དང་པོ། བྱ་འགུལ་གྱི་དམིགས་ཡུལ།
སློབ་གྲྭའི་ནང་དུ་སློབ་གསེང་གི་བྱ་འགུལ་གྱིས་སློབ་མའི་སློབ་སྦྱོང་གི་སྤྲོ་སེམས་སྐྱེད་བསྲིང་དང་། འཚོ་བ་རོལ་སྟངས་ལ་གོམས་ཤིང་འདྲིས་པར་བྱེད་པ། རང་སྟོབས་རང་སྤེལ་གྱི་ནུས་པ་གསོ་སྐྱོང་བྱེད་པ་སོགས་ལ་ཕན་ནུས་ངེས་ཅན་ལྡན་པས། སློབ་མའི་སློབ་གསེང་གི་འཚོ་བ་ཕུན་སུམ་ཚོགས་པར་གཏོང་ཤིང་། ཁོ་ཚོའི་བསམ་གཞིག་གི་ནུས་པ་གསོ་སྐྱོང་དང་། གཟུགས་པོ་བདེ་ཐང་གི་ངང་ནས་འཚར་ལོངས་འབྱུང་བའི་སླད་དུ་སློབ་སྐབས་འདིའི་སློབ་གྲྭའི་བྱ་བའི་འཆར་གཞི་ལྟར། སྤོ་ལོ་དང་འགྱིག་གི་ནུས་རྩལ་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ་རེད།
གཉིས་པ། བྱ་འགུལ་གྱི་ནང་དོན་དང་བརྒྱུད་རིམ།
༡ ཐེངས་འདིའི་བྱ་འགུལ་ལ་རྒྱལ་བོ་དང་བློན་པོ། རྡེའུ་ཕྲེང་སྟར་གྱི་འགྱིག རི་བོང་ཁ་ཤོ ཞི་ལ་དང་ཙི་གུ རྒྱ་འགྱིག་བཅས་འགྱིག་གི་རིགས་རྣམ་གྲངས་ལྔ་ཡོད་པ་དང་། དྲ་འཕེན་སྤོ་ལོ་དང་རྐང་རྩེད་སྤོ་ལོ་བཅས་སྤོ་ལོའི་རིགས་རྣམ་གྲངས་གཉིས་ཡོད་ལ། རྣམ་གྲངས་སོ་སོའི་འགན་ཁུར་བས་ཤན་འབྱེད་པ་དང་། སྐར་གྲངས་ཐོ་འགོད་པ་བཀོད་སྒྲིག་བྱས་པ་དང་། ཚོ་ཆུང་བགོ་བ་དང་། འགྲན་ཞུགས་པའི་མིང་ཐོ་བཟོ་བ། འགྲན་རིམ་བཀོད་སྒྲིག་བྱེད་པ་སོགས་གྲ་སྒྲིག་ཚགས་སུ་ཆུད་པ་བྱས།
༢ ཟླ༩ཚེས་༡༢ཉིན་གྱི་ཕྱི་དྲོར་དངོས་སུ་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ་རེད། འདུ་འཛི་ཆེ་བའི་སློབ་རའི་ནང་དུ་སློབ་བུ་རྣམས་དགའ་སྤྲོ་དགོད་སྒྲ་དང་། འགྲན་ཞུགས་སློབ་མར་ཤུགས་རྒྱག་པའི་སྐད་འབོད་དང་། མཛུབ་སྟོན་དགེ་རྒན་གྱིས་སློབ་མར་འབོད་པའི་སྒྲ་བཅས་དུས་མཉམ་དུ་གྲགས་ཤིང་། ཁུ་སུམ་མེར་བསམ་གཞིག་གི་ཀློང་དུ་ཚུད་ཅིང་གདོང་ལ་གཟབ་ནན་གྱི་ཉམས་དང་ལྡན་པའི་འགྱིག་པ་དང་། སུན་མེད་ངང་རིང་གིས་ཆེས་མཐའ་མཇུག་གི་རྒྱལ་ཁ་སུས་ལོན་པ་ལ་རེ་སྒུག་བྱེད་པའི་ཤན་འབྱེད་པ་བཅས་རང་རང་སོ་སོའི་ས་རུ་རྐང་དྲུག་བུང་བ་མེ་ཏོག་ལ་འཁོར་བ་ལྟ་བུའི་འདུ་འཛིས་ཁེངས།
༣ སློབ་བུ་ཚོའི་ཛ་དྲག་ཆེ་བའི་འགྲན་རྩོད་དང་། ཤན་འབྱེད་པས་ཡ་ཡོ་མེད་པར་ཤན་ཕྱེ་བ་བཞིན་གྱི་སློབ་མའི་མིང་ཐོ་གཞིར་བཟུང་ནས། རྣམ་གྲངས་སོ་སོའི་ཨང་དང་བོ་དང་ཨང་གཉིས་པ་འཐོབ་མཁན་གྱི་མིང་ཐོ་བསྒྲགས་ཤིང་། བྱ་དགའི་བདག་རྐྱེན་ལ་སློབ་སྦྱོང་གི་ཡོ་བྱད་གྱ་ནོམ་པ་རེ་གནངས་སོ།།
གསུམ་པ། བྱ་འགུལ་གྱི་མཇུག་འབྲས།
ཐེངས་འདིའི་བྱ་དགའ་ཐོབ་པའི་སློབ་མའི་མིང་ཐོ་ནི་གཤམ་གསལ་ལྟར།
༡ འགྱིག་གི་རིགས།
རྒྱལ་བོ་དང་བློན་པོ།
དམའ་རིམ་འཛིན་གྲྭ ཨང་དང་བོ། རིག་འཛིན་རྡོ་རྗེ། ཨང་གཉིས་པ། གདུགས་དཀར་བཀྲ་ཤིས།
མཐོ་རིམ་འཛིན་གྲྭ ཨང་དང་བོ། ཆོས་རྒྱལ་སེང་གེ ཨང་གཉིས་པ། ལྷ་མོ་སྐྱབས།
རྡེའུ་ཕྲེང་སྟར།
མཐོ་རིམ་འཛིན་གྲྭ ཨང་དང་བོ། བསོད་ནམས་བཀྲ་ཤིས། ཨང་གཉིས་པ།རྟ་མགྲིན་ཚེ་བརྟན།
དམའ་རིམ་འཛིན་གྲྭ ཨང་དང་བོ།མགོན་པོ་སྐྱབས། ཨང་གཉིས་པ། དོན་གྲུབ་རྒྱ་མཚོ།
རི་བོང་ཁ་ཤོ།
མཐོ་རིམ་འཛིན་གྲྭ ཨང་དང་བོ། བཀྲ་ཤིས་འཚོ།འབྲིང་བ། ཨང་གཉིས་པ།ལྷ་མོ་སྐྱབས། ཆེ་བ།
དམའ་རིམ་འཛིན་གྲྭ ཨང་དང་བོ།ཚེ་རིང་རྡོ་རྗེ། ཨང་གཉིས་པ།སངས་རྒྱས་སྐྱབས།
ཞི་ལ་དང་ཙི་གུ
མཐོ་རིམ་འཛིན་གྲྭ ཨང་དང་བོ།ཆོས་སྐྱོང་སྐྱིད། ཨང་གཉིས་པ།ཡུམ་འཚོ།
དམའ་རིམ་འཛིན་གྲྭ ཨང་དང་བོ།བཀྲ་ཤིས་དོན་གྲུབ། ༣ ཨང་གཉིས་པ། ཚེ་རིང་དོན་གྲུབ་འབྲིང་བ།
རྒྱ་འགྱིག
མཐོ་རིམ་འཛིན་གྲྭ ཨང་དང་བོ། ཚེ་རིང་བསམ་འགྲུབ། ཨང་གཉིས་པ། སྒྲོལ་དཀར་སྐྱབས།
དམའ་རིམ་འཛིན་གྲྭ ཨང་དང་བོ། མགོན་པོ་བཀྲ་ཤིས། ཨང་གཉིས་པ།མགོན་པོ་སྐྱབས།
རྐང་རྩེད་སྤོ་ལོ།
ཨང་དང་བོ། ཚོ་ཆུང་བཞི་བ། རྣམ་རྒྱལ་སྐྱབས། གདུགས་དཀར་སྐྱབས། པདྨ་རྡོ་རྗེ། མགོན་པོ་དོན་གྲུབ།
ཚེ་དབང་མགོན་པོ།
ཨང་གཉིས་པ། ཚོ་ཆུང་དང་བོ། འཕགས་པ་ཚེ་རིང་། ཡུམ་ཚེ་རིང་། རྡོ་རྗེ་སྐྱབས། ཚེ་རིང་བཀྲ་ཤིས།
ཀུན་བཟང་ནོར་བུ།
ལག་རྩེད་སྤོ་ལོ།
ཨང་དང་བོ། ལྷ་མོ་འཚོ། ལྷ་མོ་ཚེ་བརྟན། རྡོ་རྗེ་སྐྱབས། བདེ་ཆེན་རྒྱ་མཚོ།
ཨང་གཉིས་པ། ཚེ་རིང་དོན་གྲུབ། བཀྲ་ཤིས་དོན་གྲུབ། མགོན་པོ་དོན་གྲུབ། བཀྲ་ཤིས་ཕུན་ཚོགས།
ཟུར་བཀོད། ༡ ༢༠༡༨ནས་༢༠༡༩ལོའི་སློབ་སྐབས་དང་པོའི་མཚོ་ཉིན་ལྟེ་བའི་སློབ་ཆུང་གི་སྤོ་ལོ་དང་འགྱིག་གི་ནུས་རྩལ་འགྲན་བསྡུར་གྱི་པར་རིས།
༢༠༡༨ལོའི་ཟླ༩ཚེས༡༣ཉིན།

1/8 1 2 3 4 5 6 下一页 尾页