ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྐབས་དོན་འཕྲིན་གསར། > སློབ་གསོ་གསར་འགྱུར།
༄༅། །ཤིན་ཧྭ་གསར་འགྱུར་ཁང་གི་ཟླ་ལྔ་པའི་ཚེས་དྲུག་ཉིན་བསྒྲགས་པའི་གསར་འགྱུར།
སྤེལ་དུས།05-12  ཡོང་ཁུངས། ཞིན་ཧ་གསར་འགྱུར་ཁང།  རྩོམ་པ་པོ།

244b2b383152076465bc01.jpg

               ༄༅། །རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་བིན་ཅ་པའོ་ཡི་ཚེས་ལྔ་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་མགོ་འཛིན་མཛད་པར་མ་ཟད། རྒྱལ་ཁབ་ཀྱི་ཡུན་རིང་གི་སློབ་གསོའི་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་རྩ་གནད་ལོ(2010-2020)》ལ་ཞིབ་བཤེར་གྲོས་མོལ་བྱས།

      ཚོགས་འདུ་སྟེང་རྒྱལ་ཁབ་ཀྱི་ཡུན་རིང་དུ་གནས་པའི་འཕེལ་རྒྱས་དང་བཅོས་བསྒྱུར་རྩ་གནད་མགོ་ཁྲིད་ཚན་ཆུང་གི་གཞུང་སྒྲུབ་ཁང་གིས་༼རྩ་གནད་༽བཅོས་སྒྲིག་གི་བྱ་བར་གསན།
      ཚོགས་འདུ་སྟེང་བསྟན་དོན། མ་འོངས་པའི་ལོ་ངོ་ཉི་ཤུའི་རིང་རང་རྒྱལ་གྱི་དེང་རབས་ཅན་བཞི་འཛུགས་བསྐྲུན་བྱེད་པར༼གོམས་སྟབས་གསུམ་པའི་༽འཐབ་ཇུས་ཀྱི་རྩ་གནད་འཕེལ་རྒྱས་དེ་ལག་བསྟར་དང་། རྒྱལ་ཁབ་ཀྱི་ཡུན་རིང་གི་སློབ་གསོའི་བཅོས་བསྒྱུར་དང་འཕེལ་རྒྱས་རྩ་གནདགཏན་འཁེལ་བྱས་ཏེ། ལོ་རྒྱུས་ཀྱི་དུས་རིམ་གསར་བའི་འོག་ཏུ་སློབ་གསོ་འཕེལ་རྒྱས་དང་བཅོས་བསྒྱུར་འཕེལ་རྒྱས་སུ་བཏང་ཏེ། མི་ཤུགས་ཐོན་ཁུངས་ཀྱི་འཕེལ་རྒྱས་དང་རྒྱལ་ཁབ་སྟོབས་ལྡན། མི་དམངས་དམངས་ཚོགས་ཀྱི་སློབ་གསོའི་གལ་ཆེན་རང་བཞིན་གྱི་དགོངས་པ་གང་ལེགས་བྱ་རྒྱུ་དང་མི་དམངས་དུང་ཕྱུར་མང་པོ་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་པར་ནུས་ཤུགས་འདོན་པར་བྱ་རྒྱུ། ༼རྩ་གནད་༽དེ་ལོ་འཁོར་གཅིག་དང་ཟླ་བ་འགའི་རིང་ལ་ཐེངས་གཉིས་སུ་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་ལ། མིག་སྔར་འཕེལ་རྒྱས་འགྲོ་བཞིན་པའི་སྒང་ཡིན་ཟེར། 
      ཚོགས་འདུ་སྟེང་ནན་གྱིས་བསྟན་དོན། མ་འོངས་པའི་ལོ་ངོ་བཅུ་ཡི་རིང་ལ་རང་རྒྱལ་གྱི་སློབ་གསོའི་བཅོས་བསྒྱུར་དེ་འཕེལ་རྒྱས་དང་མི་དཀྱིལ་སྙིང་བྱེད་པ། བཅོས་བསྒྱུར་དང་གསར་བཏོད། འདྲ་མཉམ་དང་རང་དབང་། སློབ་གསོའི་སྤུས་ཚད་མཐོར་འདེགས་སུ་གཏོང་བར་བྱེད་རྒྱུ་ཡིན་ཟེར།
དང་པོ། སློབ་གསོའི་འཕེལ་རྒྱས་དེ་འཕེལ་རྒྱས་ཀུན་ལས་མཆོག་ཏུ་འཛིན་དགོས་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་སློབ་གསོའི་མ་ལག་ཞིག་ཏུ་ཆགས་སུ་འཇུག་རྒྱུ་དང། སློབ་ན་མ་སོན་པའི་གོང་གི་སློབ་གསོའོ་འཕེལ་རྒྱས་ཁྱབ་བརྡལ། ལོ་དགུའི་འགན་བབས་སློབ་གསོའི་ཆུ་ཚད་ཀྱི་ལས་འགན་བརྟན་བརླིང་བྱེད་རྒྱུ་དང་། འགན་བབས་སློབ་གསོ་འཕེལ་རྒྱས་བྱེད་པར་མཐོང་ཆེན་བྱས་ཏེ། མཐོ་འབྲིང་རིམ་པའི་སློབ་གསོའི་ཚད་རིམ་མཐོར་འདེགས་སུ་བྱེད་པ་དང་། ལས་རིགས་སློབ་གསོའི་གནས་བབས་དེ་སྔོན་ལས་ཀྱང་མཐོང་ཆེན་དང་ལྷག་པར་དུ་ཞིང་ལས་ས་ཁུལ་གྱི་ལས་རིགས་སློབ་གསོའི་འཕེལ་རྒྱས་དེ་ལ་ཕྱོགས་ཡོངས་ནས་གཙིགས་སུ་འཛིན་དགོས། དེར་མ་ཟད། ཕྱོགས་ཡོངས་ནས་སློབ་གསོའི་སྤུས་ཚད་ཤུགས་ཆེན་གྱིས་མཐོར་འདེགས་དང་མཐོ་རིམ་སློབ་གསོའི་གཞི་རྐང་བཟང་པོ་ཞིག་ཆགས་སུ་འཇུག་པ་དང་། འཛམ་གླིང་ཡོངས་ཀྱི་སྣེ་ཁྲིད་ཀྱི་ནུས་པ་ཐོན་པའི་སློབ་གྲྭ་ཆེན་མོ་བ་ཞིག་བྱེད་པར་ནུས་ཤུགས་གང་ཡོད་བཏོན་དེ། རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་སློབ་གསོ་ལ་ཤུགས་ཆེན་དང་། མི་རིགས་ལས་དོན་ལ་རྒྱབ་སྐྱོར་དང་དམིགས་བསལ་སློབ་གསོའི་ལས་དོན་ལ་སེམས་འཁུར་དང་མཛུབ་སྟོན་གནང་དགོས། 
       གཉིས་པ། མི་ལྟེ་གནས་ཡིན་པ་དེ་སློབ་གསོའི་དཀྱིལ་སྙིང་དང་བྱ་བའི་དམིགས་ཡུལ་དུ་བཟུང་དགོས་ལ། སློབ་གསོ་ཆོས་ཉིད་དང་སློབ་མའི་ལུས་སེམས་ཀྱི་འཕེལ་རྒྱས་ལ་བརྩི་བཀུར་བྱེད་དགོས་པར་མ་ཟད།  དགེ་རྒན་གྱི་མཛུབ་སྟོན་འོག་ཏུ་སློབ་མ་གཙོར་བོར་བཟུང་དགོས་ལ། སློབ་མའི་རང་འགུལ་ནུས་པ་དང་བརྩོན་སེམས་སོགས་མཐོར་འདེགས་སུ་བཏང་ཏེ། སློབ་མའི་འཕེལ་རྒྱས་དང་འཇོན་ཐང་ནུས་ལྡན་ཞིག་ཏུ་བྱེད་པ་དེ་སློབ་གསོའི་གཞི་རྐང་ལྟ་བུ་ཞིག་ཏུ་འགྱུར་བར་བྱེད་དགོས།
གསུམ་པ། བཅོས་བསྒྱུར་དང་གསར་བཏོད་ནི་སློབ་གསོ་འཕེལ་རྒྱས་སུ་འགྲོ་བའི་སྐུལ་འདེད་ཀྱི་ནུས་པ་ཐོན་ཏུ་འཇུག་དགོས་ལ། ལྷད་ཀྱིས་མ་གོས་པའི་སློབ་གསོའི་མ་ལག་ཞིག་དང་སློབ་གསོའི་དོ་དམ། སློབ་གྲྭ་འཛུགས་བསྐྲུན་བྱེད་པ། སློབ་གསོའི་སྤུས་ཚད་དང་སློབ་བསྡུ་བྱེད་པའི་སྒྲིག་ལམ་སོགས་ཆ་ཚང་དུ་གཏོང་དགོས་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་སློབ་གྲྭ་འཛུགས་བསྐྲུན་བྱེད་དགོས། སྒེར་བཙུགས་སློབ་གྲྭ་དང་ཁེ་ལས། ལས་རིགས་མི་འདྲ་བ་དག་ལ་རྒྱབ་སྐྱོར་བྱས་ཏེ་མང་ཚོགས་ཀྱི་འདོད་པ་དང་འཚམ་དུ་འཇུག་དགོས་པར་མ་ཟད། ས་གནས་རང་བཞིན་དང་གཞི་རིམ་སློབ་གྲྭ་སོགས་ལ་སྐུལ་འདེད་བྱས་ཏེ་ཧུར་ཐག་སྒོས་འཚོལ་ཞིབ་དང་གསར་རྙེད། ཚོད་ལྟ་བྱས་ཏེ།  སློབ་གསོ་རྒྱ་བསྐྱེད་དང་ཐོན་ཁུངས་སྔོག་འདོན་བྱས་ཏེ་རྒྱལ་སྤྱིའི་སློབ་གསོའི་ཆུ་ཚད་དེར་གང་ནུས་སྒོས་ཐོན་དུ་འཇུག་དགོས་པ།
       བཞི་པ། འདྲ་མཉམ་དེ་རང་རྒྱལ་གྱི་སློབ་གསོའི་རྨང་གཞི་ཡི་རྩ་བའི་ཐབས་ཇུས་ཡིན་པ་དང་། སྤྱི་དམངས་ཀྱི་འདྲ་མཉམ་གྱི་ཁེ་ཕན་དེར་འགན་སྲུང་དང་འགན་ལེན་བྱེད་པའི་གོ་སྐབས་སྤྲོད་དགོས།  སློབ་གསོའི་ཁེ་ཕན་རང་བཞིན་དང་གཉིས་ཕན་རང་བཞིན་དེར་རྒྱུན་སྐྱོང་བྱེད་པ་དང་། གཞི་རིམ་དང་གྲོང་གསེབ་ཀྱི་སློབ་གྲྭའི་བར་ཁྱད་དེ་ཆུང་དུ་བཏང་ནས་གྲོང་གསེབ་ནས་ཀྱང་སློབ་གྲྭ་བཟང་པོ་ཞིག་དང་སློབ་མ་བཟང་པོ་ཞིག་གསོ་སྐྱོང་བྱེད་རྒྱུ་དེ་ཡིན་ཟེར། ཐུན་མོང་གི་སློབ་གསོའི་ཐོན་ཁུངས་དེ་འོས་འཚམ་ངང་བཀོད་སྒྲིག་བྱེད་པ་དང་། ཞིང་ལས་ས་ཁུལ་དང་དབུལ་ཕོངས་ས་ཁུལ་ནས་མི་རིགས་རང་སྐྱོང་ས་ཁུལ་སོགས་སུ་འཕེལ་རྒྱས་སུ་བཏང་ཏེ། གྲོང་ཁྱེར་དང་གཞི་རིམ་བར་གྱི་ཆད་ལྷག་དེ་ཡོ་བསྲང་བྱེད་དགོས་པ་དང་། དབུལ་ཕོངས་ས་ཁུལ་གྱི་སློབ་གྲོགས་ཚོར་རོགས་རམ་བྱས་ཏེ་ཁོ་ཚོས་ཁྱིམ་གྱི་དཔལ་འབྱོར་ཡོང་ཁུངས་ཞན་ནས་སློབ་གྲྭར་འགྲོ་མི་ཐུབ་པའི་གནས་ཚུལ་དེ་འདྲ་མི་འབྱུང་ཆེད་ཧུར་ཐག་འབད་འབུངས་བྱེད་དགོས།
       ལྔ་པ། སྤུས་ཚད་དེ་སློབ་གསོའི་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་རྩ་བར་བཟུང་དགོས། མི་དམངས་མང་ཚོགས་ལ་སློབ་གསོའི་ནུས་པ་བསྐྱེད་བསྲིང་བྱེད་རྒྱུ་དང་། སློབ་གསོའི་འཕེལ་རྒྱས་ཀྱི་ནང་སྙིང་དང་སློབ་གྲྭ་ཁྱད་ཆོས་ལྡན་པའི་ངང་འཛུགས་བསྐྲུན་བྱེད་པ་དང་ཆུ་ཚད་དང་ལྡན་པའི་ངང་འཛུགས་བསྐྲུན་བྱེད་དགོས་པ། སྤུས་ཚད་སློབ་གསོའི་ཆུ་ཚད་དེ་མཐོར་འདེགས་དང་མི་དམངས་མང་ཚོགས་ཀྱི་སློབ་གསོའི་འདོད་བློ་དེ་ཚིམས་སུ་འཇུག་དགོས་པའོ།
       ཚོགས་འདུ་སྟེང་ནན་གྱིས་བསྟན་དོན། ༼རྩ་གནད༽ཀྱི་དམིགས་ཡུལ་དེ་མངོན་དུ་འགྱུར་ཆེད། སློབ་གསོའི་འཕེལ་རྒྱས་དང་བཅོས་བསྒྱུར་དེར་འགན་ལེན་བྱེད་དགོས་པར་མ་ཟད། ལྷག་པར་དུ་སློབ་གསོའི་འཕེལ་རྒྱས་ཀྱི་ཕྱོགས་ལ་མ་དངུལ་འབོར་ཆེན་བཏང་སྟེ་རྒྱལ་དམངས་ཐོན་བསྐྱེད་ཀྱི་རིན་ཐང་བསྡོམས་འབོར་དེ་སྤྱི་ལོ་༢༠༡༢ལ་བརྒྱ་ཆའི་༤རུ་ཐོན་དུ་འཇུག་དགོས་པས་རྒྱལ་ཁབ་ཀྱི་ནོར་སྲིད་ཁང་གི་འགྲོ་གྲོན་སོགས་གཏོང་ལེན་བྱེད་དགོས། དགེ་རྒན་གྱི་དཔུང་སྡེ་འཛུགས་བསྐྲུན་བྱེད་པ་དང་དགེ་རྒན་གྱི་ཐོབ་ཐང་དང་འཚོ་བའི་ཐོབ་ཐང་མཐོར་འདེགས་སུ་གཏོང་དགོས་པ་དང་། དགེ་རྒན་གྱི་རྒྱུ་སྤུས་མཐོར་འདེགས་དང་སློབ་གསོ་རིག་པ་བའི་མཛུབ་སྟོན།སློབ་མའི་ཚེ་གང་གི་སློབ་གསོ་དང་ལྷག་པར་དུ་དབུལ་ཕོངས་ས་ཁུལ་གྱི་སློབ་གསོའི་ནུས་པ་མཐོར་འདེགས་སུ་གཏོང་དགོས་པ། ཧུར་ཐག་གི་སྤུས་ཚད་མཐོ་བའི་དགེ་རྒན་གྱི་དཔུང་སྡེ་ཞིག་དང་། བཀོད་སྒྲིག་འོས་འཚམ། བྱ་བར་འབད་འབུངས། གཞན་ཕན་བདེ་ལ་བཀོད་པའི་དགེ་རྒན་གྱི་དཔུང་སྡེ་ཞིག་འཛུགས་བསྐྲུན་བྱེད་དགོས་པར་གསུངས། །
 
 
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号