ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལོ་ཙྰ་བ་ལྷ་རིན་པོ་ཆེ།
སྤེལ་དུས།04-27  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

      འདི་ཉིད་ཀྱི་འགྱུར་ལ། བཀའ་འགྱུར་ལས།བསྡུས་པའི་རྒྱུད་བརྟག་པ་བཅུ་བ་དང་། རྒྱུད་ཕྱི་མ་བརྟག་པ་བདུན་གཉིས་ལྷ་རིན་པོ་ཆེའི་འགྱུར། འདི་ལ་སྨྲྀ་ཏིའི་རང་འགྱུར་ཞིག་ཀྱང་ཡོད་པར་གྲགས་པའི་རྒྱུད་ཕྱི་མ་ནི་བུ་སྟོན་གྱི་དུས་ནས་མ་རྙེད་པར་འདུག   དེའི་རྒྱུད་ཕྱི་མའི་ཕྱི་མ་བརྟག་པ་ལྔ་བ་སྨྲྀ་ཏིའི་རང་འགྱུར་རྣམས་སོ། །

   བསྟན་འགྱུར་ལས། དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མ་བདེ་མཆོག་གི་རྒྱུད་ཀྱི་དོན་རྣམ་པར་བཤད་པ་ཞེས་བྱ་དཔལ་ཨོོ་རྒྱན་གྱི་མཁས་པ་ཆེན་པོ་འཛ་གླིང་གི་ཉི་མ་དང་འདྲ་བ་དངོས་གྲུབ་ཐོབ་པའི་སློབ་དཔོན་རྒྱལ་པོ་བརྒྱ་བྱིན་སྡང་བོས་མཛད་པ། དཔལ་རྡོ་རྗེ་སེམས་དཔའི་གསང་བའི་དོན་རྣམས་པར་དགོད་པ་ཞེས་བྱ་བ། དཔལ་ཧེ་རུ་ཀའི་གསང་དོན་རྣམ་པར་དགོད་པ་ཞེས་བྱ་བ། དཔལ་ཧེ་རུ་ཀའི་གསང་དོན་རྣམ་པར་དགོད་པ་ཞེས་བྱ་བ། དཔལ་རྣམ་པར་སྣང་མཛད་ཀྱི་གསང་བའི་དོན་རྣམ་པར་དགོད་པ་ཞེས་བྱ་བ། དཔལ་པདྨ་གར་གྱི་དབང་ཕྱུག་གིས་གསང་བའི་དོན་རྣམ་པར་དགོད་པ་ཞེས་བྱ་བ། དཔལ་རྣམ་པར་སྣང་མཛད་ཀྱི་གསང་བའི་དོན་རྣམ་པར་དགོད་པ་ཞེསབ་བྱ་བ། རྟ་མཆོག་རོལ་བའི་གསང་བའི་དོན་རྣམ་པར་དགོད་པ་ཞེས་བྱ་བ་རྣམས་སློབ་དཔོན་ཀུ་ཀུ་རྰ་ཛྰས་མཛད་པ། དཔལ་ཧེ་རུ་ཀ་ཞེས་བྱ་བའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ཐུ་བོ་རྰ་ཛ་ཧསྟིས་མཛད་པ། དཔལ་ཧེ་རུ་ཀའི་སྒྲུབ་པའི་ཐབས་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཧྰུ་མཛད་རྡོ་རྗེས་མཛད་པ། དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དཀྱིལ་འཁོར་སྒྲུབ་པའི་རིམ་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཧྰུ་མཛད་རྡོ་རྗེས་མཛད་པ།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号