ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྐབས་དོན་འཕྲིན་གསར། > སློབ་གསོ་གསར་འགྱུར།
༄༅། །དགེ་རྒན་གྱི་དཔེ་ཀློག་མྱོང་ཚོར་མཉམ་རོལ་གྱི་འདུ་བྱེད།
སྤེལ་དུས།01-02  ཡོང་ཁུངས།  རྩོམ་པ་པོ།

 

 

 

 

 

 

འཚོ་བ་དང་འབྲེལ་ནས་ད་བར་དཔེ་ཀློག་གི་ཁ་གྲངས་ཇེ་ཞན་དུ་འགྲོ་བཞིན་པའི་རྣམ་པར་ཞེ་ཁྲེལ་གནང་ཞོར།དཔེ་ཆ་ཀློག་པ་ནི་འཕྲུལ་ཆས་ལ་སྣུམ་སྣོན་དགོས་པ་བཞིན། ང་ཚོར་འཚོ་བའི་ཁྲོད་ཟས་གོས་འཛོམས་པོ་ཞིག་ཡོད་པ་ལས་མི་ཆོག་པར། ཤེས་རིག་གི་འཚོ་བཅུད་གྱ་ནོམ་པ་དགོས་པ་སོགས་མདོར་ཙམ་གླེང་བ་དང་བསྟུན། རྒན་དཀོན་མཆོག་བསམ་འགྲུབ་དང་། རྒན་རིན་ཆེན་སྐྱབས་སོགས་སྐད་ཡིག་དགེ་རྒན་ལྔ་དང་། རྒན་དབྱངས་སྐྱིད་དང་རྒན་བདེ་མཆོག་སྐྱིད་བཅས་རྒྱ་ཡིག་དགེ་རྒན་ལྔ། རྒན་ཡི་དམ་སྐྱིད་དང་རྒན་ལྷ་མོ་སྐྱིད་བཅས་གྲངས་རིག་དགེ་རྒན་བཞི། རྒན་ཚེ་རིང་སྐྱབས་དང་སྐལ་དགའ་བཅས་དབྱིན་ཡིག་དགེ་རྒན་གསུམ་བཅས་དགེ་རྒན་བཅུ་བདུན་གྱིས་སློབ་སྐབས་འདིར་རང་གིས་ཀློག་མྱོང་བའི་དཔེ་དེབ་སྟེ་༼    གུང་ཐང་བསྟན་པའི་སྒྲོན་མེ་ཡི་རྣམ་ཐར༽      ང་ཚོར་ཅི་ལྟ་བུའི་སློབ་གསོ་ཞིག་དགོས་སམ༽  ་༼   ལོ་རྒྱུས་གཡི་ཡི་ཕྲེང་བ། ༽   ་༼  བོད་ཁམས་ཀྱི་གསང་བ༽ ་༼  སློབ་གསོའི་རྣམ་བཤད༽     ཚོད་འཛིན་གྱི་ནུས་པ༽    དཔེ་ཀློག་བྱ་རྒྱུ་ནི་ཁྱོད་རང་གི་བྱ་བ་ཡིན༽  

 

 

 

 

 

 

 

   དུས་རབས་ཀྱི་རྔ་སྒྲ ༽་ ༼   ཕལ་བའི་འཇིག་རྟེན༽་སོགས་དཔེ་ཀློག་བྱས་པའི་སེམས་ཀྱི་མྱོང་བ་དགེ་གྲོགས་ཚོ་དང་ལྷན་དུ་མཉམ་རོལ་གནང་བ་དང་དཔེ་ཀློག་གི་ནང་དོན་སློབ་གསོ་དང་རྣམ་ཐར། ལོ་རྒྱུས།  སྒྲུང་རྩོམ་སོགས་སུ་འདུས་ལ། ཁོང་ཚོས་དཔེ་ཀློག་བྱེད་རྒྱུ་ནི་ང་རང་ཚོའི་བྱ་བ་ཞིག་གམ་འགན་འཁྲི་ཞིག དམིགས་ཡུལ་ཞིག་ཡིན་པ། དཔེ་ཀློག་གིས་ང་ཚོར་ཕུན་སུམ་ཚོགས་པའི་ཤེས་བྱ་བསྩལ་བ་དང་། བདེ་ཐང་གི་མི་གཞི་བསྩལ་བ།དཔེ་ཆ་ཀློག་པ་ལ་བརྟེན་ནས་ཐོབ་པའི་ཤེས་ཡོན་ནི་ད་གཟོད་ཚེ་གང་ལ་མྱོང་རོལ་བྱས་ཀྱང་ལོངས་སྤྱད་མི་ཚར་བའི་རྒྱུ་ནོར་ཡིན་པ།དེ་མིན་ཤེས་ཡོན་ནི་ཆེས་བློས་ཐུབ་པའི་རྒྱུ་ནོར་དེ་ཡིན་པ་སོགས། ད་དུང་། དཔེ་ཆའི་ཚིག་དོན་གྱིས་རང་ཉིད་ཀྱི་བསམ་བློ་དང་། ཡོན་ཏན། འབྱུང་སྤུས། མི་གཞི། ཐོབ་ཐང་། རང་དབང་། རྩིས་ཐང་། ཧུར་བརྩོན་རང་བཞིན། བློ་དང་ཤེས་རབ་སོགས་ཡར་སྐྱེད་ལ་ཕན་པའི་སྐད་ཆ་ཆེས་གནས་ལུགས་ཅན་ཆེས་རིན་ཐང་ཅན་མང་བོ་གླེང་བ་དང་། མཇུག་མཐར་སློབ་གཙོ་གཞོན་པ་རྒན་

 

 

 

རྟ་མགྲིན་ཚེ་རིང་ལགས་ཀྱིས་ཐེངས་འདིའི་འདུ་བྱེད་ལ་ཕྱོགས་སྡོམ་གྱི་ཚུལ་དུ་བཟང་ཆ་དང་མི་འདང་ས་གླེང་ནས་འདུ་བྱེད་ཀྱི་དམིགས་ཡུལ་ཡོངས་སུ་འགྲུབ་པར་བྱས་སོ།།   

 

 

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号