ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། ། ལོ་ཙྰ་བ་གཞོན་ནུ་ཚུལ་ཁྲིམས།
སྤེལ་དུས།04-27  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

      འདི་ཉིད་ཀྱི་འགྱུར་ལ། བཀའ་འགྱུར་ལས། ཡོ་ག་བཤད་པའི་རྒྱུད་རྡོ་རྗེ་རྩེ་མོ་རྟོག་བ་བཅུ་བ་ལས་རྡོ་རྗེ་མཚན་བརྒྱས་གསོལ་བ་བཏབ་པ་ཡན་ཆད་རྟོག་པ་ཕྱེད་དང་དྲུག་ཡོད་པ་བམ་པོ་བཅུ་གཉིས་པ། །

   བསྟན་འགྱུར་ལས། དཔལ་སངས་རྒྱས་མཁའ་འགྲོའི་སྒྲུབ་ཐབས་དང་། སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་གྱི་ཆོ་གའི་རིམ་པ་གསལ་བ་ཞེས་བྱ་བ་ནག་པོ་སྤྱོད་པ་པས་མཛད་པ། འདི་ལ་དཔེ་ལ་ལར་ཀུ་ཀུ་རི་བས་མཛད་ཟེར་བའང་འདུག རིམ་ལྔའི་བཤད་པ་ནོར་བུའི་ཕྲེང་བ་ཞེས་བྱ་བ་སློབ་དཔོན་ཀླུའི་བྱང་ཆུབ་ཀྱི་ཞལ་སྔ་ནས་མཛད་ཟེར་བ། ཕྱག་ན་རྡོ་རྗེ་རྣལ་འབྱོར་ཆེན་པོའི་རྒྱུད་དུ་བཀྲལ་བ་ལ། ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་འཕགས་པ་ཕྱག་ན་རྡོ་རྗེའི་སྐུ་དངོས་སུ་སྤྲུལ་ནུས་པ་ཕྱག་ན་རྡོ་རྗེ་ཞེས་བྱ་བས་མཛད་པ། ལས་ཀྱི་རིམ་པ་མུ་ཏིག་ཕྲེང་བ་ཞེས་བྱ་བ་སློབ་དཔོན་བྷ་ཝ་པས་མཛད་པ། འཕགས་པ་རྡོ་རྗེ་གོས་སྔོན་ཅན་གྱི་སྒྲུབ་ཐབས་ཞེས་བྱ་བ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་ཆུང་བ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གིས་སྔོན་པོ་ཅན་གྱི་དཀྱིལ་འཁོར་གྱི་ཆོ་ག་ལུང་བསྟན་སྦྱོར་བའི་མན་ངག རྡོ་རྗེ་ལས་ཀྱི་ཚོགས་རིམ་པར་ཕྱེ་བ་རྣམས་མཛད་པ་པོ་མི་གསལ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་ཅན་གྱི་སྦྱོར་ཁ་ཆེན་པོའི་ཡོ་ག ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་གཏོར་མའི་ཆོ་ག ཚོགས་ཀྱི་འཁོར་ལོའི་སྦྱོར་ཀ། ཞི་བའི་སྦྱིན་སྲེག་གི་སྦྱོར་ཀ   རྒྱས་པའི་སྦྱིན་སྲེག་གི་སྦྱོར་ཀ དབང་གི་སྦྱིན་སྲེག་གི་སྦྱོར་ཀ   དྲག་པོའི་ལས་ཀ   བསྡུས་པའི་ལས་ཀྱི་སྦྱོར་ཀ ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་སྦྱིན་སྲེག་གི་ཆོ་ག   མཎྡལ་གྱི་སྦྱོར་ཀ་རྣམས་སློབ་དཔོན་བྷ་བ་བས་མཛད་པ། རྒྱུད་སྣ་ཚོགས་ལས་བཏུས་པའི་གཏོར་མའི་ཆོ་ག་སློབ་དཔོན་དཔལ་ཀླུ་སྒྲུབ་ཀྱིས་མཛད་པ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号