ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྐབས་དོན་འཕྲིན་གསར། > སློབ་གསོ་གསར་འགྱུར།
༄༅། །ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་མཚོ་ཉིན་ལྟེ་བའི་སློབ་ཆུང་གིས་སྨྱན་ཆས་སྒྲིག་བཟོ་འགྲན་བསྡུར་གྱི་བྱ་འགུལ་སྤེལ།
སྤེལ་དུས།06-25  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།ཆོས་འཁོར་བཀྲ་ཤིས།

 དང་པོ། བྱ་འགུལ་གྱི་དམིགས་ཡུལ།

 

ཚན་རིག་འཕེལ་རྒྱས་ཀྱི་ཚ་རླབས་བསྐྱོམས་པའི་དུས་རབས་ཉེར་གཅིག་པ་ནི་རྒྱལ་ཁབ་དང་མི་རིགས། ས་ཁུལ་གྱི་རིག་གནས་དང་སློབ་གསོ། དཔལ་འབྱོར་བཅས་སྒོ་ཀུན་ནས་འཕེལ་རྒྱས་ཀྱི་དུས་རིམ་གསར་བ་ཞིག་སླེབས་པའི་དུས་ཤིག་ཡིན་ལ།  སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་སློབ་གསོར་རྒྱབ་སྐྱོར་དང་མཐོང་ཆེན་བྱེད་པའི་འདུ་ཤེས་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད། དུས་མཚུངས་སུ་སློབ་གྲྭའི་སློབ་གསོ་ནི་དུས་རབས་གསར་བར་ཁ་ཕྱོགས་དགོས་པ་དང་། སློབ་གྲྭའི་སློབ་གསོས་དུས་རབས་ཀྱི་དགོས་མཁོ་དང་འཚམ་པའི་ཤེས་ལྡན་མི་སྣ་བསྐྱེད་བསྲིང་བྱེད་དགོས་པ་སོགས་སྔོན་དང་མི་འདྲ་བའི་རེ་འདུན་ནན་མོ་འདོན་བཞིན་ཡོད་པས། ངེད་སློབ་གྲྭས་དགེ་རྒན་རྣམས་ཀྱི་སློབ་ཁྲིད་ཀྱི་ལྟ་བ་བསྒྱུར་བཅོས་གཏོང་བ། སློབ་ཁྲིད་ཀྱི་ནུས་རྩལ་མཐོར་འདེགས་ཡོང་བ། སློབ་ཁྲིད་སློབ་གསོའི་རྣམ་པར་བསྒྱུར་བཅོས་གཏོང་བ།  སྨྱན་ཆས་སྒྲིག་བཟོའི་ནུས་པ་གསོ་སྐྱོང་བྱེད་པ། སྨྱན་གཟུགས་སྒྲིག་ཆས་བཀོལ་སྤྱོད་ཀྱི་ནུས་པ་གསོ་སྐྱོང་བྱས་ཏེ། དེང་རབས་སློབ་ཁྲིད་ཀྱི་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་ཐུབ་པ་བཅས་དགེ་རྒན་གྱི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་དམིགས་ནས་སྨྱན་ཆས་སྒྲིག་བཟོའི་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ་རེད།

 

q.jpg

 
 

2q.jpg

 
 

3q.jpg

 

གཉིས་པ།  བྱ་འགུལ་གྱི་བརྒྱུད་རིམ།

༡ འགྲན་བསྡུར་མ་བྱས་པའི་སྔོན་༼ ཉིན་ཕྱེད་ཀྱི་དུས་ཚོད་ནང་༽ལ་རང་ཉིད་ཀྱིས་ནང་དོན་ཇི་ལྟར་ཇུས་འགོད་བྱེད་པར་གྲ་སྒྲིག་བྱེད་དུ་བཅུག་པ་དང་། འགྲན་བསྡུར་གྱི་དུས་ཡུན་ཆུ་ཚོད་གཉིས་གཏན་འཁེལ་བྱས་ཤིང་། གཏན་འཁེལ་བྱས་པའི་དུས་ཚོད་ནང་བཟོས་ཨེ་ཚར་ལ་འབད་བརྩོན་བྱ་དགོས་པ་དང་། གལ་ཏེ་མ་ཚར་ནའང་དུས་ཚོད་ཐོན་ཚེ་མཚམས་འཇོག་དགོས།

4q.jpg
༣ འགྲན་བསྡུར་གྱི་སྐབས་སུ་སྨྱན་ཆས་སྒྲིག་བཟོར་མཁོ་བའི་རྒྱུ་ཆ་ཚང་མ་ཡུལ་དངོས་ནས་PPTནང་ཡོད་པ་དག་དང་དྲ་ཐོག་ནས་ཕབ་ལེན་བྱེད་པ་
5q.jpg
 

མ་གཏོགས། སྔར་གྲ་སྒྲིག་བྱས་པའི་རྒྱུ་ཆ་ཡིག་སྣོད་ནང་ཁྱེར་ནས་བེད་སྤྱོད་གཏང་བའམ་ཐབས་ལམ་གཞན་ལ་བརྟེན་ནས་ཁྱེར་མི་ཆོག་པ།

༤  འགྲན་བསྡུར་གྱི་སྐབས་སུ་སློབ་སྐབས་འདིའི་སློབ་དེབ་མ་གཏོགས་གཞན་གང་ཡང་ཁྱེར་མི་ཆོག་  ༼ ཡིག་སྣོད་ཁྱེར་བའམ་གློག་ཀླད་སྟེང་ཁྱེའུ་འཕྲིན་ནམ་QQ ཐོ་འཇུག་བྱས་མི་ཆོག ༽པ་སོགས་འགྲན་བསྡུར་མ་བྱས་སྔོན་གྱི་གྲ་སྒྲིག་གང་ལེགས་བྱས་རྗེས། ༢༠༡༧ལོའི་ཟླ༦ཚེས་༢༢ཉིན་གྱི་དགོང་མོ་ཆུ་ཚོད་བརྒྱད་པ་ནས་བཅུ་བའི་བར་རྩིས་འཁོར་སློབ་ཁང་ནང་དངོས་སུ་འགྲན་བསྡུར་བྱས་པ་རེད།

6q.jpg

བོད་རྒྱ་རྩིས་གསུམ་བཅས་བསླབ་ཚན་གསུམ་པོའི་དགེ་རྒན་ཉི་ཤུ་ལྷག་འགྲན་བསྡུར་ལ་ཞུགས་ཤིང་།

སློབ་སྐབས་འདིའི་འཁྲིད་བྱའི་ནང་དོན་ལས་སློབ་ཐུན་གཅིག་གི་ནང་དོན་ཇུས་འགོད་དང་སྒྲིག་བཟོ་བྱས་པ་རེད།

7q.jpg

བདུན་པ།  བྱ་འགུལ་གྱི་མཇུག་འབྲས། 

ཐེངས་འདིའི་འགྲན་བསྡུར་ནི་གཙོ་བོ་དགེ་རྒན་རྣམ་པས་ལོ་འདི་དག་གི་རིང་ལ་སློབ་གྲྭའི་ནང་ཁུལ་གྱི་རྩིས་འཁོར་གསབ་སྦྱོང་གི་གོ་རིམ་ཁྲོད་སློབ་སྦྱོང་བྱས་པའི་གནས་ཚུལ་དངོས་ལ་རྒྱུས་ལོན་དང་། གསབ་སྦྱོང་གིས་དགེ་རྒན་གྱི་རྩིས་འཁོར་བཀོལ་སྤྱོད་ཐད་ཕན་ནུས་ཐོན་བཞིན་ཡོད་མེད་ལ་ཚོད་བགམ་པའི་ཕྱིར་དུ་ཡིན་པས། དཔྱད་འདེམས་པས་དགེ་རྒན་རྣམ་པའི་སྨྱན་ཆས་ཀྱི་པར་ངོས་སྒྲིག་བཟོ་དང་ནང་དོན་ཇུས་འགོད་ཐད་འོས་འཚམ་དང་གྲ་དག་ཅིག་ཡིན་མིན་ལ་གཞིགས་ཏེ། སྐད་ཡིག་དང་རྒྱ་ཡིག  གྲངས་རིག་བཅས་བསླབ་ཚན་གསུམ་པོའི་ནང་སོ་སོར་ཨང་དང་པོ་གཅིག་དང་། ཨང་གཉིས་པ་གཅིག་རེ་གདམས་རྗེས་གཟེངས་རྟགས་གནངས་པ་རེད།

 

 

༢༠༡༧ལོའི་ཟླ༦ཚེས་༢༦ཉིན།           

           

 
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号