ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལོ་ཙྰ་བ་འབྲོག་མི་ཤྰཀྱ་ཡེ་ཤེས།
སྤེལ་དུས།04-29  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

      འདི་ཉིད་ཀྱི་འགྱུར་ལ། བཀའ་འགྱུར་ལས། བཤད་རྒྱུད་ཐུན་མོང་བ་དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཆེན་པོ་བརྟག་པ་བཅུ་བ། བརྟག་པ་རེ་རེ་ལ་རབ་བྱེད་བཞི་བཞི་ཡོད་པ། དེའི་རྒྱུད་ཕྱི་མ་དང་བཅས་པ། ལོ་ཙྰ་བ་ཤྰཀྱ་ཡེ་ཤེས་ཀྱི་འགྱུར་ཏེ་དེའི་རྩ་རྒྱུད་རྒྱས་པ་སུམ་ཅུ་རྩ་དྲུག་ཡོད་པར་ཨིནྡྲ་བྷུ་ཏིའི་འགྲེལ་བ་ལས་བྱུང་ཞིང་། རྩ་རྒྱུད་བསྡུས་པ་འདི་ལ་ཤློོ་ཀ་ཉིས་སྟོང་བརྒྱ་བདུན་ཅུ་དོན་ལྔ། རྒྱུད་ཕྱི་མ་དྲུག་བརྒྱ་ཉི་ཤུ་རྩ་བརྒྱད་དང་རྐང་བ་གཉིས་ཡོད་པར་བཤད་དོ། ། དཔལ་གསང་བ་རྡོ་རྗེའི་རྒྱུད་ལེའུ་བཞི་བ། དཔལ་གསང་བ་ཐམས་ཅད་གཅོད་པའི་རྒྱུད་ཀྱི་རྒྱལ་པོ། དཔལ་འཁོར་ལོ་སྡོམ་པ་གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ཀྱི་རྒྱལ་པོ། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་རྒྱལ་བོ། དཔལ་ནམ་མཁའ་དང་མཉམ་པ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ། དཔལ་སྐུ་གསུང་ཐུགས་ཀྱི་རྒྱུད་ནམ་མཁའ་འགྲོ་མ་དྲ་བའི་སྡོམ་པ་རྣམས། དཔལ་རིན་ཆེན་ཕྲེང་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་སྟོབས་པོ་ཆེའི་རྒྱུད་ཀྱི་རྒྱལ་པོ་ལེའུ་བཞི་བ། དཔལ་ཡེ་ཤེས་གསང་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་ཡེ་ཤེས་ཕྲེང་བའི་རྒྱུད་ཀྱི་རྒྱལ་བོ། དཔལ་ཡེ་ཤེས་འབར་བའི་རྒྱུད་ཀྱི་རྒྱལ་བོ། དཔལ་རིན་ཆེན་འབར་བའི་རྒྱུད་ཀྱི་རྒྱལ་བོ། རྣལ་འབྱོར་མ་ཟླ་བའི་ཕྲེང་བ་དང་། དཔལ་རྡོ་རྗེ་མཁའ་འགྲོ་གསང་བའི་རྒྱུད་ཀྱི་རྒྱལ་བོ། དཔལ་གསང་བ་མེ་འབར་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་དུར་ཁྲོད་རྒྱན་གྱི་རྒྱུད་ཀྱི་རྒྱལ་པོ།   དཔལ་རྡོ་རྗེ་རྒྱལ་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ། དཔལ་ཡེ་ཤེས་བསམ་པའི་རྒྱུད་ཀྱི་རྒྱལ་པོ། དཔལ་ཆགས་པའི་རྒྱུད་ཀྱི་རྒྱལ་བོ། དཔལ་མེའི་ཕྲེང་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་མཁའ་འགྲོ་མ་གསང་བ་འབར་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་རྡོ་རྗེ་འཇིགས་བྱེད་རྣམ་པར་འཇོམས་པའི་རྒྱུད་ཀྱི་རྒྱལ་པོ། དཔལ་གསང་བ་བདུད་རྩིའི་རྒྱུད་ཀྱི་རྒྱལ་པོ། དཔལ་སྟོབས་ཆེན་ཡེ་ཤེས་རྒྱལ་པོའི་རྒྱུད་ཀྱི་རྒྱལ་པོ། དཔལ་རྡོ་རྗེ་གྲུབ་པ་དྲ་བ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་ལེའུ་གསུམ་པ། དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་དུར་ཁྲོད་ཀྱི་རྒྱན་རྨད་དུ་བྱུང་བ། རྒྱུད་ཀྱི་རྒྱལ་པོ་རྟོག་པ་མེད་པ། རྡོ་རྗེ་ཨྰ་ལིའི་རྒྱུད་ཀྱི་རྒྱལ་པོ་ལེའུ་དགུ་བ། རི་གི་ཨྰ་ར་ལིའི་རྒྱུད་ཀྱི་རྒྱལ་པོ་ལེའུ་ལྔ་བ། རྣམ་སྣང་གི་རིགས་ཀྱི་རྒྱུད་ལ་གདན་གཞི་རྩ་བའི་རྒྱུད་རྒྱས་པ་སྟོང་ཕྲག་སུམ་ཅུ་རྩ་གཉིས་པ་ལས་བསྡུས་པའི་དཔལ་གདན་བཞི་བ་ཞེས་བྱ་བའི་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་གསེར་གྱི་ཆར་བར་གྲགས་པ་གདན་བཞི་བོ་རེ་རེར་རབ་བྱེད་བཞི་བཞི་ཡོད་པས་རབ་བྱེད་བཅུ་དྲུག་པ་དང་། དེའི་བཤད་པའི་རྒྱུད་སྔགས་ཀྱི་ཆ་ཞེས་བྱ་བ་ལེའུ་བརྒྱད་པ། བྱ་རྒྱུད། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོའི་གཟུངས་ཕན་ཡོན་དང་བཅས་པ།

   བསྟན་འགྱུར་ལས། ཀྱེ་རྡོ་རྗེའི་འགྲེལ་བ་ཀོོ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་སློབ་དཔོན་མཁས་པ་དཔལ་སྦྱངས་དཀའ་ཟླ་བས་མཛད་པ། གླུའི་དེ་ཁོ་ན་ཉིད་ཅེས་བྱ་བ་རྡོ་རྗེ་གླུའི་འགྲེལ་བ་སློབ་དཔོན་མཁས་ཁ་ཆེན་པོ་མཚོ་སྐྱེས་རྡོ་རྗེས་མཛད་པ། མངོན་པར་རྟོགས་པའི་རིམ་པ་ཞེས་བྱ་བ། ཞར་བྱུང་དབྱུ་གུ་དྲུག་ཅུ་རྩ་བཞིའི་བཤད་པ། ཀྱེའི་རྡོ་རྗེའི་དེ་ཁོ་ན་ཉིད་རྣམ་པར་ཕྱེ་བ་དང་། ཀྱེའི་རྡོ་རྗེའི་བཤད་པའི་རྒྱུད་ཁ་སྦྱོར་དང་། རྡོ་རྗེ་མཁའ་འགྲོ་ལས་རྩ་བའི་སྐབས་བཤད་པ། འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་བརྟག་པ་དང་པོའི་རྒྱལ་པོའི་བཤད་སྦྱར་སློབ་དཔོན་ཆེན་ནོ་ནག་པོ་ཞབས་ཀྱིས་མཛད་པ། དུར་ཁྲོད་བརྒྱད་ཅེས་བྱ་བ། ཡང་དུར་ཁྲོད་བརྒྱད་ཅེས་བྱ་བ་གཉིས། མཛད་པ་པོ་མི་གསལ། དཔལ་ཀྱེ་རྡོ་རྗེའི་མར་མེའི་རྩེ་མོ་ལྟ་བུའི་གདམས་པ་ཞེས་བྱ་བ་མཚོ་སྐྱེས་རྡོ་རྗེས་མཛད་པ།   དཔལ་ཀྱེའི་རྡོ་རྗེའི་ངྷ་ཌྡྰ་ར་གའི་བསྟོད་པ་ཞེས་བྱ་བ་དངོས་གྲུབ་ཆེན་བརྙེས་པའི་སློབ་དཔོན་ཆེན་པོ་མཚོ་སྐྱེས་རྡོ་རྗེས་མཛད་པ་དང་། དཔལ་དཔའ་བོ་གཅིག་པ་ཞེས་བྱ་བའི་སྒྲུབ་ཐབས་སློབ་དཔོན་རྡོ་རྗེས་དྲིལ་བུས་མཛད་པ། དཔལ་ཀྱེ་རྡོ་རྗེ་ཕྱག་གཉིས་པའི་སྒྲུབ་ཐབས་སློབ་དཔོན་བཛྲ་ཨ་ལ་ལས་མཛད་པ། ཀྱེའི་རྡོ་རྗེ་དྲན་པ་གཅིག་པ་སློབ་དཔོན་གརྦྷ་རི་བས་མཛད་པ། ཀྱེ་རྡོ་རྗེ་སྒྲུབ་པའི་ཐབས་ཡན་ལག་དྲུག་པ་ཞེས་བྱ་བ་སློབ་དཔོན་མི་ཐུབ་ཟླ་བས་མཛད་པ། དཀྱིལ་འཁོར་གྱི་ཆོ་གའི་སྒྲུབ་ཐབས་བཟང་པོ་ཡོངས་སུ་བཟུང་བ་ཞེས་བྱ་བ་མཁས་པ་ཆེན་པོ་ཐུབ་དཀའ་ཟླ་བས་མཛད་པ་དང་། འབྱུང་པོ་ཐམས་ཅད་པའི་གཏོར་མ་སློབ་དཔོན་མི་ཐུབ་ཟླ་བས་མཛད་པ། རིན་ཆེན་འབར་བ་ཞེས་བྱ་བའི་སྒྲུབ་ཐབས་སློབ་དཔོན་མཁས་པ་ཆེན་པོ་པྲཛྙྰ་ཨིནྡྲ་རུ་ཙིས་མཛད་པ། ཀྱེའི་རྡོ་རྗེ་དཀྱིལ་འཁོར་གྱི་ལས་ཀྱི་རིམ་པའི་ཆོ་ག་སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པ། བདག་མེད་རྣལ་འབྱོར་མའི་སྒྲུབ་ཐབས་བདུད་རྩི་འོད་ཀྱི་སྒྲུབ་ཐབས་སློབ་དཔོན་ཌོམྦི་ཧེ་རུ་ཀས་མཛད་པ་དང་། བདག་མེད་མ་ཞེས་བྱ་བའི་སྒྲུབ་པའི་ཐབས་མཁས་པ་ཆེན་པོ་དཔལ་མི་ཐུབ་ཟླ་བས་མཛད་པ། བདག་མེད་མའི་སྒྲུབ་ཐབས་རྒྱས་པར་བསྟན་པ་ཞེས་བྱ་བ་དཔལ་དཀོན་མཆོག་འབྱུང་གནས་ཀྱིས་མཛད་པ། བདག་མེད་མ་དཔའ་བོ་གཅིག་མའི་སྒྲུབ་ཐབས་བསྐྱེད་པ་དང་རྫོགས་པར་ལྡན་པ་ཞེས་བྱ་བ་སློབ་དཔོན་བསོད་སྙོམས་པ་སྒྲ་གཅན་འཛིན་གྱིས་མཛད་པ། གསང་བ་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོའི་འགྲེལ་བ་བླ་མ་ཌོམྦི་ཧེ་རུ་ཀ་ཞེས་བྱ་བ་བརྟུལ་ཞུགས་བརྙེས་པས་མཛད་པ། དཔལ་བདེ་མཆོག་འཁོར་ལོའི་མངོན་པར་རྟོགས་པའི་དཀའ་འགྲེལ་སློབ་དཔོན་བྰི་ར་བཛྲས་མཛད་པ། དཔལ་བདེ་མཆོག་འཁོར་ལོའི་ཆོ་ག་ཡིད་འོང་ཕྲེང་བ་ཞེས་བྱ་བ་དང་། མཉེས་པའི་སྙིང་པོ་ཞེས་བྱ་བ་སློབ་དཔོན་ཀྴྰནྟི་དཔའ་བོ་རྡོ་རྗེས་མཛད་པ། ཡེ་ཤེས་འབྱུང་བ་མན་ངག་ཅེས་བྱ་བ་ཀ་ཡྰ་སྠ་པ་ག་ཡ་ངྷ་རས་མཛད་པ། ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་ཞེས་བྱ་བ་སློབ་དཔོན་སྐལ་བ་བཟང་པོའི་རྡོ་རྗེས་མཛད་པ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号