྣང་བ་མཐའ་ཡས་རྡོ་རྗེས་མཛད་པ་ཤློོ་ཀ་བརྒྱས་རིམ་པ་བདུན་དུ་བྱས་ནས་ཆོས་ཐམས་ཅད་གོ་བར་བྱས་པ་གོ་བྱེད་སྙིང་པོའོ། ། དཔལ་དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རོ་སྲེག་བྱ་བ་དགེ་སློང་ཏ་ཐྰ་ག་ཏ་རཀྵི་ཏས་མཛད་པ། རིམ་པ་ལྔའི་བཤད་པ་ལྰི་ལ་བཛྲ་ཞབས་ཀྱིས་མཛད་པ། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཀྱི་འགྲེལ་བ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ནག་པོ་པས་རྡོ་རྗེ་མཁའ་འགྲོ་མ་ཉིད་ལས་བླངས་ནས་མཛད་པ། འཇམ་དཔལ་འཇིགས་བྱེད་མཚན་གྱི་བསྟོད་པ། སློབ་དཔོན་ལས་ཀྱི་རྒྱལ་པོས་མཛད་པ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་པའི་རྡོ་རྗེ་འོད་ཅེས་བྱ་བ་དང་། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་གསལ་བ་ཞེས་བྱ་བ་རྒྱ་གར་གྱི་པཎཌི་ཏ་བེེ་རོ་ཙྰ་ན་རཀྵི་ཏས་མཛད་པ། འཕགས་མ་སྒྲོལ་མའི་རྗེས་སུ་སྤྱོད་པའི་གནོད་སྦྱིན་མོའི་སྒྲུབ་ཐབས།   །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号