ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལོ་ཙྰ་བ་བརྒྱ་བརྩོན་འགྲུས་སེངྒེ།
སྤེལ་དུས།04-27  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

      འདི་ཉིད་ཀྱི་འགྱུར་ལ། བྱ་རྒྱུད། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྙིང་པོ་འཆི་མེད་རྔ་སྒྲའི་གཟུངས།

   བསྟན་འགྱུར་ལས། བསམ་གྱིས་མི་ཁྱབ་པར་བསྟོད་པ། བསྟོད་པ་ལས་འདས་པར་བསྟོད་པ། བླ་ན་མེད་པའི་བསྟོད་པ། རྗེ་བཙུན་འཇམ་དཔལ་གྱི་དོན་དམ་པའི་བསྟོད་པ། འཕགས་པ་འཇམ་དཔལ་གྱི་སྙིང་རྗེ་ལ་བསྟོད་པ། ཡང་གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ། ཡང་གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ། མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ། ཕྱག་འཚལ་བའི་བསྟོད་པ། དམྱལ་བ་ནས་འདོན་པའི་བསྟོད་པ་རྣམས་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པ། ལྷ་མོ་དམ་ཚིག་སྒྲོལ་མའི་བསྟོད་པ། སྒྲོལ་མ་ཕྲེང་བ་འཛིན་པའི་བསྟོད་པ་པཎིཌ་ཏ་ཆེན་པོ་ཐམས་ཅད་མཁྱེན་པ་བཤེས་གཉེན་གྱིས་མཛད་པ་སྔ་འགྱུར། མེ་ཏོག་ཕྲེང་འཛིན་གྱི་བསྟོད་པ་ཆེན་པོ་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་རྩེ་གཅིག་ཏུ་མཛད་པ། བོད་ཀྱི་ལོ་ཙྰ་བ་བ་ཚབས་ཉི་མ་གྲགས་ཀྱི་འགྱུར་ལ། སླད་ཀྱིས་ཆག་ལོ་ཙྰ་བ་དགེ་སློང་ཆོས་རྗེ་དཔལ་གྱིས་ཅུང་ཟད་བཅོས་པ། དཔལ་གསང་བ་འདུས་པའི་རྫོགས་རིམ་མཐར་ཕྱིན་པ་སློབ་དཔོན་ཨྰརྱ་དེ་བས་མཛད་ཟེར་བ།  འདུས་པའི་སྒྲུབ་པའི་ཐབས་རྣམ་པར་བཞག་པའི་རིམ་པ་ཞེས་བྱ་བ་གྲུབ་པའི་སློབ་དཔོན་ཀླུའི་བློས་ཞལ་སྔ་ནས་མཛད་པ། གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཉི་ཤུ་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཀླུའི་བྱང་ཆུབ་ཀྱིས་མཛད་པ། རིམ་པ་ལྔའི་ཁུངས་སུ་བསྡུས་པའི་མན་ངག་ཅེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་ཆེན་པོ་ཀླུའི་བློ་རིག་པ་འཛིན་པའི་དངོས་གྲུབ་བརྙེས་ནས་ད་དུང་དཔལ་གྱི་རི་ལ་བཞུགས་པའི་ཞལ་སྔ་ནས་ཀྱིས་མཛད་པ། འདི་ ནི་དཀོན་མཆོག་གསུམ་རྟེན་དཔལ་ཚངས་པ་འབྱུང་བའི་གཙུག་ལག་ཁང་དུ་བསྒྱུར་པ། རབ་གནས་ཀྱི་ཆོ་ག་མདོར་བསྡུས་པ་སློབ་དཔོན་དད་པའི་འབྱུང་གནས་གོ་ཆས་མཛད་པ། འཕགས་པ་རྨུགས་འཛིན་ལ་བསྟོད་པ་སློབ་དཔོན་ཆེན་པོ་བཙུན་པ་ཟླ་བས་མཛད་པ། བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་བའི་རྒྱ་ཆེར་འགྲེལ་བ་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་མཛད་པ། འདི་ནི་དཔལ་གྲོང་ཁྱེར་དཔེ་མེད་དབུས་རིན་ཆེན་སྦས་པའི་ཀུན་དགའ་ར་བར་བསྒྱུར་པ། རིགས་པ་དྲུག་ཅུ་བའི་ཚིག་ལེའུར་བྱས་པ་ཞེས་བྱ་བ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། སློབ་དཔོན་འཕགས་པ་ལྷས་མཛད་པའི་རྣལ་འབྱོར་སྤྱོད་་པ་བསྟན་བཅོས་བཞི་བརྒྱ་བ་ཞེས་བྱ་བའི་ཚིག་ལེའུར་བྱས་པ།   ཁ་ཆེིའི་གྲོང་ཁྱེར་དཔེ་མེད་ཀྱི་དབུས་རིན་ཆེན་སྦས་པའི་ཀུན་དགའ་ར་པར་བསྒྱུར་པ། དབུ་མ་རྩ་བའི་འགྲེལ་བ་ཚིག་གསལ་བ་ཞེས་བྱ་བ་སློབ་དཔོན་ཟླ་བ་གྲགས་པའི་ཐེག་པ་མཆོག་ལ་ཐུགས་གཞོལ་བ། མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེ་མངའ་བ། རི་མོར་བྲིས་པའི་བ་དྲུས་མ་ལས་འོ་མ་བཞོས་པས་བདེན་པར་བཞེད་པར་བཟློག་པར་མཛད་པས་སྦྱུར་བ། དབུ་མ་ལ་འཇུག་པའི་བཤད་པ་ཞེས་བྱ་བ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ། ཁ་ཆེིའི་ཡུལ་གྱི་གྲོང་ཁྱེར་དཔེ་མེད་ཀྱི་རིན་ཆེན་སྦས་པའི་གཙུག་ལག་ཁང་དུ་ཁ་ཆེའི་རྒྱལ་པོ་འཕགས་པ་ལྷའི་སྐུ་རིང་ལ་བོད་ཀྱི་ལོ་ཙྰ་བ་བ་ཚབ་ཉི་མ་གྲགས་ཀྱིས་ཁ་ཆེའི་དཔེ་དང་མཐུན་པར་བསྒྱུར་པ་ལ། ཕྱིས་ར་ས་ར་མོ་ཆེར་བོད་ཀྱི་ལོ་ཙྰ་བ་དེ་ཉིད་ཀྱི་ཉི་འོག་ཤར་ཕྱོགས་ཀྱི་དཔེ་དང་གཏུགས་ཤིང་ལེགས་པར་བཅོས་ཏེ་གཏན་ལ་ཕབ་པ། གཞུང་ཚད་ནི་བམ་པོ་བཅུ་གཅིག་དང་བམ་པོ་སུམ་གཉིས་སོ། ། མདོ་ཀུན་ལས་བཏུས་པ་ཆེན་པོ་ཞེས་བྱ་བ་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། འདི་ཉིད་སྐད་གཉིས་སྨྲ་བའི་དགེ་སློང་ཉི་མ་གྲགས་པ་དང་ཁུ་མདོ་སྡེ་འབར་གྱིས་བསྒྱུར། ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲངས་པ་ཞེས་བྱ་བ་སློབ་དཔོན་གང་པ་སྤེལ་ཞེས་པ་ཆོས་མངོན་པའི་གཞུང་ལུགས་གང་ཅན་མཚོའི་ཕ་རོལ་ཏུ་སོན་པས་མཛད་པ། འདི་ནི་གངས་རི་ཆེན་པོ་ཏི་སེ་དང་ཡིད་བཞིན་གྱི་མཚོའི་ལྷོ་ངོས། རི་བོ་ཆེན་པོ་སྤོས་ཀྱི་ངད་ལྡང་བའི་འདབ་ཡུལ་པུ་རངས་སུ་བསྒྱུར་བ། ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲངས་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་གང་བ་སྤེལ་ཆོས་མངོན་པའི་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན་པས་མཛད་པ། འཇིག་རྟེན་ཕ་རོལ་གྲུབ་པ་ཞེས་བྱ་བ་སློབ་དཔོན་ཆོས་མཆོག་གིས་མཛད་པ། འདི་ནི་གྲོང་ཁྱེར་ཆེན་པོ་དཔེ་མེད་ཀྱི་དབུས་རཏྣ་རསྨིའི་གཙུག་ལག་ཁང་དུ་བསྒྱུར་པ། །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号