འདི་ཉིད་ཀྱི་འགྱུར་ལ། མདོ་མང་སྐོར་ལས། མ་ག་ངྷྰ་བཟང་མོའི་རྟོགས་བརྗོད། ལི་ཙྰ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་། ལོ་ཙྰ་བ་རིན་ཆེན་བཟང་པོས་བཅོས་པ། འཕགས་མ་སྒྲོལ་མ་ཀུ་རུ་ཀུ་ལླེའི་རྟོགས་པ་ལེའུ་ལྔ། དཔལ་ཡེ་ཤེས་རྡོ་རྗེས་ཀུན་ལས་བཏུས་པ་རབ་བྱེད་བཞི་བཅུ་རྩ་གཅིག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོ་ཞེས་བྱ་བའི་རྒྱུད་ལེའུ་བཅོ་བརྒྱད་པ། སླར་ཡང་རྒྱ་གར་གྱི་པཎྡི་ཏ་བྰ་རོ་ཕྱག་རྡུམ་གྱི་ཞལ་ནས་དང་། ལོ་ཙྰ་བ་རྡོ་རྗེ་གྲགས་ཀྱིས་གཏན་ཕབ་པ། བྱ་རྒྱུད། རིགས་ཀྱི་གཙོ་བོའི་རྒྱུད་ནི་དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་རྒྱུད་ལེའུ་བཅུ་དགུ་བ། །
བསྟན་འགྱུར་ལས། བདུད་བཏུལ་བ་ལ་བསྟོད་པ་རལ་དགའི་ལྷའི་ཞལ་སྔ་ནས་མཛད་པ། ཆོས་དབྱིངས་བསྟོད་པ། དཔེ་མེད་པར་བསྟོད་པ། འཇིག་རྟེན་ལས་འདས་པར་བསྟོད་པ། སེམས་ཀྱི་རྡོ་རྗེའི་བསྟོད་པ། དོན་དམ་པར་བསྟོད་པ། སྐུ་གསུམ་ལ་བསྟོད་པ་རྣམས་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་གྱིས་མཛད་པ། སེམས་ཅན་མགུ་བར་བྱ་བའི་བསྟོད་པ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཚིགས་སུ་བཅད་པའི་སྒོ་ནས་བསྡུས་པ། དགེ་བ་རྡོ་རྗེའི་དཀའ་འགྲེལ་རྣམ་འབྱོར་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བརྟུལ་ཞུགས་སྤྱོད་པ་ནག་པོས་མཛད་པ། དགྱེས་པའི་རྡོ་རྗེའི་སྒྲུབ་ཐབས་དེ་ཁོ་ན་ཉིད་གསལ་བར་བྱེད་པ་ཞེས་བྱ་བ་སློབ་དཔོན་པཎྡི་ཏ་ནག་པོའི་ཞབས་ཀྱིས་མཛད་པ། དགྱེས་ པའི་རྡོ་རྗེའི་སྒྲུབ་ཐབས་དཔལ་རྣམ་འབྱོར་པ་ཡན་ལག་མེད་པའི་རྡོ་རྗེས་མཛད་པ། དཔལ་འཁོར་ལོ་སྡོམ་པའི་རིམ་པ་ལྔ་བ་སློབ་དཔོན་ཆེན་པོ་རྡོ་རྗེ་དྲིལ་བུ་པས་མཛད་པ། དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར་ལ། ཕྱིས་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བཅོས་པ་དཔལ་ཕམ་ཐིང་བའི་བརྒྱུད་པ་མ་ནོར་བའི་བཤད་པའོ། ། འདི་དག་ལ་དྲིལ་བུ་སྐོར་གསུམ་དུ་གྲགས་སོ། །དཔའ་བོ་གཅིག་པའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ཌོམྦི་ཧེ་རུ་ཀས་མཛད་པ། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་བཀྲ་ཤིས་ཚིགས་སུ་བཅད་པ་ཁ་ཆེའི་ཡུལ་དུ་བྱུང་ཞིང་དངོས་གྲུབ་བརྙེས་པའི་སློབ་དཔོན་རིན་ཆེན་རྡོ་རྗེས་མཛད་པ། ཞུ་ཆེན་གྱི་ཞོ་ཙྰ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། འདིའི་ཞུ་དག་དང་སྲུང་བའི་འཁོར་ལོའི་ཁ་སྐོང་རྣམས་འཕགས་པས་མཛད་དོ། ། ཝྰུ་ཡི་པས་མཛད་པའི་མངོན་པར་རྟོགས་པ་རྣམ་པར་འབྱེད་པ་ཞེས་བྱ་བ་མཁས་པ་ཆེན་པོ་དྰི་པཾ་ཀ་ར་ཤྲྰི་ཛྙྰ་ནས་མཛད་པ། སྤྱོད་པའི་གླུའི་འགྲེལ་བ་ཇོ་བོ་རྗེས་མཛད་པ། དཔའ་བོ་གཅིག་པའི་སྒྲུབ་ཐབས་ཞེས་བྱ་བ། རྡོ་རྗེ་གདན་གྱི་རྡོ་རྗེ་གདན་གྱི་གླུ། རྡོ་རྗེ་གདན་གྱི་རྡོ་རྗེའི་གླུའི་འགྲེལ་བ་རྣམས་མཁས་པ་ཆེན་པོན་དྰི་པཿ་ཀ་ར་ཤྲྰི་ཛྙྰ་ནས་མཛད་པ། སྒྲོལ་མ་དཀོན་མཆོག་གསུམ་ལ་བསྟོད་པ། འདི་ནི་བི་ཀྲ་མ་ཤྰི་ལའི་གཙུག་ལག་ཁང་དུ་བསྒྱུར། དེ་ཁོ་ན་ཉིད་ཀྱི་ཚིག་ལེའུར་བྱས་པའི་མན་ངག་གི་འགྲེལ་བ་མཁས་པ་ཆེན་པོ་སློབ་དཔོན་སུ་ཛ་ཡ་ཤྰི་ལའི་གཙུག་ལག་ཁང་དུ་བསྒྱུར། དེ་ཁོ་ན་ཉིད་ཀྱི་ཚིག་ལེའུར་བྱས་པའི་མན་ངག་གི་འགྲེལ་བ་མཁས་པ་ཆེན་པོ་སློབ་དཔོན་སུ་ཛ་ཡ་ཤྲྰི་བྷ་དྲའི་ཞལ་སྔ་ནས་ཀྱིས་མཛད་པ། ཞིང་གི་དབང་ཕྱུག་མའི་བསྟོད་པ་བློན་པོའི་རིགས་ཤིན་ཏུ་དགའ་བའི་པཎྡི་ཏས་མཛད་པ། སེམས་ལ་དམིགས་པའི་རིམ་པའི་དོན་འགྲེལ་སེམས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་ཆེན་པོ་ཨྰརྱ་དེ་བས་མཛད་པ། རིམ་ལྔའི་དཀའ་འགྲེལ་སློབ་དཔོན་ཆེན་མཁས་པ་ཆེན་པོ་དམ་ཚིག་རྡོ་རྗེས་མཛད་པ། གཤིན་རྗེ་གཤེད་དགྲ་ནག་གི་རྒྱུད་ལེའུ་བཅོ་བརྒྱད་པའི་འགྲེལ་བ་དཔལ་གཤིན་རྗེ་གཤེད་ཀྱི་རྒྱུད་དཀའ་འགྲེལ་ལྷན་ཅིག་སྐྱེས་པའི་སྣང་བ་་གྲུབ་པ་ཞེས་བྱ་བ་དང་། གཤིན་རྗེ་གཤེད་ནག་པོའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་སློབ་དཔོན་མཁས་པ་དཔལ་འཛིན་གྱིས་མཛད་པ། གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་བཞི་བརྒྱ་ལྔ་བཅུ་བ་ལས་བཏུས་པ་དགེ་སློང་བསོད་ནམས་སྙོམས་པ་ཀ་མ་ལ་རཀྵི་ཏ་ཞེས་བྱ་བས་བསྡུས་པ། རྒྱུད་མ་ལུས་པའི་དོན་ངེས་པར་སྐུལ་བར་བྱེད་པ་དཔལ་གསང་བ་གྲུབ་པ་ཞེས་བྱ་བ་ལྷ་དང་ལྷ་མ་ཡིན་ལ་སོགས་པ་མ་ལུས་པས་ཞབས་ཟུང་པདྨར་མེ་ཏོག་གི་ཕྲེང་བས་མཆོད་པ་གྲུབ་ཐོབ་ཆེན་པོ་པདྨ་བཛྲས་མཛད་པ། ལྟ་བ་དཔེས་སྟོན་པ་རྨི་ལམ་ངེས་པར་བསྟན་པ། སྤྱོད་པ་དཔེས་སྟོན་པ་སྒྱུ་མ་ངེས་པར་བསྟན་པ་ཞེས་བྱ་བ། ལྟ་བའི་དོན་ལ་འབབ་པས་རབ་ཏུ་མི་གནས་པར་གསལ་བར་སྟོན་པ་ཞེས་བྱ་བ་རྣམས་སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ། ཐབས་ཤེས་རབ་དབྱེར་མེད་དུ་སྟོན་པ་ཟུང་དུ་འཇུག་པ་རབ་ཏུ་གསལ་བར་སྟོན་པ་ཞེས་བྱ་བ་སློབ་དཔོན་ཨ་ཝ་ངྔྷུ་ཏྲིས་མཛད་པ། ཐེག་པ་ཐུན་མོང་གི་ལྟ་བ་སྟོན་པ་དེ་ཁོ་ན་ཉིད་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་སློབ་དཔོན་ཨ་བ་ངྔྷྰུ་ཏྲི་བ་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ། སྔགས་ཀྱི་ལྟ་བ་སྟོན་པ་དབུ་མ་དྲུག་སློབ་དཔོན་མཁས་པ་མེེ་ཏྲིས་མཛད་པ། སྤྱོད་པ་གཏན་ལ་འབེབས་པ་དེ་ཁོ་ན་ཉིད་བཅུ་བ་ཞེས་བྱ་བ་སློབ་དཔོན་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ། ཤེས་པ་སྤྲོ་བསྡུ་མེད་པར་འཇོག་པའི་མན་ངག་གསང་བ་དམ་པ་འདི་གཞན་རྣམ་གྲངས་སུ་མི་བགྲང་བར་སྣང་། དབང་གི་ཁྱད་པར་གཏན་ལ་འབེབས་པ་དབང་བསྐུར་བ་ངེས་པར་བསྟན་པ་ཞེས་བྱ་བ་སློབ་དཔོན་རྒྱལ་བ་མེེ་ཏྲི་པས་མཛད་པ། དེའི་རྗེས་སུ་འབྲངས་པ་བཀས་བསྐུར་བའི་ཆོས་བཞི་ལ། དབང་བསྐུར་བ་ངེས་པར་བསྟན་པའི་དཀའ་འགྲེལ་སློབ་དཔོན་དགའ་བ་སྐྱོང་གིས་མཛད་པ། དངོས་པོའི་གནས་ལུགས་བསྒོམ་པ་ཞེས་བྱ་བ་ནོར་བུ་གླིང་བའི་སློབ་དཔོན་བདེ་བའི་རྡོ་རྗེས་མཛད་པ། ཕྱག་རྒྱ་བཞིའི་མན་ངག་ཅེས་བྱ་བ་སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ། བསྒོམ་རིམ་དྲུག་པ་ཞེས་བྱ་བ་སངས་རྒྱས་གཉིས་པ་ལྟར་གྲགས་པའི་བཛྲ་པྰ་ཎིས་མཛད་པ། ཆོས་ཀྱི་དབྱངས་སུ་ལྟ་བའི་གླུ་སློབ་དཔོན་ཆེན་པོ་དྰ་པཿ་ཀ་རས་མཛད་པ། དབང་བསྐུར་བའི་ངེས་པ་བསྟན་པ་སློབ་དཔོན་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་རྒྱ་ཆེར་འགྲེལ་བ་སློབ་དཔོན་ཆེན་པོ་དཔལ་ལྕམ་པ་ཀྴྨྯིཀ་རས་མཛད་པ། རྡོ་རྗེ་ཐེག་པའི་རྩ་པའི་ལྟུང་བའི་རྒྱ་ཆེར་འགྲེལ་བ་སློབ་དཔོན་ཆེན་པོ་སྙིང་པོ་ཞབས་ཀྱིས་མཛད་པ་བྷ་ཝ་པའི་གདམས་ངག་མངོན་པར་བཀོད་པ། སློབ་དཔོན་རྒྱལ་བའི་ལྷས་མཛད་པའི་རྩ་བའི་ལྟུང་བའི་རྒྱ་ཆེར་འགྲེལ་བ་མཁས་པ་ཆེན་པོ་དྰི་པཿ་ཀ་ར་ཤྲྰི་ཛྙྰ་ནས་གསུངས་པ། གཙུག་ཏོར་དྲི་མེད་ཀྱི་གཟུངས་ལས་བྱུང་བའི་མཆོད་རྟེན་སྒྲུབ་པའི་ཆོ་ག་རྣལ་འབྱོར་ཀྱི་རྒྱུད་དང་བསྡེབས་ཏེ་སློབ་དཔོན་ཞི་བ་སྙིང་པོས་མཛད་པ། ལས་ཀྱི་སྒྲུབ་པ་ཐམས་ཅད་རྒྱུན་གཅོད་པར་བྱེད་པའི་གཟུངས་རྣལ་འབྱོར་རྒྱུད་དུ་དགོངས་པ་བཀྲལ་པ་མི་འཁྲུག་པའི་སྒྲུབ་ཐབས་ཞེས་བྱ་བ་རྒྱས་པ་དང་། མི་འཁྲུག་པའི་སྒྲུབ་ཐབས་བསྡུས་པ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། འཇམ་དཔལ་གཡོ་བའི་འཁོར་ལོའི་མན་ངག་ཁ་ཆེའི་པཎྡི་ཏ་ཤྰཀྱ་ཤྲྰི་བྷ་དྲས་མཛད་པ། ངག་གི་དབང་ཕྱུག་ལ་བུ་མོ་བརྒྱད་ཀྱིས་བསྟོད་པ། འཕགས་པ་འཇམ་དཔལ་ལ་ཁྱེའུ་བཅུ་དྲུག་གིས་བསྟོད་པ། འཕགས་པ་ངག་གི་དབང་ཕྱུག་གི་གཙོ་འཁོར་ལྔ་བའི་བསྟོད་པ་པཎྡི་ཏ་ཐུག་ལེ་བུམ་པས་མཛད་པ། གུར་གུམ་གཞོན་ནུ་ལྷ་བུའི་བསྟོད་པ་སློབ་དཔོན་སེང་གེ་མི་གཡོ་བས་མཛད་པ། དཔལ་ཕྱག་ན་རྡོ་རྗེ་གཏུམ་པོ་ཆེན་པོའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ་སློབ་དཔོན་བྲམ་ཟེ་ཉིན་མཛད་རྡོ་རྗེས་མཛད་པ། ཕྱག་ན་རྡོ་རྗེ་སྙིང་པོའི་མན་ངག་ཅེས་བྱ་བའི་སྒྲུབ་ཐབས་པཎྡི་ཏ་ཛྙྰ་ན་ཤྲྰིས་མཛད་པ། རིགས་སྔགས་གཏད་པའི་ཆོ་ག སྐུའི་རིགས་ཀྱི་ཁྲོ་བོ་གཤིན་རྗེ་གཤེད་པོ་སྒྲུབ་པའི་ཐབས། རིགས་སྔགས་ཁྲོ་བོ་གསུམ་ལ། སྐུའི་རིགས་ཀྱི་ཁྲོ་བོ་གཤིན་རྗེ་གཤེད་པོ་སྒྲུབ་པའི་ཐབས། ཁྲོ་བོའི་རྒྱལ་པོ་འཕགས་པ་མི་གཡོ་བ་ལ་བསྟོད་པ་དང་། ཡང་ཁྲོ་བོའི་རྒྱལ་པོ་འཕགས་པ་མ་གཡོ་བ་ལ་བསྟོད་པ་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། སྒྲོལ་མའི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་པ་ཞེས་བྱ་བ་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། ལོ་ཙྰ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། སླད་ཀྱིས་བོད་ཀྱི་ལོ་ཙྰ་བ་བློ་གྲོས་གྲགས་པས་བཅོས་པ། སྰཙྪ་ལྔ་གདབ་པའི་ཆོ་ག གཙུག་ཏོར་དྲི་མེད་ཀྱི་གཟུངས་ཆོག ཡང་གཙུག་ཏོར་དྲི་མེད་ཀྱི་གཟུངས་ཆོག་སློབ་དཔོན་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། གཙུག་ཏོར་ལ་སོགས་པ་གཟུངས་སྣ་ཚོགས་ཀྱི་སྐོར་ལ། འཕགས་པ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པའི་གཟུངས་བཀླག་ཅིང་མཆོད་རྟེན་བརྒྱ་རྩ་བརྒྱད་དམ་མཆོད་རྟེན་ལྔ་གདབ་པའི་ཆོ་ག་མདོ་སྡེ་ལས་བཏུས་པ་དང་། ཡང་འཕགས་པ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བའི་གཟུངས་བཀླག་ཅིང་མཆོད་རྟེན་བརྒྱ་རྩ་བརྒྱད་དམ་མཆོད་རྟེན་ལྔ་བ་གདབ་པའི་ཆོ་ག་མདོ་སྡེ་ལས་བཏུས་པ་སློབ་དཔོན་བོ་ངྷི་ས་ཏྭས་མཛད་པར་གྲགས་པ། 1/2 1 2 下一页 尾页 |