ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྐབས་དོན་འཕྲིན་གསར། > སློབ་གསོ་གསར་འགྱུར།
༄༅། །༢༠༡༧ནས་༢༠༡༨ལོའི་སློབ་སྐབས་དང་པོའི་མཚོ་ཉིན་ལྟེ་བའི་སློབ་ཆུང་གི་སློབ་ཚན་བློར་འཛིན་འགྲན་བསྡུར་གྱི་བྱ་བའི་ཕྱོགས་བསྡོམ།
སྤེལ་དུས།12-11  ཡོང་ཁུངས།  རྩོམ་པ་པོ།
དང་པོ། བྱ་འགུལ་གྱི་དམིགས་ཡུལ།  
    སློབ་ཆུང་དུས་རིམ་གྱི་སློབ་མར་མཚོན་ན་སྒྲ་དག་ཅིང་འབྲུ་གསལ་བ། ཚིག་གི་གཅོད་མཚམས་འགྲིག་པ། བརྩེ་བ་དང་ཉམས་འགྱུར་གྱིས་ཕྱུག་པའི་སྒོ་ནས་སློབ་ཚན་ཀློག་ཤེས་པའི་རྨང་གཞིའི་སྟེང་། ཉེར་མཁོ་དང་གལ་ཆེ་ཤོས་ཀྱི་རིགས་བློར་བཟུང་ནས་ཕྱིས་ཀྱི་སློབ་སྦྱོང་གི་ཆུ་ཚད་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་གཏིང་རྒྱུ་དེའང་གལ་འགངས་ཆེ་ཤོས་ཀྱི་སློབ་སྦྱོང་གི་རིམ་པ་ཞིག་ཡིན་པས། ངེད་མཚོ་ཉིན་ལྟེ་བའི་སློབ་ཆུང་གིས་སློབ་གྲྭ་དང་སློབ་སྟོན་ཁང་གི་སློབ་སྐབས་འདིའི་བྱ་བའི་འཆར་གཞི་ལྟར་བོད་རྒྱ་གཉིས་ཀྱི་སློབ་ཚན་བློར་འཛིན་འགྲན་བསྡུར་གྱི་བྱ་འགུལ་ཐེངས་ཤིག་སྤེལ་བ་རེད། 

 

གཉིས་པ། བྱ་འགུལ་མ་སྤེལ་བའི་སྔོན་གྱི་གྲ་སྒྲིག  

      ༡ ཐེངས་འདིའི་བྱ་འགུལ་ནི་གཙོ་བོ་སློབ་མའི་སློབ་ཚན་བློར་འཛིན་གྱི་ནུས་པ་གསོ་སྐྱོང་དང་། བློར་བཟུང་བའི་གནས་ཚུལ་རྒྱུས་ལོན་ལ་དམིགས་པའི་བྱ་འགུལ་ཞིག་ཡིན་པས། ལོ་རིམ་གཉིས་པ་ནས་དྲུག་པའི་བར་གྱི་འཛིན་གྲྭའི་འཛིན་བདག་དང་། བོད་ཡིག   རྒྱ་ཡིག་གི་དགེ་རྒན་བཅས་ཀྱིས་རྩ་འཛུགས་བྱས་ཏེ་འཛིན་གྲྭའི་ནང་ཁུལ་ནས་བོད་ཡིག་དང་རྒྱ་ཡིག་སོ་སོར་སློབ་མ་གསུམ་རེ་བདམས་ཏེ་འགྲན་ཞུགས་སློབ་མའི་མིང་ཐོ་སློབ་སྟོན་ཁང་ལ་སྤྲད། 

   1.jpg 

 

    ༢ ལོ་རིམ་སོ་སོའི་བོད་ཡིག་དང་རྒྱ་ཡིག་དགེ་རྒན་གྱིས་སློབ་སྐབས་འདིའི་སློབ་དེབ་ངོས་ཀྱི་སློབ་མས་བློར་བཟུང་ཟིན་པའི་སློབ་ཚན་དག་ལ་རྟགས་བཀོད་ནས་སློབ་སྟོན་ཁང་ལ་སྤྲད།  
གསུམ་པ། བྱ་འགུལ་གྱི་བརྒྱུད་རིམ།
   
2.jpg
 
3.jpg
 
4.jpg
 
5.jpg
 
6.jpg
 
༡ ཐོག་མར་ལོ་རིམ་གཉིས་པ་དང་གསུམ་པ་དང་བཞི་བ། ལྔ་བ། དྲུག་པ་བཅས་ཀྱི་འགྲན་ཞུགས་སློབ་མས་རྒྱན་ཕྱུངས་ཏེ་འགྲན་བསྡུར་གྱི་གོ་རིམ་གཏན་འཁེལ་བྱས་པ་དང་། རྒྱན་ཕྱུངས་པའི་གོ་རིམ་ལྟར་འགྲན་བསྡུར་དངོས་སུ་མགོ་བརྩམས་པ་སྟེ། འཛིན་གྲྭ་སོ་སོའི་འགྲན་ཞུགས་སློབ་མས་རང་གིས་རྒྱན་ཤོག་བླངས་པའི་སློབ་ཚན་གྱི་ཁ་བྱང་ལྟར་    སྒྲ་དག་ཅིང་འབྲུ་གསལ་བ། སྒྲ་གདངས་མཐོ་དམའ་དང་དལ་མགྱོགས་རན་པའི་སྒོ་ནས་བློར་བཟུང་བ་རེད།  

  ༢ དཔྱད་འདེམས་དགེ་རྒན་གྱིས་སྔར་གཏན་འཁེལ་བྱས་པའི་དཔྱད་འདེམས་ཀྱི་ཚད་གཞི་ལྟར་སློབ་མས་བློར་བཟུང་བའི་གནས་ཚུལ་ལ་བལྟས་ནས་ཚང་མ་བློར་འཛིན་ཐུབ་པའི་སློབ་མར༨ ཡན་གྱི་སྐར་མ་དང་། བློར་མ་ཟིན་པའི་སློབ་མར་༦མན་གྱི་སྐར་མ་བརྒྱབ་སྟེ། གཟབ་ནན་གྱིས་འཛིན་གྲྭ་སོ་སོའི་བློར་བཟུང་བའི་གནས་ཚུལ་ལ་དཔྱད་འཇོག་བྱས། 
  ༣ སྐར་མ་རྩིས་རྒྱག་མཁན་དགེ་རྒན་གྱིས་དཔྱད་འདེམས་པས་བརྒྱབ་པའི་སྐར་གྲངས་ལྟར་འགྲན་ཞུགས་སློབ་མ་སོ་སོའི་སྐར་གྲངས་ཐོ་འགོད་དང་རྩིས་བརྒྱབ་ཏེ་ཨང་རིམ་སྒྲིག་པ་རེད།
 
བཞི་བ། བྱ་འགུལ་གྱི་མཇུག་འབྲས།
 

 

 

7.jpg
 
8.jpg
 

        ཐེངས་འདིའི་བྱ་འགུལ་གྱི་འགྲན་བསྡུར་གྱི་མཇུག་འབྲས་སམ་སྐར་གྲངས་གཞིར་བཟུང་ནས་ཨང་རིམ་ལྟར་ཨང་དང་པོ་དང་། ཨང་གཉིས་པ། ཨང་གསུམ་པ་བཅས་ཀྱི་འཛིན་གྲྭར་ཐུན་མོང་གི་གཟེངས་རྟགས་དང་། སློབ་ཚན་ཁ་ཚང་བར་བློར་བཟུང་བའི་སློབ་མ་༢༦ལ་ཕུལ་བྱུང་བྱ་དགའ་གནང་བ་དང་། སློབ་ཚན་ཁ་ཚང་བོར་བློར་མ་ཟིན་པའི་སློབ་མ་༤ལ་རྟིང་སྐུལ་བྱ་དགའ་གནང་བ་རེད།

 

 

 

 

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号