ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །གཞུང་ཡིག་གི་སྐོར།
སྤེལ་དུས།04-29  ཡོང་ཁུངས།  རྩོམ་པ་པོ།
༣ གཞུང་ཡིག་གི་རྣམ་གཞག
གཞུང་ཡིག་ཚང་མར་རྣམ་གཞག་ངེས་ཅན་ཞིག་ཡོད་ཅིང་། དེང་སྐབས་ཕལ་ཆེར་རྣམ་གཞག་ཁ་སྣ་གཉིས་སྤྱོད་པ་སྟེ། རྣམ་གཞག་ཁག་དང་པོ་ནི་སྤྱིར་བཏང་གི་ཁེ་ལས་དང་བྱ་གཞག་སྡེ་ཚན་ལ་སྤྱོད་པ་དང་། རྣམ་གཞག་སྣ་ཁ་གཉིས་པ་ནི་ཏང་སྲིད་གཞུང་འགོ་ཁྲིད་ལས་ཁུངས་དང་གསང་སྲུང་སྡེ་ཚན་སྤྱོད་དོ། །
ཁ་བྱང་།

                                       ཁ་           བྱང་།
          ༼ཡིག་འགྲེམ་སྡེ་ཚན་གྱི་མིང་དང་རྩ་དོན། ཡིག་རིགས་བཅས་འདུས༽
                                   ཨང་གྲངས། ༞༞༞༞༞༞པ།
                                     གཙོ་སྐྱེལ་སྡེ་ཚན་གྱི་མིང་། ༞༞༞༞༞།
                                    གཞུང་དངོས། ་་་་་་་་་་་་་་་་་་་་་་་་་་།
ཟུར་ཡིག
                                                                                                ཡིག་འགྲེམ་སྡེ་ཚན་གྱི་ཐམ་ག
                                                                       ལོ    ཟླ་     ཚེས      ཉིན
 
                      ངོ་བཤུས་སྙན་ཞུ། ༼སྡེ་ཚན་ནམ་མི་སྒེར་གྱི་མིང་༽
                     ངོ་བཤུས་སྤྲིང་སྐྱེལ། ༼སྡེ་ཚན་ནམ་མི་སྒེར་གྱི་མིང་༽

ས་བཅད་གཉིས་པ། ཉེ་བར་མཁོ་བའི་གཞུང་ཡིག་དངོས་བཤད་པ།
༼༡༽ བརྡ་ཐོ།
བརྡ་ཐོ་ཞེས་པ་ནི་ཚན་པ་ཞིག་གིས་གཏན་འཁེལ་བྱས་ཟིན་པའི་ལས་དོན་འབྲེལ་ཡོད་མི་སྒེར་རམ་ཐུན་མོང་ལ་བརྡ་སྤྲོད་བྱེད་སྐབས་བེད་སྤྱོད་བྱ་རྒྱུའི་རིགས་ཤིག་ཡིན་ཅིང་།   བརྡ་ཐོར་ཚོགས་འདུའི་བརྡ་ཐོའམ་ལས་དོན་བཀོད་སྒྲིག་བྱེད་པའི་བརྡ་ཐོ་སོགས་སྣ་ཚོགས་ཡོད། ཚོགས་འདུའི་བརྡ་ཐོ་ཡིན་ན་དེའི་ནང་དུ་ཚོགས་འདུ་ཚོགས་ཡུལ་དང་དུས་ཚོད། ཚོགས་འདུའི་ནང་དོན། ཚོགས་འདུར་ཞུགས་མཁན། དོ་སྣང་བྱེད་དགོས་པའི་གནད་དོན་བཅས་གསལ་བོར་འབྲི་དགོས། ལས་དོན་བཀོད་སྒྲིག་བྱེད་པའི་བརྡ་ཐོ་ཡིན་ན་ལས་ཀའི་ནང་དོན་དང་བླང་བྱ་ཞིབ་ཅིང་གསལ་བོ་འབྲི་དགོས།
 བརྡ་ཐོའི་འགོ་བརྗོད་དང་མཇུག་སྡུད་ཟླ་ཚེས་སོགས་ཀྱི་གོ་རིམ་འབེབས་སྟངས་གཤམ་གྱི་དཔེ་གཞིར་གཟིགས་ཤིག
དཔེ་གཞི།

                                               བརྡ་ཐོ།
ཞང་ཁག་གི་ཏང་ཨུ་ལ།
འདི་ཟླའི་ཚེས་༞ཉིན་ཆུས་སུ་ཉིན་༞ཡན་མན་གྱི་དུས་ཚོད་སྤྱད་དེ་ཀྲུང་སྤེལ༼༞༽ཡིག་ཨང༞པ་བརྒྱུད་བསྒྲགས་སློབ་སྦྱོང་བྱེད་པ་དང་ཡིག་ཆའི་དགོངས་དོན་རྒྱས་པར་དོན་འཁྱོལ་བྱེད་ཐབས་སྐོར་གྲོས་གླེང་ཞིབ་འཇུག་བྱེད་པའི་ཚོགས་འདུ་འཚོགས་རྒྱུ་ཡིན་ཅིང་། ཞང་ཁག་གི་ཏང་ཨུ་ཧྲུའུ་ཅི་རྒན་གཞོན་དང་ཞང་ཀྲང་རྒན་གཞོན་བཅས་ཚོགས་འདུར་ངོ་ཕེབས་དགོས་པས་རྒྱགས་ཕྱེ་འདང་ངེས་དང་འབྲེལ་ཡོད་ཐོ་རིགས་སོགས་བསྣམས་ཏེ་འདི་ཟླའི་ཚེས་༞ཉིན་ངེས་འབྱོར་ཡོད་པ་འཚལ།
                                                                          ༞ཆུས་ཨུ་ཡིས༞ལོའི་
                                                                                ༼ཐམ་ག༽
                                                                             ཟླ༝ཚེས༞ཉིན་ལ།  
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号