ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྐབས་དོན་འཕྲིན་གསར། > སློབ་གསོ་གསར་འགྱུར།
༄༅། །ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་མཚོ་ཉིན་ལྟེ་བའི་སློབ་ཆུང་གི་ཤེས་རིག་འགྲན་བསྡུར་གྱི་འགུལ་སྤེལ།
སྤེལ་དུས།11-30  ཡོང་ཁུངས།  རྩོམ་པ་པོ།ཆོས་འཁོར་བཀྲ་ཤིས།

 དང་པོ།   བྱ་འགུལ་གྱི་དམིགས་ཡུལ།

          སློབ་མ་རྣམས་ཀྱི་བསམ་གཞིག་གི་ནུས་པ་དང་སློབ་སྦྱོང་གི་གོམས་གཤིས་གསོ་སྐྱོང་བྱེད་པ་དང་། བསླབ་བྱའི་ནང་དོན་རྒྱ་བསྐྱེད་བཏང་བ། སློབ་མའི་རྨང་གཞིའི་ཤེས་བྱའི་ཆུ་ཚད་ལ་ཚོད་བགམ་བྱེད་པ་བཅས་དམིགས་ཡུལ་དུ་བཟུང་སྟེ་༢༠༡༧ལོའི་ཟླ༡༡ཚེས༢༩ཉིན་༼རེས་གཟའ་ལྷག་པ༽གྱི་ཕྱི་དྲོ་ངེད་སློབ་གྲྭས་བོད་རྒྱ་རྩིས་ཀྱི་ཤེས་རིག་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ་རེད།
གཉིས་པ། བྱ་འགུལ་གྱི་བརྒྱུད་རིམ། ༡ བྱ་འགུལ་མ་སྤེལ་སྔོན་ལ་སློབ་གྲྭ་དང་སློབ་སྟོན་ཁང་གི་བཀོད་སྒྲིག་འོག་སློབ་དཔྱོད་ཁང་སོ་སོའི་འགན་ཁུར་བས་རང་གི་ཚོགས་མི་རྩ་འཛུགས་བྱས་ཏེ་སློབ་རིམ་སོ་སོའི་སློབ་མའི་ཤེས་ནུས་ཀྱི་ཆུ་ཚད་དང་འཚམ་པའི་རྨང་གཞིའི་སྐོར་གྱི་དྲི་ཚིག་འཚོལ་བསྡུ་བྱས་པ་དང་། བྱ་འགུལ་སྤེལ་སྐབས་ཀྱི་མི་སྣ་བཀོད་སྒྲིག་བྱས།
W1.jpg
 
W2.jpg
 
W3.jpg
       ༢ སློབ་རིམ་སོ་སོའི་རིག་སྟོབས་མི་འདྲ་བར་གཞིགས་ཏེ་དམའ་རིམ་དང་འབྲིང་རིམ། མཐོ་རིམ་བཅས་སློབ་རིམ་གསུམ་དུ་ཕྱེ་ནས་དྲི་ཚིག་འཚོལ་བསྡུ་བྱས་ཤིང་། བྱ་འགུལ་གྱི་ཡུལ་དངོས་བཀོད་སྒྲིག་བྱས། ༼ གཅིག་ཐོག་ཏུ་དམའ་རིམ་འཛིན་གྲྭ ཉིས་ཐོག་ཏུ་འབྲིང་རིམ་འཛིན་གྲྭ   སུམ་ཐོག་ཏུ་མཐོ་རིམ་འཛིན་གྲྭ་བཅས་རིམ་པ་ལྟར་བཀོད་སྒྲིག་བྱས། ༽
     ༣ ཚེས་༢༩ཉིན་དངོས་སུ་བྱ་འགུལ་སྤེལ་བ་སྟེ། བསླབ་ཚན་སོ་སོའི་དགེ་རྒན་གྱིས་འཚོལ་བསྡུ་བྱས་པའི་དྲི་ཚིག་གི་ནང་དོན་ལ་ངག་ཐོག་ནས་ལན་བཏབ་པ་དང་། ལན་འགྲིག་ཚེ་བྱ་དགའི་ལེགས་སྐྱེས་གནང་བ་རེད།   འགྲན་སྡུར་མཇུག་རྫོགས་རྗེས་སློབ་མ་ཡོངས་ཀྱིས་དྲི་ཚིག་རེ་རེའི་ལན་ལ་གསལ་ཆ་ཡོད་པའི་ཆེད་དུ་དྲིས་ལན་རེ་རེ་བཞིན་ཁ་གསལ་བོའི་སྒོ་ནས་གསལ་བཤད་བྱས་པ་རེད།
W4.jpg
 
W5.jpg
 
གསུམ་པ། ཕྱོགས་བསྡོམས།
 
W6.jpg
 
W7.jpg
 
W8.jpg
     ཐེངས་འདིའི་བྱ་འགུལ་ནི་བསླབ་ཚན་སྤྱི་ལ་ཁྱབ་པ་ཞིག་ཡིན་པ་དང་། སློབ་མའི་ཤེས་ནུས་སམ་བློ་ཁ་དང་འཚམ་པའི་དྲི་གཞི། བསླབ་ཚན་དང་འབྲེལ་བ་ཡོད་པའི་དྲི་གཞི། སློབ་ཆུང་སློབ་མ་ཚོར་མཚོན་ན་ཆེས་རྨང་གཞིར་གྱུར་བའི་རྒྱུན་ཤེས་སོགས་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡིན་པས། སྔོན་དཔག་གི་དམིགས་ཡུལ་དེ་ལམ་ལྷོངས་བྱུང་ཞིང་། སློབ་མའི་སློབ་སྦྱོང་གི་སྤྲོ་སེམས་དང་འདོད་འདུན་བསྐྱེད་བསྲིང་། ཡིད་ཆེས་སམ་རང་བཀུར་གྱི་བསམ་བློ། བསམ་གཞིགས་ཀྱི་ནུས་པ་བཅས་སློབ་མའི་ཕྱོགས་ཡོངས་ཀྱི་ནུས་པ་བསྐྱེད་བསྲིང་ལ་ནུས་པ་མི་དམན་པ་ཞིག་ཐོན་ཡོད་པར་སྙམ།
 
 
 
༢༠༡༧ལོའི་ཟླ༡༡ཚེས༣༠ཉིན།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号