ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །སྐད་ཡིག་ཚན་ཁག་གི་ངོ་བོ་དང་དམིགས་ཡུལ།
སྤེལ་དུས།05-02  ཡོང་ཁུངས།  རྩོམ་པ་པོ།
ང་ཚོས་ཐོག་ནར་གསལ་བོ་ཞིག་ཤེས་པ་ནི།   རྒྱལ་ཁབ་མི་འདྲ་བའི་སྐད་ཡིག་སློབ་འཁྲིད་ལ་སྲོལ་རྒྱུན་མི་འདྲ་བ་དང་སྣང་ཚུལ་ལ་ཁྱད་པར་ལྡན་པས་ཚན་ཁག་བཙུགས་པའང་གཅིག་མཚུངས་མིན་པ།   རྒྱལ་ཁབ་ལ་ལས་སློབ་འབྲིང་སྐབས་སུ་སྐད་བརྡ་དང་རྩོམ་རིག་སློབ་ཚན་བཞག་ཡོད། རང་རེ་ཅག་གིས་ལོ་རབས་བརྒྱད་བཅུ་བའི་སྐབས་ནས་སློབ་གྲྭ་ལ་ལར་བརྡ་སྤྲོད་དང་རྩོམ་རིག་གཉིས་སོ་སོར་ཕྲལ་ཏེ་ཁྲིད་མྱོང་ཡང་། མི་འགྱངས་བར་ཡང་བསྐྱརསྣ་འཛོམས་རིག་པར་བསྒྱུར་ཏེ། རྩོམ་རིག་ཁྲིད་པའི་ཐབས་བཀོད་ལག་བསྟར་བྱས། དེས་སྐད་བརྡ་དང་རྩོམ་རིག་སོ་སོར་གནས་ཆོག་ལ་གཅི་བསྡུས་ཀྱང་བྱས་ཆོག་པར་མཚོན་ཞིང་། རིགས་མི་གཅིག་ཀྱང་འབྲེལ་བ་དམ་པ་ཡིན།   དེ་ལྟར་སྐད་ཡིག་སློབ་འཁྲིད་ཀྱི་བྱ་རིམ་ཧྲིལ་བོའི་ཁྲོད་དུ་སྐད་བརྡ་དང་རྩོམ་རིག་འབྲེལ་བར་ཞིབ་འཇུག་གལ་ཆེན་བྱ་དགོས་པའི་གནད་དོན་གནས་པ་རེད།   དེ་ནི་ང་ཚོའི་སྐད་ཡིག་གི་ལྟ་ཚུལ་དང་སྐད་ཡིག་སློབ་གསོའི་ལྟ་ཚུལ་གྱི་གནད་དོན་དང་འབྲེལ་བ་རེད།    དོན་དངོས་སུ་སྒྲ་དོན་གྱི་འབྲེལ་བ་དང་གཅིག་མཚུངས་རེད།   དོན་གྱིས་ཚིག་འབྲུ་འདྲེན་པའི་རྐྱེན་གྱིས་ཆབ་སྲིད་སློབ་ཚན་བཞིན་བྱེད་མི་རུང་ལ།   སླར་ཡང་རྩོམ་རིག་གིས་སྐད་བརྡ་འདྲེན་པའི་ཕྱིར་རྩོམ་རིག་སློབ་ཚན་བཞིན་ཡང་བྱ་མི་རུང་།   སྐད་བརྡ་རིག་པ་གྲགས་ཅན་ལོའུ་ཧྲུའུ་ཞང་གིས་སྒྲ་དོན་གཉིས་ཀྱི་འབྲེལ་བ་ནི་གནད་དོན་སྙིང་བ་ཞིག་ཡིན་པར་མ་ཟད།   རྩོད་གླེང་ཆེ་བའི་གནད་དོན་ཞིག་ཡིན།   ངས་བལྟས་ན།   སྒྲ་དོན་གཉིས་ཁོ་ནའི་ལྟ་ཚུལ་ཙམ་ཞིག་མ་རེད། ལྟ་ཚུལ་གསུམ་འཛིན་དགོས་ཏེ། སྐད་བརྡ། རྩོམ་རིག   ཆབ་སྲིད་བཅས་མ་ཡིན་ནམ།   སྒྲ་དོན་གྱི་ལྟ་ཚུལ་དེང་ཚོའི་རེ་བར་གཅིག་བསྡུད་བྱ་དགོས། དེ་ན་སྐད་བརྡ་དང་རྩོམ་རིག་ལ་ལྟ་ཚུལ་ག་འདྲ་ཞིག་འཛིན་རྒྱུ་ནི་ང་ཚོས་དེིའི་བར་ལ་ལྟ་རྟོག་གི་རེ་བ་འཛིན་དགོས།  
    དེས་ན།   ང་ཚོས་ཐོག་མར་རྩོམ་རིག་སློབ་འཁྲིད་ཀྱི་གོ་གནས་དང་རེ་བ་ལ་དཔྱད་བསྡུར་བྱ་དགོས། རྩོམ་རིག་སློབ་འཁྲིད་ནི། སྐད་ཡིག་སློབ་འཁྲིད་ཀྱི་གྲུབ་ཆའི་ཕྱོགས་ཤིག་ཡིན་པ་མ་ཟད་དེར་འཕེལ་ཕྱོགས་ཤུགས་དྲག་ཅིག་ལྡན་པ་རེད།
    སློབ་མས་རྩོམ་རིག་ལ་སྦྱོང་སྐབས།    སློབ་གྲྭའི་རྩོམ་རིག་སློབ་གསོ་ཁོ་ནས་ཚོད་འཛིན་བྱ་མི་རུང་ཞིང་། ཁོ་ཚོར་སློབ་གསེང་སྐབས་སུ་རྩོམ་རིག་བརྩམས་ཆོས་ལ་ལྟ་ཀློག་བྱེད་དུ་འཇུག་ཆོག་ལ།   རླུང་འཕྲིན་ལས་རྩོམ་རིག་བརྩམས་ཆོས་གྱེར་འདོན་དང་སྒྲ་འབེབ་ལ་སོགས་པར་ཉན་པར་བྱ་ཆོག    རྩོམ་རིག་གསར་སྐྲུན་གྱི་ཟློས་གར་འཁྲབ་སྟོན་བྱེད་པར་ལྟ་ཆོག་ལ།   བརྙན་གཟུགས། གློག་བརྙན་ཁྲོད་ཀྱི་རྩོམ་རིག་གི་ནུས་ཤུགས་ལྡན་པ་རྣམས་ལས་ཚོར་བ་བསྐྱེད་ཆོག   ཡིན་ནའང་། འདི་རྣམས་སློབ་གྲྭའི་རྩོམ་རིག་སློབ་གསོའི་རྨང་གཞིར་བྱ་དགོས། སློབ་གྲྭས་རྩོམ་རིག་སློབ་གསོར་འཆར་གཞི་ལྡན་པ་དང་དམིགས་ཡུལ་ཡོད་པའི་སྒོ་ནས་བཀོད་བསྒྲིག་བྱ་དགོས་པ་དེ། སྤྱི་ཚོགས་ཐོག་གི་རང་དབང་ཅན་གྱི་ལྟ་ཀློག་དང་མི་མཚུངས་ཤིང་།   རང་སྒེར་གྱིས་འདེམ་བཀོད་དང་། ཡང་ན། གང་མོས་ཀྱིས་བསྒྱུར་བར་བྱ་མི་རུང་བར་གཟབ་ནན་གྱི་ལྟ་ཀློག་སྦྱོང་བརྡར་བརྒྱུད་དགོས་པ་ཡིན། དེས་སློབ་གྲྭའི་རྩོམ་རིག་སློབ་གསོ་དེ་ངེས་པར་དུ་སྐད་ཡིག་སློབ་འཁྲིད་ཀྱི་ཐད་ཀའི་དམིགས་ཡུལ་འགྲུབ་ཆེད་དང་། ཡང་ན། ངེས་པར་དུ་མ་འོངས་པའི་རྩོམ་རིག་བྱ་འགུལ་གྱི་རྨང་གཞི་ཆགས་སུ་འཇུག་རྒྱུ་དེ་ཡིན།
      སེམས་ཁམས་རིག་པའི་མཁས་པ་འགའི་ཞིབ་འཇུག་གི་འབྲས་བུར་བལྟས་ན།   བྱིས་པ་དང་ན་གཞོན་རྣམས་ཀྱིས་དཔེ་ཆ་ཀློག་འདོན་བྱེད་པའི་འདུན་པའི་འགྱུར་པ་ནི་ལོ་དྲུག་ནས་བརྒྱད་ཅན་རྣམས་ཕལ་ཆེར་གནའ་གཏམ་དང་གཏམ་རྒྱུད་ལ་དགའ་ཞིང་།   བརྒྱད་ནས་བཅུའི་བར་ཅན་རྣམས་བྱིས་སྒྲུང་དང་ངག་རྒྱུན་ལ་དགའ་བ། དགུ་ནས་བཅུ་གཉིས་ཅན་རྣམས་ལོ་རྒྱུས་གཏམ་རྒྱུད་དང་རྣམ་ཐར་ཀློག་འདོན་ལ་དགའ་བ། བཅུ་གཉིས་བཅུ་གསུམ་རྗེས་སུ་རྩོམ་རིག་བརྩམས་ཆོས་དངོས་མར་ཀློག་འདོན་བྱེད་པར་དགའ་བ་རེད། དེ་ཡང་།   སློབ་མ་རྣམས་སློབ་འབྲིང་དུ་སླེབས་ཚེ།   ལྷ་སྒྲུང་དང་བྱིས་སྒྲུང་།   གཏམ་རྒྱུད་བཅས་གུ་དོག་པའི་ཁོངས་ནས་རྒྱ་ཆེ་ཞིང་ཡངས་པའི་རྩོམ་རིག་ལྟ་ཀློག་བྱེད་པའི་ཞིང་ཁམས་སུ་བགྲོད་པ་རེད་ཅེས་བཤད་ཆོག་པ་རེད།   དེས་ང་ཚོར་སློབ་འབྲིང་སྐབས་ཀྱི་སློབ་མའི་ཁྱད་ཆོས་ལ་དམིགས་ཏེ་གྲངས་ཚད་དང་སྣ་རིགས་ངེས་ཅན་ཞིག་གི་རྩོམ་རིག་བརྩམས་ཆོས་ཀུན་འདེམས་བསྒྲིགས་བྱས་ཏེ། ཁོ་ཚོའི་ལྟ་ཀློག་གི་འདུན་པ་དང་ནུས་པར་འཚམ་པའི་སྒོ་ནས་རྩོམ་རིག་སློབ་གསོར་ཕན་འབྲས་ཐོབ་པར་བྱ་དགོས་པའི་རེ་བ་བཏོན་པ་རེད།
       རྩོམ་རིག་སློབ་འཁྲིད་ཀྱི་དམིགས་ཡུལ་དུ་སླེབས་ཆེད།   གཤམ་དུ་གཞི་རྩའི་རེ་བ་འགའ་འདོན་རྒྱུ།
 ༡ སློབ་མ་རྣམས་ལ་ཤེས་རྟོགས་དང་བརྩེ་དུང་གི་ཕྱོགས་གཉིས་ཀྱི་སློབ་གསོ་ཐོབ་དུ་འཇུག་དགོས། སློབ་མའི་རྣམ་པར་དཔྱོད་པའི་བློ་གྲོས་གསལ་བོ་འཛིན་དགོས་ལ། ཕྱོགས་དེར་ཞུགས་སུའང་འཇུག་དགོས་ཕྱིར།   དགེ་རྒན་གྱིས་ཕྱོགས་གཅིག་ནས་ཚད་འདས་ཀྱིས་སྒྲོ་འདོགས་བྱེད་པ་འགོག་དགོས་ལ།   ཕྱོགས་གཅིག་ནས་ཞེན་མེད་ཞེ་ལྷོད་ཀྱི་བྱ་བ་གཡོལ་ཏེ།   རྣམ་དཔྱོད་དང་འདུན་པའི་ཆ་རྐྱེན་གཉིས་ཞིག་བྱ་དགོས།   དེ་ནི། རྩོམ་རིག་བརྩམས་ཆོས་འཁྲིད་པར་ལྦན་དགོས་པའི་རེ་བ་དང་པོ་ཡིན།
     ༢ རྩོམ་རིག་བརྩམས་ཆོས་སློབ་འཁྲིད་བྱེད་སྐབས་སུ་ངེས་པར་དུ། ཧྲིལ་བོ་ནས་ཕྱོགས་རེ་པའི་བར་སློབ་མར་གཟུགས་བརྙན་ལ་ཤེས་རྟོགས་ཕུན་སུམ་ཚོགས་པར་བྱ་དགོས་པ། དེའི་ཕྱོགས་ནས་འབྱིན་སྒྲུབ་རྩོམ་ཡིག་ཁྲིད་པ་དང་མི་འདྲ་ལ། གསལ་བཤད་རྩོམ་ཡིག་ལའང་མི་འདྲའོ། ། ཕྱི་མ་གཉིས་ནི་ཕྱོགས་རེ་བ་ནས་ཧྲིལ་བོར་ཁྲིད་ཆོག་ལ། རེ་རེ་ནས་ཤེས་རྟོགས་བྱས་ཆོག་པས། མཚམས་པ་སོ་སོ་བ་ཚང་མར་ནང་དོན་ཕུན་སུམ་ཚོགས་པ་ཞིག་ལྡན་སྲིད།   རྩོམ་རིག་བརྩམས་ཆོས་དེ་ལས་ལྡོག་སྟེ།   རྩོམ་ཧྲིལ་བོ་ལས་བྲལ་མི་ཐུབ་སྟེ། ཕྱོགས་སོ་སོ་བ་དང་ཕྱེད་ཀས་དོན་རྟོགས་མི་ཐུབ་པ་རེད། དེའི་ཕྱིར་ཧྲིལ་བོ་ནས་ཕྱོགས་རེ་རེའི་བར་གོ་འོས་ལ་ཕྱོགས་ཤས་ནས་ཧྲིལ་བོ་བརྒྱུད་དགོས། སྐབས་འགར་ཁག་འགར་བགོས་ཏེ། སློབ་མར་ལྟ་ཀློག་བྱེད་དུ་འཇུག་པ་དེ་ཡང་སྟབས་བདེར་ཡོང་བ་ཁོ་ན་ལས། དམིགས་གཏད་ས་གང་ལྟར་ཧྲིལ་བོའི་སྟེང་དུ་འཇོག་དགོས། དེའི་སྟབས། རྩོམ་རིག་བརྩམས་ཆོས་སློབ་འཁྲིད་བྱེད་པའི་རྩ་བའི་རེ་བ་གཉིས་པ་ནི། སློབ་མའི་སེམས་ཤིགས་གཙོ་བོ་རྩོམ་རིག་ཧྲིལ་བོའི་ཤེས་རྟོགས་དང་ཚོར་མྱོང་ཕྱོགས་སུ་འཁྲིད་དགོས་པ་དེ་ཡིན།
༣ ཁྱད་པར་དུ། སྐད་བརྡ་སློབ་འཁྲིད་ལ་ཡིད་འཇོག་བྱ་དགོས།   རྩོམ་རིག་བརྩམས་ཆོས་ཀྱིས་སློབ་མ་རྣམས་ལ་སྐད་བརྡ་ཕུན་སུམ་ཚོགས་པ་ཞིག་འདོན་སྤྲོད་བྱས་ཏེ། སྐད་བརྡ་སློབ་འཁྲིད་ལ་གྲུབ་འབྲས་བླ་ལྷག་ཅིག་ཐོབ་དུ་འཇུག་དགོས། ཚིག་རྒཡན་བཀོད་ཐབས་ཀྱི་ཚིག་འབྲུ་སྟེ། དཔེར་ན། ཚིག་གི་རྒྱན་དང་དཔེ། དོན་འདྲ་ཡང་བརྩེ་སེམས་མཚོན་ཐབས་མི་འདྲ་བའི་ཚིག་འབྲུ་ལ་སོགས་པ་སློབ་མར་རྩོམ་པ་པོའི་ཡང་དག་དང་གསོན་ཉམས་ལྡན་པའི་སྒོ་ནས་ཚིག་འབྲུ་དེ་དག་གིས་བསམ་བློ་མཚོན་པའི་ནུས་པ་དང་དེའི་མཛེས་སྡུག་གི་ནུས་པ་བཀོད་ཚུལ་ཤེས་རྟོགས་ཡོང་བ་བྱ་དགོས།
    ༤ སློབ་འཁྲིད་བྱེད་ཐབས་ལ་གྱརེ་འདོན་དང་ཁ་བྱང་སྦྱོང་བར་བྱེད་པ་གཉིས་ལ་ཡིད་འཇོག་བྱ་དགོས། གྱེར་འདོན་ལ་བརྩམས་ཆོས་ནང་དོན་དང་ཚིག་འབྲུའི་རྣམ་པ་མི་འདྲ་ཕྱིན། སྒྲོགས་འདོན་དང་ཀློག་འདོན་གྱི་རྣམ་པགང་རུང་ཞིག་སྤྱད་དགོས།
   འདིར་སླར་ཡང་། རྩོམ་རིག་དང་སྐད་བརྡའི་འབྲེལ་བར་དཔྱད་བསྡུར་ཞིག་བྱ་རྒྱུ་ལ།   རྩོམ་རིག་སློབ་གསོ་ལ་རྩོམ་རིག་དང་སྐད་བརྡའི་འབྲེལ་བ་འགའ་ཞིག་ལྡན་པར་མ་ཟད།   ད་དུང་རྩོམ་རིག་དང་སློབ་གསོ། རྩོམ་རིག་དང་འཚོ་བ། རྩོམ་རིག་དང་སྤྱི་ཚོགས། རྩོམ་རིག་དང་སྒྱུ་རྩལ་བཅས་འཛོམས་པ་ནས་རྩོམ་རིག་དང་ཚན་རིག་འབྲེལ་བའི་བར་ཐུག་པ་ཞིག་རེད། ཡིན་ནའང་། སྐད་ཡིག་སློབ་འཁྲིད་ཀྱི་ཁྲོད་དུ་གནད་དོན་འབྱུང་སླ་ལ་སྐྱར་མར་ཞིབ་འཇུག་བྱ་དགོས་པ་ནི་རྩོམ་རིག་དང་སྐད་བརྡའི་འབྲེལ་བ་རེད།
     རྩོམ་རིག་སློབ་འཁྲིད་ནི། སྔར་ནས་སྐད་བརྡ་སློབ་འཁྲིད་རྨང་གཞི་བརྒྱུད་ནས་སྐད་བརྡ་སློབ་འཁྲིད་ཀྱི་དམིགས་ཡུལ་འགྲུབ་པ་གཙོ་བོའི་གོ་གནས་སུ་འཇོག་དགོས། རྩོམ་རིག་སློབ་འཁྲིད་ལ་སྐད་བརྡ་སྦྱོང་བརྡར་རྨང་གཞི་ལག་བསྟར་བྱ་མི་དགོས་པ་མ་ཡིན་པར། དེ་ལས་ལྷག་པར་སྐད་བརྡ་སྦྱོང་བརྡར་བྱེད་པ་ནི། ཡུན་རིང་ཞིང་དཀའ་ཚེགས་ཆེ་བའི་འགན་ཁུར་ཞིག་ཡིན། རྩོམ་རིག་སློབ་འཁྲིད་བྱེད་ན་ངེས་པར་དུ་འགན་དེ་བཞེས་དགོས།   རྩོམ་རིག་སློབ་འཁྲིད་ལ་གལ་ཏེ་སྐད་བརྡ་སྦྱོང་བརྡར་བྱེད་རྒྱུ་དང་བྲལ་ཚེ། སྐད་བརྡ་སློབ་འཁྲིད་བྱེད་པའི་ཡོངས་ཁྱབ་རང་བཞིན་ལྡན་པའི་རེ་བ་ཚིམ་མི་ཐུབ་ལ། རྩོམ་རིག་ཤེས་བྱ་དང་རྩོམ་རིག་རོལ་མྱོང་གི་སློབ་གསོ་ཕྱོགས་གཙོ་བོར་བྱས་ཏེ་སྐད་བརྡ་སློབ་གསོའི་རེ་བ་སྣང་མེད་དུ་འཆོར་ན། དེ་ནི་རྩོམ་རིག་སློབ་ཐུན་ཁོ་ན་ཞིག་ཏུ་འགྱུར་འགྲོ་བ་རེད། ངས་བལྟས་ན། འབྲིང་རིམ་སློབ་མ་ཞིག་གིས་རྗེ་པོ་ཏོ་བ་དང་ས་པན་གཉིས་མི་ཤེས་པ་དང་<<བྱ་སྤྲེལ་གཏམ་རྒྱུད>>་དང་<<གེ་སར་རྒྱལ་བོའི་སྒྲུང>>་གཉིས་ལ་ལྟ་ཀློག་མ་བྱས་ཚེ་ཞན་ཆ་ཆེ་བ་སྨྲས་མ་དགོས། ཡིན་ནའང་ཉིན་རྒྱུན་ཁ་སྐད་དང་དཔེ་བརྡ་གཉིས་ཀྱི་སྦྱོང་བརྡར་མི་ལྡང་བ་དང་བསྡུར་ན་རྗེས་མར་འབྱུང་བའི་གནད་དོན་ལྷག་ཏུ་ཆེ་བ་ཡིན།   སྐད་བརྡའི་ཤེས་བྱ་དང་ནུས་པས་<<ས་སྐྱ་ལེགས་བཤད>>་དང་<<རྒྱལ་བོའི་ལུགས་ཀྱི་བསྟན་བཅོས>>་ཤེས་པའི་ངེས་པ་མེད་པ་བཤད་མ་དགོས་ཤིང་། བོད་མཁས་ཀྱི་སྙན་ངག་དང་ཞང་ཞུང་ཆོས་དབང་གྲགས་པའི་སྙན་ངག་གཉིས་ཤེས་པས་ཀྱང་ཉིན་རྒྱུན་མཁོ་བའི་སྐད་བརྡའི་ནུས་པའི་ཚབ་བྱེད་མི་ཐུབ།   དེར་བརྟེན། རྩོམ་རིག་སློབ་འཁྲིད་ཀྱིས་དམིགས་སྒོ་གཉིས་སུ་སླེབས་དགོས་ཏེ། རྩོམ་རིག་སློབ་གསོའི་དམིགས་སྒོ་དང་སྐད་བརྡའི་སློབ་གསོའི་དམིགས་སྒོ་གཉིས་སོ། །
སྐད་བརྡ་དང་རྩོམ་རིག་གཉིས་ཕན་ཚུན་ལྟ་རྟོག་ཐོབ་དགོས་ན། ཡིད་འཇོག་བྱ་གནད་གཙོ་བོ་འགའ་ནི།
༡ རྩོམ་རིག་སློབ་ཚན་རེའི་སློབ་འཁྲིད་ཚང་མར་སྤྱིར་བཏང་གི་གནས་ཚུལ་འོག་ཏུ། སྐད་བརྡ་དང་རྪོམ་རིག་གི་དམིགས་ཡུལ་གཉིས་ལྡན་ཞིག་མངོན་འགྱུར་བྱ་གང་ཐུབ་ཅིག་བྱ་དགོས། སྐད་བརྡའི་དམིགས་སྒོ་མངོན་འགྱུར་བྱ་ཆེད། གྱེར་འདོན་དང་བློར་འདོན། ཞིབ་འདོན་དང་རགས་འདོན་གྱི་སྦྱོང་བརྡར་བརྒྱུད་དགོས་ལ། རྩོམ་རིགས་ཀྱི་ནང་དོན་གཙོ་བོ་དང་གྲུབ་ཚུལ་དང་རྩ་གནད་ཁོང་དུ་ཆུད་པ་ལ། ཚིག་སྦྱོར་སྤེལ་སྟངས་གཙོ་བོའི་སྦྱོང་བརྡར་དུ་འཛིན་ཤེས་དགོས།   ད་དུང་གདེམ་ཀའི་ཀློག་འདོན། མྱུར་མོའི་ལྟ་ཀློག གཏམ་བརྗོད་ལྟ་ཀློག་གི་སྦྱོང་བརྡར་སོགས་བྱེད་དགོས།   རྩོམ་རིག་དམིགས་སྒོ་མངོན་འགྱུར་བྱ་ཆེད་བྱུང་རིམ་གྲུབ་ཚུལ་ལ་དབྱེ་ཞིབ་དང་མི་སྣའི་སྣང་བརྙན་ཤེས་རྟོགས། བརྗོད་བྱ་དང་རྩོམ་པ་པོའི་གསར་བསྐྲུན་འཆར་སྒོའི་རོལ་མྱོང་རང་བཞིན་ཅན་གྱི་སློབ་འཁྲིད་ལ་གོ་བ་ལེན་དགོས།
སློབ་འཁྲིད་བྱ་རིམ་ཁྲོད་དུ་ཐོག་མཐའ་བར་གསུམ་དུ། སྐད་བརྡ་དང་རྩོམ་རིག་ཕན་ཚུན་ལྟ་རྟོག་དང་དེ་གཉིས་སྙོམས་པར་འཇུག་པ་ནི་ལས་ཀ་གཙོ་བོ་ཞིག་ཡིན།   ཚིག་སྦྱོར་སོགས་སྐད་བརྡའི་སློབ་འཁྲིད་ཕྱོགས་ན་རྩོམ་རིག་གི་ཁྱད་ལྡན་རྩི་བཅུད་ཐོན་མི་ཐུབ་ལ།   རྩོམ་རིག་ལ་ཕྱོགས་ན་ཉིན་རྒྱུན་སྐད་བརྡ་བཀོལ་སྤྱོད་གསོ་སྐྱོང་བྱེད་པར་གནོད་ངེས་ཕྱིར། ངེས་པར་དུ་སྐད་བརྡ་དང་རྩོམ་རིག་གཉིས་ཆ་སྙོམས་སྒོས་སྐད་བརྡ་དེ་རྩོམ་རིག་སློབ་འཁྲིད་ཀྱི་གཞི་འཛིན་སར་བཞག་སྟེ། སྐད་བརྡས་རྩོམ་རིག་རོལ་མྱོང་བྱ་བར་འཇུག་དགོས།
༢  རྩོམ་རིག་བརྩམས་ཆོས་སློབ་འཁྲིད་བྱེད་ན། ནུས་པ་གསོ་སྐྱོང་བྱེད་པའི་ཕྱོགས་ནས།   ལྟ་ཀློག་ནུས་པ་བསྐྱང་རྒྱུ་དམིགས་སུ་འཛིན་པ་ལས། རྩོམ་རིག་བརྩམས་ཆོས་རྩོམ་འབྲི་བྱ་རྒྱུ་དེ་མིན་མོད། འོན་ཀྱང་། དངོས་པོའི་རྣམ་པ་དང་གནས་ཚུལ་ཞིབ་བརྗོད། མི་སྣ་འབྲི་བ། ཡུལ་ལྗོངས་འབྲི་བ་ལ་སོགས་པའི་སྦྱོང་བརྡར་ཐད་ནས་སློབ་ཚན་གཞན་དང་ཐ་དད་པ་ཞིག་མིན་ནོ། །
༣ སྒྱུ་རྩལ་རང་བཞིན་དང་ཚན་རིག་རང་བཞིན། མི་རྣམས་ཀྱིས་རྒྱུན་པར་སྐད་ཡིག་ཚན་ཁག་ནི། སྒྱུ་རྩལ་ཆེ་ལ་ཚན་རིག་ཀྱང་ལྡན་པར་བཤད་ན། དེའི་སྒྱུ་རྩལ་རང་བཞིན་དང་ཚན་རིག་རང་བཞིན་གྱི་གོ་དོན་ཇི་ལྟར་འགྲེལ་ཞིང་དེའི་འབྲེལ་བར་ངོས་འཛིན་ཡང་ཇི་ལྟར་བྱ་འོས་ཞེ་ན། 
    ཐོག་མར་སྐད་ཡིག་སློབ་འཁྲིད་ཀྱི་སྒྱུ་རྩལ་རང་བཞིན་བཤད་དགོས་ཤིང་། ང་ཚོས་སྐད་ཡིག་སློབ་འཁྲིད་ནི། སྒྱུ་རྩལ་ཞིག་ཡིན་པར་ཁས་འཆེས་ཚེ། གལ་ཏེ། དེ་ལྟར་བསྟན་པ་ངོ་བོའི་ཕྱོགས་གཅིག་ཙམ་ཁོ་ན་ལས། ཚན་རིག་གི་ངོ་བོ་མི་ལྡན་པར་ཁྱུར་འབུད་བྱས་མེད་ན། དེ་འཆད་ཚུལ་རྐང་ཚུགས་ཐུབ་པ་ཞིག་རེད། སྒྱུ་རྩལ་ཅིག་ཡིན་ཅེས་པ་ནི། སྐད་ཡིག་སློབ་འཁྲིད་དེ་ཁྱད་པར་དུ་རྩོམ་རིག་སློབ་འཁྲིད་ནི་རང་གི་ཐབས་རྩལ་རང་བཞིན་ཆེ་བའི་བྱ་འགུལ་ཞིག་ཡིན་ཕྱིན། དེའི་འབྲས་བུ་ནི་རང་གི་ལྟ་རྟོག་ཞིབ་མོ་དང་ལག་ལེན་རྣལ་མོ་ཞིག་བརྒྱུད་ནས་ཐོབ་དགོས་པ་རེད། དེ་རྩིས་འཕྲུལ་གྱིས་ལད་མོ་བྱེད་ཐབས་མེད་ལ་དཔེ་དབྱིབས་ཅན་དུ་འགྱུར་བ་དང་།   ཡང་ན། གོ་རིམ་སྡེ་ཁག་ཅན་དུའང་འགྱུར་བར་བྱ་མི་རུང་། སྐད་ཡིག་སློབ་འཁྲིད་ལ་བདག་རྐྱེན་ཧ་ཅང་མངོན་གསལ་ཅན་ཞིག་ལྡན་ཏེ། སྐད་ཡིག་དགེ་རྒན་རང་ཉིད་ཀྱི་ཁྱད་ཆོས་དེ། གཏན་འབེབ་བྱས་པའི་དངོས་པོ་ལས་ལྷག་པར་བདེན་དོན་དང་། གཙོ་བོ་ཞིག་ཡིན་སྟབས། མཁས་པ་ལ་ལས་སྐད་ཡིག་དགེ་རྒན་ལ་མིའི་འབྲེལ་བའི་སྒྱུ་རྩལ་པ”་ཞེས་བཤད།   གལ་ཏེ་དེ་ལྟར་ཡིན་རུང་།   ང་ཚོས་དགེ་རྒན་གྱི་ཁྱད་འཕགས་ངོ་བོའི་ཕྱོགས་ལ་འུད་བརྗོད་དང་། དེ་ལས་ལྷག་པར་ལྐོག་གྱུར་ཅན་དུ་བྱ་མི་རུང་བར་ཚན་ཁག་གི་དམིགས་ཡུལ་དང་ནང་དོན། གོ་རིམ། ཐབས་བཀོད་བཅས་ཚན་ཁག་རང་བཞིན་ལྡན་པའི་ཕྱོགས་ལ་ལྟ་དགོས་པ་རེད། དེར་མ་ཟད། ཤེས་བྱ་དང་སློབ་འཁྲིད་ལག་རྩལ་མྱུར་འཕེལ་དང་བསྟུན་ནས། སྐད་ཡིག་སློབ་འཁྲིད་ཀྱི་བྱ་བ་ཚན་རིག་ཅན་དུ་འགྱུར་བའི་གོམ་སྟབས་ཀྱང་མགྱོགས་དགོས།   དེར་བརྟེན། ང་ཚོས་ཚན་རིག་རང་བཞིན་ཅན་གྱི་ཕྱོགས་ལ་ཞིབ་འཇུག་བྱེད་དགོས་པ་མ་ཟད། གཞན་ལ་འདོམས་པའི་རྣམ་པ་དེ། གཞུང་ལུགས་ཅན་དང་ཡོངས་ཁྱབ་ཅན། དཔེ་དབྱིབས་ཅན་དུ་འགྱུར་བར་བྱ་དགོས།   ར་རི་ལྷན་འདྲེས་ཀྱི་སྐད་ཡིག་ཚན་ཁག་ལ་མཚོན་ན། སློབ་འཁྲིད་ཚན་རིག་ཅན་དུ་བསྒྱུར་རྒྱུའི་རེ་བ་དེ་ཅུང་ཟད་དཀའ་ཡང་།   ངེས་པར་དུ་ཞིབ་འཇུག་བྱ་དགོས་པའི་དོན་གནད་ཅིག་ཡིན་ནོ། །
      སྐད་ཡིག་ཚན་ཁག་ཚན་རིག་ཅན་དུ་འགྱུར་བ་ནི།   བསླབ་བྱའི་དམིགས་ཡུལ་ཚད་ལྡན་ཅན་དང་དེང་རབས་ཅན་བསླབ་བྱའི་ནང་དོན་ཚད་ལྡན་ཅན་དང་མ་ལག་ཅན། སླབོ་འཁྲིད་གོ་རིམ་མགོ་མཇུག་ཅན་དང་དཔེ་དབྱིབས་ཅན། སློབ་འཁྲིད་བྱེད་ཐབས་ཁྱད་འཕགས་ཅན་དང་ཡོངས་ཁྱབ་ཅན་དུ་འགྱུར་བ་དང་། སློབ་འཁྲིད་ཐབས་ལམ་འབྲས་བུ་ཅནདང་ལག་རྩལ་ཅན་དུ་བསྒྱུར་རྒྱུ་དེ་རེད།  སྐད་ཡིག་གི་སློབ་འཁྲིད་བྱ་རིམ་དངོས་ནང་དུ་སྒྱུར་གཞི་འགའ་ཞིག་ལ་ང་ཚོས་དངོས་ནས་ཚོད་དཔག་དང་ཁོང་དུ་ཆུད་པ། ཚོད་འཛིན་བཅས་བྱེད་མི་ཐུབ་ན་ཡང་། གོང་དུ་གནས་པའི་རྒྱུ་རྐྱེན་དེ་རིགས་ང་ཚོས་ལྟ་རྟོག་དང་ཚོད་ལྟ། ཞིབ་འཇུག་བྱེད་པ་བཅས་བརྒྱུད་ནས། རང་བཞིན་བརྗོད་པ་དང་ཚད་འཇལ་གཏན་འཁེལ། སྐད་ཡིག་སློབ་འཁྲིད་ཚན་རིག་གི་ལམ་དུ་འགོད་ན། ད་ལྟ་ལྷག་དུ་རྒྱུད་རིམ་ལྡན་པའི་ཚན་རིག་དང་མཉམ་སྡེབ་རིག་པ་སོགས་དང་། དེང་རབས་ཚན་རིག་གི་གཞུང་ལུགས་དང་བྱེད་ཐབས་ལ་བརྟེན་པ་དང་མཉམ་དུ་དེང་རབས་སློབ་འཁྲིད་ཀྱི་ཐབས་ལམ་སྤྱོད་པ་ལ་ཡིད་འཇོག་བྱ་དགོས།
     མདོར་བསྡུས་ན། སྐད་ཡིག་ཚན་ཁག་གི་སློབ་འཁྲིད་དེ།   གཞུང་ལུགས་རྣམ་དག་ཅིག་གི་མཛུབ་ཁྲིད་འོག   གཅིག་ནས། དགེ་རྒན་རང་ཉིད་ཀྱི་ཁྱད་ཆོས་ལ་བརྩིས་འཇོག་སྒོས་རང་ཉིད་ཀྱི་དགེ་མཚན་དང་སྲོལ་ཀ ཐབས་བཀོད་བཅས་པ་ལྟར་སློབ་འཁྲིད་བྱས་ཏེ། སྒྱུ་རྩལ་ཅན་དུ་ཆགས་པར་བྱ་རྒྱུ་དང་། གཉིས་ནས། ཡོངས་ཁྱབ་དང་ཐུན་མོང་གི་སྤྱད་བྱ་བཙལ་ནས་མཛུབ་ཁྲིད་བྱས་ཏེ་ཚན་རིག་ཅན་དུ་འགྱུར་དགོས། 
༤ སྤ་རིམ་ཅན་དང་ཐད་ཀའི་རང་བཞིན། སྐད་ཡིག་ཚན་ཁག་ནི་སྤ་རིམ་ཅན་གྱི་ཚན་ཁག་ཅིག་ཡིན་ནའང་ཕྱགས་ཙམ་ནས་ཐད་ཀའི་རང་བཞིན་ཡང་ལྡན་པ་ནི།  སྐད་ཡིག་ཚན་ཁག་གི་ངོ་བོ་ཁྱད་པར་ཅན་ཞིག་ཡིན།
     སྤྱིར་སྐད་ཡིག་ཚན་ཁག་གི་དམིགས་འབེན། སློབ་ཆུང་ནས་མཐོ་འབྲིང་བར་ངོ་བོའི་ཐོག་མི་འདྲ་ས་མེད་པར་མ་ཟད།   ཁྱབ་ཁོངས་ཀྱང་འགྱུར་ལྡོག་ཆེར་མེད། སློབ་ཚན་ནང་དོན་ལ་སློབ་ཆུང་དང་དམའ་འབྲིང་། མཐོ་འབྲིང་བཅས་བར་གལ་ཏེ་མཚམས་དབྱེ་བ་ནི། ཚད་ཀྱི་མང་ཉུང་དང་ཆུ་ཚད་མཐོ་དམན་ཙམ་ཁོ་ནར་འཇོག་མི་རུང་བར་སྤུས་ཚད་ཀྱི་འགྱུར་ལྡོག་གི་ཆ་ནས་ཀྱང་འཇོག་འོས་པ་རེད། དཔེར་ན། ཇི་བཞིན་བརྗོད་པའི་རྩོམ་ཡིག་ཁྲིད་པ་ནསགསལ་བཤད་རྩོམ་ཡིག་འཆད་པར་འཕེལ་ཞིང་། དེ་ལས་གོམ་གང་དགག་སྒྲུབ་རྩོམ་ཡིག་ཁྲིད་པར་མདུན་དུ་སྤོ་བ་དང་། དེང་རབས་རྩོམ་ཡིག་ཁྲིད་པ་ནས་གནའ་རྩོམ་ཁྲིད་པ་སོགས་སུ་འཕེལ་བ་རེད།   ཡིན་ནའང་། ཇི་བཞིན་བརྗོད་པའི་རྩོམ་ཡིག་དང་གསལ་བཤད་རྩོམ་ཡིག   དགག་སྒྲུབ་རྩོམ་ཡིག་རྣམས་སློབ་འཁྲིད་སྐྱར་བ་འདྲ་ནའང་། དེ་དག་ལ་སྤ་རིམ་གྱི་རྣམ་པས་འཕེལ་བའི་ངོ་བོར་ཁྱད་པར་ལྡན་པ་མངོན་གསལ་རེད། དེ་ནི་སྐད་ཡིག་ཚན་ཁག་དང་རྩིས་དངོས་ཚན་ཁག སྤྱི་ཚོགས་ཚན་ཁག་བཅས་ཀྱི་སློབ་ཚན་གྱི་ངོ་བོར་མི་འདྲ་སའི་མངོན་གསལ་གྱི་གནད་ཡིན།
དེའི་ཕྱིར། སྐད་ཡིག་ཤེས་བྱའི་ནང་དོན་གྱི་སྒྲིག་རིམ་ནི། ལོ་རིམ་འཕེལ་བའི་གོ་རིམ་ལྟར་མཐོར་འདེགས་པ་དེ།   ཐད་ཀའི་རྣམ་པ་འཕེལ་བའི་ངོ་བོ་ཡིན་པ་མཚོན་པ་རེད། ཡིན་ནའང་།   དེ་ནི་ཅུང་ཟད་ཕལ་བའི་ནུས་པ་འདོན་པའི་ཕྱོགས་ཤིག་ཡིན།
༥ སྣ་འཛོམས་ཅན། སྐད་ཡིག་ཚན་ཁག་ནི། སྣ་འཛོམས་ཅན་གྱི་བསླབ་བྱ་ཞིག་ཡིན་ལ། དེ་ནི་བསླབ་བྱ་ཐམས་ཅད་ལས་ཁྱད་པར་གསལ་ལོ། །
   སྐད་ཡིག་ཚན་ཁག་གི་སྣ་འཛོམས་ཅན་ནི། སློབ་འཁྲིད་དམིགས་ཡུལ་སྣ་མང་ཅན་དང་ནུས་པ་གནད་མང་ཅན། ནང་དོན་ཡངས་རྒྱ་ཅན། རྩ་བ་སྣེ་འཛིང་ཅན། གོ་རིམ་སྣ་མང་ཅན། ཐབས་བཀོད་སྣ་ཚོགས་ཅན་བཅས་ཀྱིས་མཚོན་པ་ཡིན། ཕྱི་གླིང་གི་སློབ་གསོ་བ་ཞིག་གིས་སྐད་ཡིག་སློབ་སྦྱོང་གི་ཁྱབ་བྱེད་དང་འཚོ་ངའི་ཁྱབ་བྱེད་གཉིས་འདྲཞེས་བསྟན་པ་དེས།   སྐད་ཡིག་ཚན་ཁག་གི་སྣ་འཛོམས་རང་བཞིན་གྱི་ཆུ་ཚད་ག་འདྲ་ཞིག་ཏུ་སླེབས་པ་དྲ་པོས་མཚོན་པ་རེད། སྐད་ཡིག་ཚན་ཁག་གི་སྣ་འཛོམས་རང་བཞིན་ནི། བསླབ་བྱ་དེའི་ངོ་བོ་ཁྱད་པར་བ་ཞིག་ཡིན་ལ། དགེ་མཚན་ཡང་ཡིན། དེའི་ཁྱད་པར་བ་དང་དགེ་མཚན་དེས། སྐད་ཡིག་དགེ་རྒན་རྣམས་ལ་རེ་བླ་ལྷག་ཅིག་བཏོན་ཡོད་པ་གདོན་མི་ཟའོ། ། རེ་བའི་གཞི་རྩ་ནི། སློབ་འཁྲིད་ཀྱི་འཆར་གཞི་རང་བཞིན་དང་ཚོད་འཛིན་རང་བཞིན་ལ་ཤུགས་སྣོན་བྱས་ཏེ། སློབ་འཁྲིད་དེ་རང་རྟོགས་རང་བཞིན་གྱི་རྨང་གཞི་སྟེང་འཛུགས་པར་བྱ་རྒྱུ་དེ་ཡིན།
   གོང་གི་དེ་དག་ཕན་ཚུན་ཐ་དད་ཡིན་ལ་གཅིག་བསྡུས་ཀྱང་ཡིན། དེ་དག་སོ་སོར་རང་སྒེར་གྱི་ཁྱད་ཆོས་རེ་ཡོད་ལ། སྐད་ཡིག་བསླབ་བྱ་ཧྲིལ་བོའི་ཁྲོད་གཅིག་བསྡུས་ཀྱང་བྱས་ཡོད། ང་ཚོས་དེག་དག་རེ་རེ་ཁོ་ཚོར་གསལ་བཀད་བྱ་རྒྱུ་ནི། དམིགས་ཡུལ་དེ་དོན་དུ་གཉེར་བའི་བསླབ་བྱའི་ངོ་བོ་ཤེས་རྟོག་བྱ་རྒྱུ་དེ་ཡིན། བསླབ་བྱའི་ངོ་བོ་ཤེས་རྟོགས་མ་བྱུང་ཚེ། སློབ་འཁྲིད་ལེགས་པོ་ཞིག་བྱ་ཐབས་བྲལ། ཡང་དག་པའི་གོ་བ་ཞིག་མེད་ཚེ། སློབ་འཁྲིད་ཀྱི་བྱ་འགུལ་ཚང་མ་རྟོག་ཚོར་ཙམ་ལ་བརྟེན་ནས་བརྡར་ཤ་གཅོད་པ་ཤ་སྟག་ཏུ་འགྱུར་སྲིད་པ་རེད།
གཉིས་པ། སྐད་ཡིག་ཚན་ཁག་གི་དམིགས་ཡུལ།
༡ སྐད་ཡིག་སློབ་འཁྲིད་དམིགས་ཡུལ་གྱི་དོན་སྙིང་ལེགས་འཛུགས་བྱ་དགོས།
    སྐད་ཡིག་སློབ་འཁྲིད་ཀྱི་དམིགད་ཡུལ་ནི།   སྐད་ཡིག་དགེ་རྒན་གྱིས་མངོན་འགྱུར་བྱ་རྒྱུའི་འབྲས་བུ་སྔོན་དཔག་ཡིན་ཏེ། སློབ་འཁྲིད་རྗེས་སུ་འབྱུང་ངེས་པའི་དོན་གྱི་སྔོན་བརྡ་དང་། རང་སྣང་གིས་སློབ་འཁྲིད་དང་སློབ་སྦྱོང་གི་སྣང་བརྙན་སྔོན་དཔག་སྒོས་བཏོན་པ་ཞིག་ཡིན། སྐད་ཡིག་སློབ་འཁྲིད་ལ་ངེས་པར་དུ་དམིགས་ཡུལ་ཞིག་དགོས། སྐད་ཡིག་ཚན་ཁག་གི་དམིགས་ཡུལ་གཏན་དུ་ཕབ་པ་དེས་གཤམ་གྱི་ནུས་པ་འདི་དག་མཚོན་དགོས།
(སྒྲིག་པ་པོས་གཏན་ལ་ཕབ་པའི་སློབ་འཁྲིད་རྩ་གནད་དང་བསླབ་གཞི་འདེམས་བཀོད་བྱས་པ་གཞིར་བཟུང་བ།
(དགེ་རྒན་གྱིས་སློབ་འཁྲིད་ཇུས་འགོད་ཕན་འབྲས་ལ་ཞིབ་བཤེར་བྱེད་པ་གཞིར་བཟུང་བ།
(སློབ་མར་སློབ་སྦྱོང་བཀོད་སྒྲིག་དང་ཕན་འབྲས་གདེང་འཇོག་བྱེད་པ་གཞིར་བཟུང་བ།
སློབ་འཁྲིད་དམིགས་ཡུལ་གཏན་འབབ་བྱ་རྒྱུ་ནི། སྒྲིག་པ་པོ་དང་དགེ་རྒན། སློབ་མ་བཅས་ཕྱོགས་གསུམ་གྱི་བྱ་འགུལ་ནས་འགོ་བཙུགས་ཏེ། བྱ་འགུལ་ཡོངས་གོ་རིམ་དང་མཐའ་འབྲས་ཀྱང་མངོན་པར་མཚོན་དགོས། དེས་སྒྲིག་པ་པོ་དང་དགེ་རྒན། སློབ་མ་བཅས་ཀྱི་བྱགའགུལ་ཡོངས་མཛུབ་སྟོན་དང་ཁ་ལོ་བསྒྱུར་ཏེ། སློབ་འཁྲིད་དམིགས་ཡུལ་གྱི་སྙིང་བོ་བརྟན་པོ་ཚུགས་པ་མཚོན་ཐུབ་དགོས་པ་ཡིན།
   ༢ སྐད་ཡིག་སློབ་འཁྲིད་དམིགས་ཡུལ་གྱི་སྔོན་འགྲོ་ལེགས་པོར་འཛུགས་པ།
    སྤྱི་ཚོགས་ཀྱི་དགོས་མཁོ་དང་ཕྱི་ཡུལ་གྱི་ཆ་རྐྱེན། རང་སྣང་གི་ཤེས་རྟོགས། ལོ་རྒྱུས་ཀྱི་ཉམས་མྱོང་བཅས་བཞི་ལ་བརྟེན་ནས། སྐད་ཡིག་སློབ་འཁྲིད་དམིགས་ཡུལ་གྱི་སྔོན་འགྲོ་ཐག་གཅོད་དགོས།
() སྤྱི་ཚོགས་ཀྱི་དགོས་མཁོ་ནི།   སློབ་འཁྲིད་དམིགས་ཡུལ་དེ་དངོས་ཡོད་སྤྱི་ཚོགས་ཀྱིས་སློབ་མར་བཅངས་པའི་རེ་བས་འགོད་དགོས་ཤིང་།   སྐད་ཡིག་སློབ་ཚན་ནས་བཤད་ན། སློབ་མ་མཐར་ཕྱིན་པའི་དུས་སུ་སྐད་ཡིག་གི་གོ་བ་དང་སྐད་ཆའི་བརྡ་སྤྲོད་ཀྱི་ནུས་པའི་ཆུ་ཚད་གཞིར་བཟུང་ནས་ཐག་གཅོད་དགོས། སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་ནས་སྐད་ཡིག་སློབ་འཁྲིད་དམིགས་ཡུལ་ལའང་འགྱུར་ལྡོག་འབྱུང་ངེས་རེད། སྐད་ཡིག་སློབ་འཁྲིད་ཀྱི་དམིགས་ཡུལ་ལོ་བཅུ་ཕྲག་ནང་འགྱུར་ལྡོག་མངོན་གསལ་ཞིག་བྱུང་ཡོད་དེ།   སྐད་ཡིག་ཤེས་བྱའི་སློབ་གསོ་བརྒྱུད་པ་དང་མཉམ་དུ། ལྷག་པར་སྐད་ཡིག་གི་ནུས་པའི་སློབ་གསོ་དང་རིག་སྟོབས་འཕེལ་བའི་སློབ་གསོལ་མཐོང་ཆེན་བྱེད་དགོས་པ་རེད།
   (ཕྱི་ཡུལ་གྱི་ཆ་རྐྱེན། སྐད་ཡིག་སློབ་དེབ་ཀྱི་རྒྱུ་སྤུས་དང་སྐད་ཡིག་དགེ་རྒན་གྱི་ཆ་ཚད། སློབ་མའི་སྐད་ཡིག་སློབ་སྦྱོང་གི་ནུས་པ། སྐད་ཡིག་སློབ་འཁྲིད་དང་སློབ་སྦྱོང་གི་འཁོར་ཡུག་ལ་སོགས་པའི་སློབ་འཁྲི་བཅས་འདུས་པ་ཡིན། ང་ཚོས་སློབ་སྦྱོང་ཆ་རྐྱེན་མི་འདྲ་བ་རེ་ལ་དམིགས་ཡུལ་ཡང་མི་འདྲ་བ་རེ་འཛིན་དགོས། ཆ་རྐྱེན་ལ་འགྱུར་ལྡོག་བྱུང་ཡོད་ན། དེར་བརྟེན་དམིགས་ཡུལ་ཡང་འགྱུར་དགོས།
    () རང་སྣང་གི་ཤེས་རྟོགས། མིརྣམས་ཀྱིས་སྐད་ཡིག་སློབ་ཚན་གྱི་ངོ་བོ་དང་སློབ་འཁྲིད་ཆོས་ཉིད་ཀྱི་ངོས་འཛིན། དགེ་རྒན་གྱི་ཆུ་ཚད། སློབ་མའི་སྐད་ཡིག་སློབ་སྦྱོང་གི་སེམས་ཁམས་བཅས་རྒྱུས་ལོན་བྱེད་པ་ཚང་མ་སྐད་ཡིག་སློབ་འཁྲིད་ཀྱི་དམིགས་ཡུལ་དང་འཁོར་ཡུག   ཆུ་ཚད་བཅས་ཐག་གཅོད་པར་ཤན་ཞུགས་ཐེབས་དགོས་པ་ཡིན།
    () ལོ་རྒྱུས་ཀྱི་ཉམས་མྱོང་། སྐད་ཡིག་སློབ་འཁྲིད་ཀྱི་ལོ་རྒྱུས་ཀྱི་ཉམས་མྱོང་དང་བསླབ་བྱ་དེའང་དམིགས་འབེན་ཡང་དག་ཅིག་འཛུགས་དགོས་པའི་སྔོན་འགྲོ་ཡིན།
    སྐད་ཡིག་སློབ་འཁྲིད་ཀྱི་དམིགས་ཡུལ་དེ།   རྒྱུ་རྐྱེན་མང་པོ་ཞིག་གིས་གཏན་དུ་འཁེལ་བ་རེད། སྐད་ཡིག་སློབ་འཁྲིད་བྱེད་ཐབས་དེ་དག་ལ་དམིགས་གཏོད་པ་དང་ཚོད་དཔག་བྱས་ཏེ། དམིགས་ཡུལ་གཏན་དུ་འཁེལ་ཏེ་དམིགས་ཡུལ་དེ་དངོས་ཡོད་ཀྱི་མ་གཞི་སྟེང་འཛུགས་དགོས།
     དམིགས་ཡུལ་མཚོན་ཡིག
     སློབ་འཁྲིད་དམིགས་ཡུལ་མཚོན་ཡིག་དེ།   ངེས་པར་དུ་སློབ་སྦྱོང་བྱ་འགུལ་འགྲུབ་ཁར་བསྡུར་ཞིབ་ཐུབ་པའི་འབྲས་བུ་ཞིག་ལ་བསྟན་ཆོག   དམིགས་ཡུལ་མཚོན་པའི་ཡི་གེ་ནི་ཚིག་ཕྲེང་དུ་མས་གྲུབ་པ་ཞིག་ཡིན་ལ། ཚིག་ཕྲང་དེ་དང་འདྲ་བར་ཚོགས་པ་སྣ་མང་ཞིག་གི་བྱེད་ཐབས་སྤྱད་དེ།   སློབ་འཁྲིད་ཀྱི་རེ་བ་དང་འདོད་བློ་རྣལ་མ་ཞིག་མཚོན་པར་བྱ་ཆོག དེའི་ཕྱིར།
() སློབ་འཁྲིད་དམིགས་ཡུལ་ནི། སློབ་འཁྲིད་འཚོལ་བསྙེག་གི་འབྲས་བུ་ཡིན་ལ། ཚིག་འབྲུས་སྟོན་པ་ནི་འབྲས་བུ་གསལ་བཤད་བྱས་པ་ལས། དེ་ནི་སློབ་འཁྲིད་ཀྱི་ནང་དོན་གནད་བསྡུས་སྟོན་པ་མིན་པར་རང་དང་སློབ་མ་གཉིས་ཀྱིས་ཁ་གང་ལ་ཕྱོགས་པ་དང་ཅི་ཞིག་བསྒྱུབ་རྒྱུ་གསལ་རྟོགས་འབྱུང་དུ་འཇུག་དགོས།
   () དམིགས་ཡུལ་སོ་སོ་ཚང་མ་ཁེར་རྐྱང་གིས་མཚོན་དགོས་ཏེ། ཁྱད་པར་རང་བཞིན་པ་དེ་ཇི་ལྟར་གསལ་ན། དམིགས་ཡུལ་གྱི་གོ་གནས་དང་ངོ་བོའང་ལྷག་པར་གསལ་བ་ཡིན།
   (བྱ་སྤྱོད་ཀྱི་སྟེང་ནས་མཐོང་ཐུབ་པའི་དམིགས་ཡུལ་རྣམས་མཚོན་ཡིག་གིས་བྱ་སྤྱོད་ཀྱི་ཆུ་ཚད་དང་དུས་རིམ་ཅི་ཐུབ་སྒོས་སྟོན་པར་བྱ་དགོས།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号