ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྐབས་དོན་འཕྲིན་གསར། > སློབ་གསོ་གསར་འགྱུར།
༄༅། །བོད་ཁུལ་གྱི“བོད་རྒྱ་སྐད་གཉིས”སློབ་གསོ་མུན་ནག་མདའ་འཕེན་ཡིན་ནམ།
སྤེལ་དུས།09-20  ཡོང་ཁུངས།  རྩོམ་པ་པོ།

  WP_20140919_14_47_09_Pro.jpg

༢༠༡༤ ལོའི་སྤྱི་ཟླ པའི་ཚེས ༡༩ ཉིན་མཚོ་སྔོན་ཟི་ལིང་དུ་རྒྱལ་ཡོངས་བོད་རྒྱ་སྐད་གཉིས་སློབ་གསོའི་མཐོ་རིམ་གླེང་སྟེགས་བསྡུས་པ་རེད། ད་ཐེངས་གླེང་སྟེགས་འདིར་རྒྱལ་ཁབ་དམངས་ཨུད། སློབ་གསོ་པུའུ། རྒྱལ་ཁབ་སྐད་ཡིག་དོན་གཅོད་ལས་དོན་ཨུ་ལྷན། ལྗོངས་ཞིང་ལྔའི་བོད་ཀྱི་སློབ་གསོའི་འགོ་ཁྲིད་ཚན་ཆུང་། མཚོ་སྔོན་ཞིང་ཆེན་དམངས་ཨུད་དང་ཞིང་ཆེན་སློབ་གསོ་ཐིང་སོགས་ཀྱི་འབྲེལ་ཡོད་འགོ་ཁྲིད། དེ་མིན་རྒྱལ་ནང་གི་སྐད་གཉིས་སློབ་གསོའི་ཆེས་མཁས་སོགས་ཁྱོན་མི་གྲངས ༡༣༠ ལྷག་ཙམ་ཚོགས་ཞུགས་གནང་ཡོད།

ཚོགས་རའི་ཡུལ་དངོས།

ད་ཐེངས་ཚོགས་འདུར་བོད་ཁུལ་ནས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཚེ་རིང་ཐར་ལགས་དང་ཟི་ཁྲོན་རྔ་བའི་ཁྲོ་བོ་རྒྱལ་མཚན་ལགས། མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་འགྱུར་པུའུ་ཡི་རྒན་ཆམ་ཚང་པད་མ་ལྷུན་གྲུབ་ལགས། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀུན་དགའ་ལགས། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་ལགས་སོགས་ཞུགས་ཡོད་ཅིང་ཁོང་ཚོས་བོད་རྒྱ་སྐད་གཉིས་སློབ་གསོའི་སྒྲིག་གཞི་རྩ་འཛུགས་དང་འཐུས་ཚང་། བཅོས་བསྒྱུར་དང་འཕེལ་རྒྱས་སོགས་ཀྱི་ཐད་ལ་ད་ཆའི་བོད་ཁུལ་གྱི་གནས་ཚུལ་དངོས་དང་བསྟུན་ནས་བསམ་འཆར་སྤེལ།

གསར་འགོད་པས་ཚོགས་ཞུགས་པ་དག་སྐད་འཕྲིན་དུ་བཀོད་གནས་ཚུལ་ལས་རྒྱུས་ལོན་པ་ལྟར་ན། མཐོ་རིམ་གླེང་སྟེགས་སུ་ནང་སོག་དགེ་ཐོན་སློབ་ཆེན་གྱི་སློབ་སྟོན་ཁྲུའུ་ཡི་ཁྲུའུ་ཀྲང་གིས། ད་ཆ་ནང་སོག་སློབ་ཆེན་དུ་ཐད་ཀར་སོག་སྐད་ཀྱིས་ཁྲིད་ཀྱིན་པའི་ཆེད་ལས ༢༩ ཡོད་ཅིང་། རྩོམ་འབྲི་བྱས་པའི་བསླབ་དེབ ༩༠༠ ལྷག་ཡོད་ལ། ང་ཚོའི་སློབ་གྲྭར་མི་རིགས་ཞེས་པའི་མིང་འདོགས་མེད་ཀྱང་མི་རིགས་སློབ་གསོ་གཉེར་གྱི་ཡོད་ཅེས་པའི་སྐད་ཆ་ཡིས།  བོད་ཀྱི་སློབ་གསོའི་ལས་དོན་བྱེད་མཁན་གྱི་མི་སྣ་ཁག་གིས་པོད་ཕྲན་ནམ་སྐད་འཕྲིན་དུཁོ་ཚོའི་གྲུབ་འབྲས་ངོ་མཚར་བ་དང་བསྡུར་ན། བོད་ཁུལ་གྱི་སྐད་གཉིས་སློབ་གསོ་ནི་ངོ་ཚ་འགེབས་བྱེད་ཙམ་ལས་མ་འདསཞེས་དང་། ཡངད་ལྟ་གཉེར་གྱིན་པ་འདི་དོན་དམ་དུ་སློབ་གསོ་ཡིན་མིནདང་། མིང་རྫིག་ལ་དོན་སྟོང་བའིབོད་རྒྱ་སྐད་གཉིས་སློབ་གསོཡུན་ཅི་ཙམ་སྐྱོང་དགོསསོགས་གླེང་བརྗོད་དྲག་པོ་བྱུང་ཞིང་། པོད་ཕྲན་སྐད་འཕྲིན་དུ་ཀློག་མཁན་གྱིས་བརྒྱུད་བསྐུར་སོཊ་དཔྱད་པ་སྤེལ་ཏེ་དོ་སྣང་ཆེན་པོ་བྱུང་།

ཚོགས་འདུ་རུ། བོད་རྒྱ་སྐད་གཉིས་སློབ་གསོས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བ་འདི་ནི་ཚེགས་ཆེ་ལ་རྙོག་འཛིང་ཆེ་བ་ཞིག་ཡིན་པས། སྐད་གཉིས་སློབ་གསོའི་སྤུས་ཚད་ཇེ་མཐོར་གཏོང་རྒྱུ་གཙོར་འཛིན་ནས། བོད་ཁུལ་གྱི་གཞི་རིམ་མང་ཚོགས་ཁྲོད་ཁ་ཡོད་ལག་ཡོད་ཀྱིས་སྐད་གཉིས་སློབ་གསོའི་ནུས་པ་ཐོན་དགོས་པ་ཡིན། དེས་ན་གཙོ་བོར་སློབ་གྲྭ་གཅིག་པུའི་ནང་དུ་སྐད་གཉིས་སློབ་གསོ་སྤེལ་བ་ཁོ་ནས་བོད་རྒྱ་སྐད་གཉིས་སློབ་གསོའི་སྤུས་ཚད་ལ་ཁག་ཐེག་ཐུབ་དཀའ་བ་དང་། ཕྱོགས་མང་པོའི་འགལ་རྐྱེན་ཡོད་པས། འཕྱར་བ་གྲུ་འདེགས་ཀྱིས་བོད་ཁུལ་དུ་བཙུགས་པའི་རྒྱལ་གཉེར་ཁེ་ལས་དང་འབྲེལ་ཡོད་ཁེ་ལས་དང་དཔལ་འབྱོར་ཚན་པས་གྲངས་ཉུང་མི་རིགས་ས་ཁུལ་དུ་དེའི་སྐད་ཡིག་སྤྱོད་དགོས་པ་དང་དེ་འབྲེལ་གྱི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས་ཞེས་ནན་བཤད་གནང་ཡོད་པ་རེད། དཔེར་ན། གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་དུ་དངུལ་ཁང་ཞིག་བཙུགས་པའི་དབང་དུ་གཏང་ཚེ། དངུལ་ཁང་དེའི་སྒྲིག་བཀོད་དང་ལམ་ལུགས་ནང་ཡིན་ཅིག་སྐད་གཉིས་སློབ་གསོའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱ་དགོས་ལ། གལ་ཏེ་དེར་སྐད་གཉིས་སློབ་གསོའི་སྲིད་ཇུས་གཏན་འབེབས་མ་བྱས་ན། ས་དེའི་མང་ཚོགས་ཀྱིས་དངུལ་བུན་གཡར་འདོད་པའམ་དེ་འབྲེལ་གྱི་དངུལ་ཁང་ལས་སྒོ་གཉེར་དགོས་ཚེ་བརྡ་མ་འཕྲོད་པ་དང་མང་ཚོགས་ཀྱི་འདོད་དོན་སྒྲུབ་ཐུབ་ཀྱི་མེད་པས་སློབ་གྲྭའི་ནང་དུ་སྐད་གཉིས་སློབ་གསོ་མྱང་པའི་གྲངས་ཉུང་མི་རིགས་སློབ་ཐོན་སློབ་མའི་ལས་ཞུགས་ལ་ཡང་ཤུགས་རྐྱེན་ངན་པ་ཐེབས་ནས་སྐད་གཉིས་སློབ་གསོའི་འཕེལ་རྒྱས་ཀྱི་བཀག་རྡོར་གྱུར་བཞིན་ཡོད་པ་རེད།

གཞན་སྐད་གཉིས་སློབ་གསོ་ནི་བོད་ཁུལ་གྱི་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་པའི་ཆེས་རྨང་གཞིའི་ཁོངས་སུ་གཏོགས་པ་དང་མི་རིགས་ས་ཁུལ་གྱི་སྐད་ཡིག་ལས་དོན་ལས་གཙོ་གནད་དང་གྲལ་མགོ་ཡང་ཡིན་པས། བོད་དང་གྲངས་ཉུང་མི་རིགས་ཀྱི་སྐད་གཉིས་སློབ་གསོར་མཐོངས་ཆེན་དང་སྔར་བས་འབྲེལ་ཡོད་ཀྱི་ཤེས་ལྡན་པ་སྐྱེད་སྲིང་ཐད་སྲིད་ཇུས་འཐུས་ཚང་དང་བསམ་འཆར་བསྡུ་ལེན་གྱིས་མང་ཚོགས་ལ་ཞབས་ཞུ་སྒྲུབ་ནུས་གོང་མཐོར་གཏོང་དགོས་ལ་སྐད་གཉིས་སློབ་གསོ་སྐྱོན་བྲལ་དང་དོ་མཉམ་ངང་འཕེལ་རྒྱས་གཏོང་དགོས་པས། མི་རིགས་མཐུན་སྒྲིལ་དང་བོད་ཁུལ་གྱི་སྤྱི་ཚོགས་ལས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་གཙོར་འཛིན་པ་གང་ཞིག་བོད་སྐད་ཡིག་གི་སྤྱོད་ཚད་དང་ཁྱབ་འདལ་རང་བཞིན་ཇེ་མཐོར་གཏོང་དགོས་ཟེར།

ཀྲུང་དབྱང་མི་རིགས་སློབ་ཆེན་ནས་ཕེབས་པའི་དགེ་རྒན་ཆེན་མོ་སུའུ་ཏི་ཡིས། སྐད་གཉིས་ཀྱི་བྱ་བ་འདི་མིའི་འཕེལ་རྒྱས་དང་མིའི་བདེ་སྐྱིད། མིའི་བརྩི་མཐོང་དང་འབྲེལ་བ་ཡོད་པས། སྐད་གཉིས་ཀྱི་བྱ་བ་འདི་ཆབ་སྲིད་ཀྱི་ངོ་བར་བསྒྱུར་བ་ཉེན་བརྡ་ཆེན་པོ་བཏང་བ་རེད།

དུས་ཡུན་ཉིན་གཉིས་ཀྱི་རིང་བོད་རྒྱ་སྐད་གཉིས་སློབ་གསོའི་གླེང་སྟེགས་བརྒྱུད་ཚོགས་ཞུགས་བློ་མཐུན་ཚོས་སྐད་གཉིས་སློབ་གསོས་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ལ་ཐོན་པའི་བྱེད་ནུས་ལ་སྔར་བས་གཏིང་ཟབ་པའི་ངེས་པ་རྙེད་ལ་དེའི་གལ་ཆེན་རང་བཞིན་དང་གྲངས་ཉུང་མི་རིགས་ཀྱི་རང་རང་གི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་ལ་འཕྲད་པའི་དཀའ་ཁག་དང་སྤྱི་ཚོགས་ཁྲོད་ཐོན་པའི་རྙོག་འཛིང་ཅན་གྱི་གནད་དོན་གང་མང་ཞིག་སྐད་གཉིས་སློབ་གསོར་མ་བརྟེན་ཐབས་མེད་ཡིན་པའི་འདོད་ཚུལ་བཏོན་པ་བརྒྱུད་སྐད་གཉིས་སློབ་གསོའི་མ་འོངས་གི་འཕེལ་ཕྱོགས་ལ་ཚོགས་ཆུང་ཁག་འགོས་ཀྱིས་གྲོས་སྡུར་ཡང་གནང་ནས་ཤིན་ཅང་དང་ནང་སོག་ཀྱི་སྐད་གཉིས་སློབ་གསོའི་མིག་སྔའི་གནས་ཚུལ་ལ་ཡང་རྒྱུས་ལོན་བྱས་པ་རེད།

ཁ་བྱང་ཕྱི་མོ། བོད་ཁུལ་གྱིབོད་རྒྱ་སྐད་གཉིསསློབ་གསོ་མུན་ནག་མདའ་འཕེན་ཡིན་ནམ།

 

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号