ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྐབས་དོན་འཕྲིན་གསར། > སློབ་གསོ་གསར་འགྱུར།
༄༅། །རྒྱུན་མཐུད་རུང་བའི་འབྱུང་ཁམས་ཡུལ་སྐོར་དང༌།ཁོར་ཡུག་རིག་གནས་སྲུང་སྐྱོབ་ཀྱི་བརྗེ་རེས་ཚོགས་འདུ།
སྤེལ་དུས།12-24  ཡོང་ཁུངས།  རྩོམ་པ་པོ།

未标题-1 (2).jpg

 

ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུ་ནང་དུ།འབྱུང་ཁམས་དཔལ་ཡོན་སྔར་ལས་ལྷག་པར་ཇེ་བཟང་བཏང་ནས་ཁོར་ཡུག་སྲོང་སྐྱོབ་ཀྱི་བླང་བྱ་ལྟར་མཛད་དགོས་ཞེས་བཏོན་ཡོད། ཚོགས་ཆེན་བཅོ་བརྒྱད་ཀྱི་སྙན་ཞུ་ནང་དུ། ཁོར་ཡུག་སྲུང་སྐྱོབ་ཟུར་དུ་བཏོན་མེད་ལ།ཁོར་ཡུག་སྲུང་སྐྱོབ་དང༌། ཐོན་ཁུངས་གྲོན་བསྲི།ནུས་ཁུངས་གྲོན་བསྲི།སླར་སྐྱེས་ནུས་ཁུངས་འཕེལ་རྒྱས་གཏོང་བ། ཆུ། རླངས། གཤིན་ས།སྦགས་བཙོག་བཅོས་སྐྱོང་སོགས་དོན་ཚན་མང་པོ་ཞིག་ལ་འབྱུང་ཁམས་དཔལ་ཡོན་ཞེས་བརྗོད་བཞིན་པ་དང༌། ཚད་མཐོན་པོ་ཞིག་ལ་བཞག་ཡོད། སྙན་ཞུ་ཧྲིལ་པོ་ལ་དོན་ཚན་བཅུ་གཅིག་ལས་དོན་ཚན་བརྒྱད་པ་ཆེད་དུ་བཏོན་ནས་ནན་བཤད་བྱས་ཡོད། ཁོར་ཡུག་སྲུང་སྐྱོབ་ནི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུ་ནང་དུ་སྔ་ན་མེད་པའི་ཚད་མཐོན་པོ་ཞིག་ལ་བཞག་ཡོད། ཁོར་ཡུག་ནི་ང་ཚོ་མིའི་རིགས་འཚོ་གནས་བྱེད་སའི་རྨང་གཞི་ཡིན་ལ།སའི་གོ་ལ་ལ་བདག་གཅེས་དང༌། འབྱུང་ཁམས་སྲུང་འཛིན། ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་སྤྱི་འབངས་ཚང་མའི་བསྐྱུར་ཐབས་མེད་པའི་འགན་འཁྲི་ཞིག་རེད། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ནི་ལས་གཞིའི་མ་ལག་ཅིག་ཡིན་ལ། ང་ཚོ་ཚང་མ་མཉམ་ཞུགས་སྒོས་ཧུར་ཐག་འབད་བརྩོན་བྱ་དགོས། མིའི་རིགས་ཀྱིས་ལོ་རྒྱུས་འཕེལ་རིམ་གྱི་ཁྲོད་དུ་རང་བྱུང་ཁམས་བསྒྱུར་བཀོད་དང༌། སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་ཐད་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་མཉམ་དུ། འབྱུང་ཁམས་གཏོར་བརླག་དང༌། ཁོར་ཡུག་སྦགས་བཙོག་བྱས་ནས། མིའི་རིགས་འཚོ་སྡོད་དང༌།འཕེལ་རྒྱས་ལ་དོན་དངོས་ཀྱི་འཇིགས་སྐུལ་ཞིག་འཕྲོད་བཞིན་ཡོད། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་དང༌།
ལེགས་བཅོས་བྱས་ནས། མིའི་རིགས་ཀྱི་སྤྱི་ཚོགས་རྒྱུན་མཐུད་རུང་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་ནི། འགྲོ་བ་མིའི་རིགས་ཀྱི་ཁ་ཚ་དགོས་གཏུག་དང༌། དཀའ་ཚེགས་ཆེ་བའི་ལས་འགན་ཞིག་རེད། ཁོར་ཡུག་སྲུང་སྐྱོབ་ནི་རྒྱུན་མཐུད་འཕེལ་རྒྱས་ཡོང་བའི་སྔོན་འགྲོ་ཡིན་ལ། རྒྱུན་མཐུད་འཕེལ་རྒྱས་ཡོང་ན། གཞི་ནས་འབྱུང་ཁམས་ཁོར་ཡུག་དོན་ངོ་མའི་སྲུང་སྐྱོབ་བྱ་ཐུབ།འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་དང༌། མི་དང་རང་བྱུང་ཁམས་འཆམ་མཐུན་ཡོང་བ་ཁག་ཐེག་བྱེད་པ་ནི། དཔལ་འབྱོར་གོང་དུ་སྤེལ་བའི་སྔོན་འགྲོ་ཡིན་ཞིང༌། མིའི་རིགས་ཀྱི་ཤེས་རིག་དཔལ་ཡོན་འཛིན་སྐྱོང་སྤེལ་བའི་ཁག་ཐེག་རེད། རྒྱ་ཆེའི་མང་ཚོགས་ཀྱི་ཁོར་ཡུག་གི་འདུ་ཤེས་ཇེ་མཐོ་ཡོང་བ་དང༌།ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ་ཁྱབ་བརྡལ་གཏོང་བ། དེ་དང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་རྒྱལ་ཁབ་ཀྱི་སྲིད་ཇུས་རྒྱུས་ལོན་ཡོང་བའི་ཆེད་དུ།རྒྱུན་མཐུད་རུང་བའི་འབྱུང་ཁམས་ཡུལ་སྐོ་ང་དང༌། ཁོར་ཡུག་རིག་གནས་སྲུང་སྐྱོབ་ཀྱི་བརྗེ་རེས་ཚོགས་འདུ་འདི་འཚོགས་པ་རེད།
 
IMG_1374.JPG
འཛམ་གླིང་རོགས་སྐྱོར་ཚོགས་པའི་ཚོགས་གཙོ་ཨ་དཀོན་རིན་པོ་ཆེ།
 
IMG_5208.JPG
བླ་རུང་ལྔ་རིག་གསེར་མོ་ལྗོངས་ཀྱི་མཁན་རིན་པོ་ཆེ་ཚུལ་ཁྲིམས་བློ་གྲོས་ལགས།
IMG_1316.JPG
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གཙོ་འཇིགས་མེད་རྒྱལ་མཚན་ལགས།
IMG_1279.jpg
སྐྱེ་ཁམས་ཡུལ་སྐོར་གྱི་ཆེད་ལས་ཞིབ་འཇིག་པ་སྲས་མོ་ཨོ་སོ་ཀྲ་ལགས།
IMG_1328.JPG
དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གི་ཀརྨ་དགེ་ལེགས།
IMG_1292.jpg
མཚོ་སྔོན་ཞིང་ཆེན་གྱི་ཆུ་བོ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུལ་སྲུང་སྐྱོབ་ལྷན་ཚོགས་ཀྱི་ཚོགས་གཙོ་དགེན་བཀྲ་ཤིས་རྡོ་རྗེ་ལགས།
IMG_1322.JPG
 
IMG_1380.jpg
 
IMG_1382.jpg
 
IMG_1384.jpg
ཚོགས་འདུ་ལ་ཞུགས་པའི་ལས་ཁོང་དང་མི་སྣ།
●མཚོ་སྔོན་བོད་ལུགས་གསོ་རིག་གི་སློབ་དཔོན་ཆེན་མོ།འཛམ་གླིང་གི་རྒྱུ་དངོས་རྩ་ཆེན་ཤུལ་འཛིན་པ་ཀརྨ་ཚོགས་གཉིས་ལགས།
●མཚོ་སྔོན་བོད་ལུགས་གསོ་རིག་གི་སློབ་དཔོན་ཆེན་མོ་ཀརྨ་བཀྲ་ཤིས་ལགས།
●ལྷོ་ནུབ་མི་རིགས་སློབ་གླིང་གི་དགེ་རྒན་ཆེན་མོ་པད་མ་འཚོ་ལགས།
●གཉན་པོ་གཡུ་རྩེའི་སྐྱེ་ཁམས་སྲུང་སྐྱོབ་མཐུན་ཚོགས་ཀྱི་ཚོགས་གཙོ་འཇུ་བཀྲ་ཤིས་བསམ་འོད་ལགས།
●ཝིན་རོགས་ཚོགས་པའི་ཚོགས་མི་པ་སངས་ལགས།
●ཡུལ་ཤུལ་ཁུལ་ཁྲིམས་ཁང་གི་བསྟན་འཛིན་བཀྲ་ཤིས་ལགས།
●ཀྲུང་གོ་བོད་ཀྱི་སློབ་གསོའི་དྲ་བ།
●མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ།
●མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ།
 
 
 
 
 
 

 

 

༢༠༡༢ལོ་ཟླ་༡༢བའི་ཉིན་༢༢ འཛམ་གླིང་རོགས་སྐྱོར་རོགས་པའི་གཙོ་གཉེར་བྱེད་ནས་རྒྱུན་བསྲིང་སྐྱེ་ཁམས་ཡུལ་སྐོར་སྤྲོ་འཆམ་དང་ཁོར་ཡུག་རིག་གནས་སྲུང་སྐྱོང་གི་བསམ་བློ་བརྗེ་རེས་བྱེད་པའི་གྲོས་ཚོགས།

 

ཚོགས་འདུའི་དམིགས་ཡུལ།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号