ད་སྔ་གཟིགས་བཞིན་པ།  མདུན་ངོས། > རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་སློབ་གསོ། > ཁོར་ཡུག་དང་སློབ་གསོ།
༄༅། །གནམ་གཤིས།
སྤེལ་དུས།03-28  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ཚེ་རིང་རྡོ་རྗེ།

      སློབ་ཚན་འདིར་བོད་ཀྱི་གནམ་གཤིས་ཀྱི་ཁྱད་ཆོས་བརྗོད་པའི་རྩོམ་ཡིག་ཅིག་ཡིན།སློབ་ཚན་ཡང་ཡང་བཀླགས་ནས་མིང་དང་ཚིག་གི་དོན་ལ་གོ་བ་བླངས་པའི་རྨང་གཞིའི་སྟེང་དུས་ཚིགས་སོ་སོའི་ཁྱད་ཆོས་ལའང་བསམ་གཞིག་བྱ་དགོས།

དགུན་དགུའི་གླུ།
དགུ་དང་པོ་ལ་ས་གད།།
དགུ་གཉིས་པ་ལ་རྡོ་གད།།
དགུ་གསུམ་པ་ལ་ལྕགས་ཀྱི་ཐུ་ལུམ་གད།།
དགུ་བཞི་བ་ལ་ཕོ་སྤྱང་གི་གདོང་པ་གད།།
དགུ་ལྔ་བ་ལ་མོ་སྤྱང་གི་ནུ་མ་གད།།
དགུ་དྲུག་པ་ལ་རྐང་ཐང་རྐང་གི་ལྷམ་ཕུད།།
དགུ་བདུན་པ་ལ་སྐྱ་མྱི་མགོ་ཡི་ཞྭ་ཕུད།།
དགུ་བརྒྱད་པ་ལ་ཨོང་ནག་མ་སེར་རྒྱུགས་བྱེད།།
དགུ་དགུ་བ་ལ་ཆུ་ནག་མས་ལམ་ཕྱེ།།
གནམ་གཤིས་ཐད། བྱང་ཕྱོགས་ཀྱི་མཐོ་ས་རྣམས་འཁྱག་ལ། ལྷོ་ཕྱོགས་ཀྱི་དམའ་ས་རྣམས་དྲོ་བས་ཚ་གྲང་གི་ཚད་ལ་ངེས་པ་མེད། དང་ཐོག་རི་བོ་ཧི་མ་ལ་ཡ་ད་དུང་འབུར་དུ་ཐོན་མེང་པས།རྒྱ་གར་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོའི་བརླན་གཤེར་དང༌། དྲོད་ཁུལ་གྱི་ཚ་བ་སོིགས་ལ་བཀག་རྒྱ་མེད་སྟབས་མཚོ་བོད་ས་མཐོའི་ཡུལ་ཁམས་འདིའི་གནམ་གཤིས་ནི་དྲོད་གཤེར་གཉིས་ལྡན་གྱི་རང་བཞིན་གསལ་བ་དང་ལོ་ཧྲིལ་བོའི་ཚ་གྲངས་ཆ་སྙོམས་བྱས་ན༡༠ཡས་མས་ཡིན་ལ།ལོ་རེར་ཆར་ཆུ་འབབ་ཚད་ཀྱང་ཧའོ་ཧྲེང་ཉིས་སྟོང་ནས་ལྔ་སྟོང་བར་ཡིན་ཏེ། སྐབས་དེར་དྲོད་ཁུལ་དུ་རན་པའི་སྐྱེ་དངོས་རིགས་མང་པོ་ས་མཐོ་འདིའི་ཕྱོགས་སོ་སོར་ཁྱབ་ཡོད་པ་མ་ཟད། སྐྱེ་དངོས་དེ་དག་གི་ཁྲོད་དུ་རྩ་ཆེའི་རིགས་རྣམ་གྲངས་བཞི་སྟོང་ཙམ་ཡོད་པར་བཤད། རྗེས་སུ་རིམ་བཞིན་རི་བོ་ཧི་མ་ལ་ཡ་ཇེ་མཐོར་སོང་སྟེ། སྔོན་ཆང་ཧིན་རྡུ་ནས་རྒྱུ་འོང་བའི་མཁའ་དབུགས་དང་དྲོད་ཚད་བཀག་པས་མཚོ་བོད་ས་མཐོའི་གནམ་གཤིས་དང་།རང་བྱུང་གི་ཁོར་ཡུག་ལའང་འགྱུར་ལྡོག་བྱུང་སྟེ་གྲང་ཞིང་འཁྱགས་པའི་ཡུལ་དུ་གྱུར་བས།བྱང་ཕྱོགས་སུ་ཁ༌བ་མཐུག་པོ་བབས་པ་ངེ་རླུང་གིས་མ་དེད་ན་འཕྲལ་དུ་བཞུ་མི་ཐུབ་པས་རྩྭ་ལ་བརྟེན་ནས་འཚོ་བ་རོལ་མཁན་འབྲོག་པ་ཚོར་དཀའ་ལས་ཆེན་པོ་བཟོ་སྲིད།ཡང་བརླན་གཤེར་མེད་པའི་སར་བརྩིགས་པའི་བཀར་ཁང་ནང་འབྲུ་དང༌། གྲོ་སྲན་མ་སོགས་ལོ་ལྔ་བཅུ་ནས་དྲུག་ཅུ་བར་ཉར་ཚགས་བྱེད་ཐུབ་ལ།དེ་བཞིན་དུ་མར་དང་ཡང་ལོ་ངོ་གཅིག་ལྷག་ལ་ཉར་ཐུབ་པར་བཤད།དེ་བས་ས་ཆ་འདིར་ལོ་ཉེས་ཐན་པ་མུ་གེ་སོགས་ཀྱི་གནོད་སྐྱོན་ཆེན་པོ་མི་ཡོང་བ་དང༌། མི་ཕྱུགས་ཡོངས་ལ་ཚད་རིམས་དང་གཉན་རིམས་དག་གི་གནོད་འཚེ་ཡང་ཆེན་པོ་མི་ཡོང་བའི་ཁྱད་ཆོས་ཡོང་པ་རེད།
 
བསམ་གཞིག   སྦྱང་གཞི།                                       
༡.དགུན་དགུའི་གླུ་བློར་འཛིན་དགོས།                          
༢. བོད་ས་མཐོའི་གནམ་གཤིས་ཀྱི་ཁྱང་ཆོས་གཙོ་བོ་གང་།                      
༣. གཤམ་གྱི་ཚིག་ཡང་དང་ཡང་དུ་བཀླགས་ནས་ཉན་འབྲི་བྱེད་དགོས།ངེས་པ་མེད།དྲོདགཤེར་གཉིས་ལྡན།ཉར་ཚགས།མུ་གེགཉན་རིམས།གནོད་འཚེ། བཀར་ཁང་།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号