ད་སྔ་གཟིགས་བཞིན་པ། གཙོ་ངོས། > རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་སློབ་གསོ། > ཁོར་ཡུག་དང་སློབ་གསོ།
༄༅། །རང་བྱུང་ཐོན་ཁུངས།
སྤེལ་དུས།2011-03-30 10:49:12  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ཚེ་རིང་རྡོ་རྗེ།

རང་བྱུང་ཐོན་ཁུངས།

 སྐྱེ་དངོས།
      མདོ་དབུས་ས་མཐོ་འདིར་རང་བྱུང་གི་གཏེར་ཁ་དང་སྐྱེ་དངོས།སྲོག་ཆགས་མང་དུ་ཡོད་པ་ཡིན་ནོ། །ང་ཚོས་སློབ་ཚན་འདི་བསླབས་པ་བརྒྱུད་ནས་བོད་དུ་ཡོད་པའི་རང་བྱུང་གཏེར་ཁ་དང་སྐྱེ་དངོས།སྲོག་ཆགས་ཀྱི་མིང་རེ་འགའ་ངོིས་འཛིན་ཐུབ་པ་མ་ཟད།དེ་དག་རེ་རེར་ཁྱད་ཆོས་གང་དག་ཡོད་པའང་བསམ་བློ་བཏང་ནས་ཤེས་རྟོགས་བྱེད་རྒྱུ།།
1153968832357.jpg 
ཤིང༌།
 གངས་ཅན་བོད་ཀྱི་ས་མཐོ་འདིར། །ཐང་ཤིང་གསོམ་སྡོང་སྒྲོན་ཤིང་དང་། །སྟག་པ་ཤུག་པ་གཡར་བ་དང༌། །ཙན་དན་སེང་ལྡེང་གྱལ་ཏ་དང༌། །སྐྱེོར་བ་འོམ་བུ་མཛོ་མོ་ཤིང༌། །གླ་ཚེར་ཇ་འིང་ཤིང་མངར་སོགས། །ཤིང་རིགས་རྣམ་པ་མཐའ་ཡས་ལ།འབྲས་བུ་ཅན་གྱི་ཤིང་ལའང༌། །ཁམ་བུ་སྟར་ཀུ་ཤུ་དང༌། །ལི་དང་རྒུན་འབྲུམ་ཚ་ལུ་མ། །སེ་འབྲུ་ངང་ལག་སིལ་སྡོང་རིགས། །ཅོ་ལོ་ལི་སོགས་ཧ་ཅང་མང༌།།
18PAUCAC9MI.jpg 01_07_0.jpg
རེ་ལྕག                 ལུ་རུ་དམར་པོ།
མེ་ཏོག
གཞན་ཡང་མེ་ཏོག་བཞད་པ་ཡི།།རྩི་ཤིང་རིགས་ནི་མཐའ་ཡས་ལ། །རྒྱ་སེ་པད་མ་སེར་ཆེན་དང༌། །ཨ་གར་སྐལ་བཟང་ཐག་འཁྱུད་དང༌། །ཨུཏྤལ་ཧ་ལོ་སྒྲོལ་མ་དང་།།ཡང་ཅུན་ལུག་མིག་སྤང་རྒྱན་དང༌། །འཇམ་དབྱངས་ལ་སོགས་མཐའ་ཡས་ལ། །ལྕག་ལྕམ་པ་གུར་གུམ་ལྕུམ།།ཏིག་ཏ་མ་ནུ་གངས་ལྷ་སོགས། །སྨན་གྱི་རིགས་ཀྱང་བགྲང་ལས་འདས།།
01_07_03.jpg   01_07_04.jpg   01_07_02.jpg
མ་ནི་རུ་རྟ།                                                      དབྱི་མོ་ནག་པོ།
 སྨན་རྩྭ།
 ཀུ་ཤ་སྡོ་དཀར་ཆིག་ཐུབ་དང༌།།མཁན་པ་སྤང་སྤོས་སུར་ནག་དང༌།།དབྱར་རྩྭ་དགུན་འབུ་འཇག་མ་དང༌།།འདམ་རྩྭ་དྲེས་མ་ཐང་ཁྲོམ་དང༌།།དུར་བ་སྤྲ་བ་རྩི་རྒོད་སོགས།།རྩྭ་ལྡུམ་རིགས་ཏེ་སྨན་ཡང་མང༌།།
01300000928525128179121074533.jpg  01_07_123.jpg 
       མེ་ཏོག་གངས་ལྷ།                         ལྕུམ།                         
 
སྔོ་ཚོད་ཀྱི་སྐོར།
སྔོ་ཚོད་རིགས་ལ་ཞོག་ཁོག་དང༌།།ལ་ཕུག་ཆིན་ཚད་ཉུང་མ་དང༌།།པད་ཚལ་སྒོག་པ་སྒ་སྐྱ་བཙོང༌།།ཨེར་མ་སེར་ཤ་ཤ་མོ་དང༌།།ཟྭ་ཆོད་རི་སྒོག་གོ་སྙོད་དང་། །གྲོ་མ་ལྕ་བ་སྣེ་རལ་སོགས།།རིགས་དང་རྣམ་གྲངས་མང་དུ་ཡོད།།
01_07_456.jpg   01_07_1333.jpg 
                   ཕ་ཝ་སྒོ་ཏི།
འབྲུའི་རིགས།
 ཁྲེ་དང་རྒྱ་སྲན་ཉུང་མ་ནས། །བྲ་བོ་སོ་བ་མོན་སྲན་གྲེའུ།།གྲོ་དང་ཡུངས་དཀར་སྲན་རིལ་དང༌། །ཟར་མ་སྲན་ཆེན་སྲན་ཆུང་དང༌། །འབྲས་སོགས་འབྲུ་ཡི་བྱེ་བྲག་གོ།    
 གཅན་གཟན་རི་དྭགས་ཀྱི་སྐོར།
རི་ཀླུང་སྐམ་གཤེར་ལ་གནས་པའི།།བདག་དུ་བཟུང་དང་མ་བཟུང་བའི།།སྲོག་ཆགས་ཤིན་ཏུ་མང་པ་སྟེ། །རྟ་དྲེལ་བོང་བུ་བ་ཕྱུགས་དང༌། །གླང་གཡག་འབྲི་མཛོ་མཛོ་མོ་དང་།རྭ་ལུག་བ་མན་རྔ་མོང་ཁྱི། །ཞི་མི་ཁྱིམ་བྱ་བདག་བཟུང་ལ།།སྟག་གཟིག་དོམ་དྲེད་གསའ་སྤྱང་ཀི །ཝ་མོ་ཕར་བ་སྲེ་མོ་གཡི།།གྲུམ་པ་ཨོག་དཀར་གཙོད་རྣ་བ།།རྒོ་བ་གླ་བ་ཤྭ་བ་སྤྲེའུ།།ཨབ་ར་རི་བོང་འཕྱི་བ་དང༌། །སྲེ་མོང་བྱི་བ་གཉན་འབྲོང་སོགས། །གཅན་གཟན་རི་དྭགས་སྣ་ཚོགས་ཡོད། །
2009082814362618494.jpg  dee70a1f-15dd-45e6-8d4f-9fb4daf58d94.jpg  01300000184280121756187217913_s.jpg
གླ་རྩི།                     དོམ་འཁྲིས།             གནའ་བ། 
འདབ ཆགས།
གཞན་ཡང་འདབ་ཆགས་རིགས་ལ་ནི། །རྒོད་དང་གོ་བོ་བྱ་གླག་ཁྲ། །ནེ་ལེ་བྱ་རོག་ཁྭ་ཏ་དང༌། །སྐྱུང་ཀ་སྐྱ་ཀ་ཁུ་བྱུག་དང༌། །ཐིང་རིལ་འཇོལ་མོ་ཅོ་ཀ་དང༌། །ནེ་ཙོ་སྤུ་ཤུད་ཕུག་རོན་དང༌། །ཁང་བྱིའུ་ཁུག་རྟ་རི་བྱིའུ་དང༌། །གོང་མོ་སྲེག་པ་འུག་པ་དང༌། །པགས་བྱེའུ་ལ་སོགས་མཐའ་ཡས་སོ།།
 ཆུར་གནས་སྲོག་ཆགས།
 
ཆུ་ལ་གནས་པའི་སྲོག་ཆགས་ལ། །ཁྲུང་ཁྲུང་ངང་བ་ངུར་བ་དང༌། །བྱ་གག་ཆུ་སྐྱར་ཆུ་བྱ་དང༌། །ཉ་དང་སྦལ་བ་གངས་སྦལ་དང༌། །རུས་སྦལ་སྡིག་སྲིན་འཇོང་མོ་དང༌། །སྲམ་
སོགས་རྣམ་གྲངས་མང་དུ་མཆིས།།
f7ab512c6dff31071d30896b.jpg    untitled.bmp 
རང་བྱུང་གི་གཏེར།
རང་རེའི་བོད་ཀྱི་ས་ཆ་འདིར། །རང་བྱུང་གཏེར་ཁ་མང་དུ་མཆིས། །གསེར་དངུལ་ཟངས་ལྕགས་ཞ་ཉེ་དང་།ཤ་ཚེ་ཏི་རྡོ་སོལ་དང༌། །ཅུ་གང་ས་སེར་ལྡོང་རོས་དང༌། །ཅོང་ཞི་རྡོ་ཞོ་རྡོ་དཀར་དང༌།།གཡང་ཊི་རྡོ་སྣུམ་ཨར་ཁ་དང༌། །ཤེལ་རྡོ་གཟི་དང་མཆོང་རྡོ་དང༌། །མུ་ཟི་མེ་རྡོ་རྡོ་ཏིང་གཡུ། །འབྲུག་རུས་ལ་སོགས་ཤིན་ཏུ་མང༌། །བྱེ་བྲག་གའན་དུ་ཤེས་པར་བྱ།།
 2_103652_1.jpg   u=3297828772,2511109673&fm=15&gp=0.jpgu=152069789,398498609&fm=15&gp=0.jpg 
               མུ་ཏིག
བསམ་གཞིག      སྦྱང་གཞི།
༡.སློབ་ཚན་འདི་ཡང་ཡང་གྱེར་ཀློག་བྱེད་རྒྱུ།
༢. གཤམ་གྱི་ཐ་སྙད་འདི་དག་ལས་གང་དག་ནི་སྐྱེ་དངོས་དང་སྲོག་ཆགས། གཏེར་ཁ་ཡིན་པ་ངོས་ཟུངས།གྱལཏ། སྤྱང་ཀི སྤང་རྒྱན། ཀུ་ཤུ དྲེལ། མཁན་པ།སྒོག་པ། ཞི་མི།ལ་ཕུག སྐྱུང་ཀ གསེར། རྡོ་སོལ།
༣.རང་ཉིད་ཀྱིས་མཐོང་སྣང་བྱུང་བའི་སྐྱེ་དངོས་དང་སྲོག་ཆགས།གཏེར་ཐོན་དངོས་རྫས་གང་དག་ཡོད་པ་ཤོད།

 

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2010 Teducn.com
E-mail:gangjian_xn@yahoo.com.cn
phone:18697115278
  དྲ་ཚིགས་འདིའི་པར་དབང་ཡོད་ཚད་ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@yahoo.com.cn
འབྲེལ་གཏུགས་ཁ་པར། 18697115278 青ICP备10000257号