ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །བོད་ཀྱི་ཆབ་སྲིད་པ་རྒྱལ་བོ་སྲོང་བཙན་སྒམ་པོ།
སྤེལ་དུས།03-28  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ཚེ་རིང་རྡོ་རྗེ།

      རྒྱལ་བོ་སྲོང་བཙན་སྐམ་པོ་ནི།བོད་ཁམས་གཅིག་གྱུར་ལ་བྱས་རྗེས་ཆེན་པོ་ཡོད་པའི་རྒྱལ་བོ་ཞིག་ཡིན།སློབ་ཚན་འདིར་གོང་གི་འཁྲུངས་འདས་ལོ་ཚིགས་དང་མཛད་རྗེག་ཆེ་ཁག་འགའ་ངོ་སྤྲོད་བྱས་ཡོད་པས།ང་ཚོས་ཁོང་གི་ལོ་རྒྱུག་ལ་ཤེས་རྟོགས་ཡོང་རྒྱུ་གལ།

ཁོང་ནི་སྤྱི་ལོ༦༡༧ལོར་ཡབ་རྒྱལ་བོ་གནམ་རི་སྲོང་བཙན་དང་ཡུམ་ཚེ་སྤོང་བཟའ་འབྲི་མ་ཐོད་དཀར་གཉིས་ཀྱི་སྲས་སུ་མལ་འགྲོ་རྒྱ་མ་ནང་གི་ཕོ་བྲང་བྱམས་པ་མི་འགྱུར་ལྷ་ཁང་དུ་སྐུ་འཁྲུངས།དགུང་ལོ་བཅུ་གསུམ་བཞེས་པ་ན་ཡབ་རྒྱལ་བོ་དགོངས་པ་རྫོགས་ཤིང་ཁོང་ཉིད་གསེར་ཁྲིར་མངའ་གསོལ།རྒྱལ་སྲས་སྐུ་ན་ཆུང་ཡང་ཐུགས་སྒམ་ལ་དྲང་བ་དང༌།བཀའ་བཙན་པ་ཞིག་ཡོད་པས་མཚན་ལ་སྲོང་བཙན་སྒམ་པོ་ཞེས་གྲགས།
ཁོང་ནི་ཁྱང་དུ་འཕགས་པའི་ཆབ་སྲིད་མཁས་པ་ཞིག་དང༌། ཕུལ་བྱུང་གི་མི་རིགས་དཔའ་བོ་ཞིག   དྲག་རྩལ་འགྲན་མེད་ཀྱི་དམག་རྩལ་མཁས་པ་བཅས་ཡིན་ལ། ཁོང་གིས་ཡབ་རྒྱལ་བོའི་བྱ་གཞག་རྒྱུད་འཛིན་གནང་སྟེ། བོད་ཁམས་གཅིག་གྱུར་གྱི་རླབས་ཆེན་བྱ་གཞག་ལེགས་འགྲུབ་གནང་བ་མ་ཟད།སྤྱི་ལོ༦༣༣ལོར་ལྷ་ས་དེ་དམག་དོན་ཐད་འཐབ་བྱུས་རང་བཞིན་ལྡན་པའི་ཡུལ་་ཁྱད་པར་ཅན་ཞིག་དུ་མཐོང་སྟེ། བོད་ཀྱི་རྒྱལ་ས་ཡང་ཡར་ལུང་ནས་ལྷ་སར་སྤོས་པ་ཡིན་ལ། ངེ་ནས་བཟུང་ལྷ་ས་ནི་བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། དམག་དོན་བཅས་ཀྱི་ལྟེ་བར་གྱུར་བ་རེད། ཁོང་གིས་མི་ཚེ་གང་བོར་བོད་ཁམས་གཅིག་གྱུར་ལ་ཧུར་བརྩོན་ལྷོད་མེད་བྱས་ཏེ། དང་པོར་རྒྱལ་ཁབ་ནང་ཁུལ་དུ་སྲིད་འཛིན་གྱི་སྒྲིག་གཞི་དང་དམག་དཔུང་གི་སྒྲིག་འཛུགས་ལེགས་པར་བཅོས་ཤིང་།ལེགས་ཉེས་བླང་དོར་གྱི་ཚད་གཞི་གཏན་ལ་འབེབ་བྱེད་ཀྱི་ཡིག་ཐོག་ཁྲིམས་ཡིག་གསར་དུ་བཟོས། དེ་ནས་མཐའ་བཞིའི་རྒྱལ་ཕྲན་དབང་དུ་བསྡུས་ཏེ་བོད་ཁམས་གཅིག་གྱུར་དང་མངའ་ཁོངས་རྒྱ་བསྐྱེད་པ།རྒྱ་བཟའ་དང་བལ་བཟའ་ཁྲི་བཙུན་གཉིས་ཁབ་ཏུ་བཞེས་ཏེ་ཁྱིམ་མཚེས་རྒྱལ་ཁབ་དབར་འབྲེལ་ལམ་ཡག་པོ་བཙུགས། དེ་དང་མཉམ་དུ་བོད་ཡིག་གསར་བཅོས་མཛད་དེ་ཆོས་སྲིད་གཉིས་ཀའི་ཐད་གང་ཅི་འཕེལ་རྒྱས་ཡོང་བར་ཆ་རྐྱེན་ཕུན་སུམ་ཚོགས་པ་ཞིག་བསྐྲུན་པས་ང་ཚོས་ཇི་སྲིད་བར་དུ་དྲན་གསོ་ཞུ་འོས།
 W020071213096396131206.jpg
བསམ་གཞིག སྦྱང་གཞི།
གཅིག   ཁ་སྐོང་།
༡. ཆོས་རྒྱལ་སྲོང་བཙན་སྒམ་པོ་ནི་སྤྱི་ལོ_  ལོར་ཡབ་རྒྱ་བོ _   དང་ཡུམ_                              གཉིས་ཀྱི་སྲས་སུ་_ནས་འཁྲུངས།
༢. ཁོང་ཉིད་དགུང་ལོ_   ཐོག་གསེར་ཁྲིར་མངའ་གསོལ་ཞིང་།སྤྱི་ལོ་ལོར་བོད་ཀྱི་
_རྒྱལ་ས་ཡང_ནས_    སྤོས།
གཉིས། གོམ་གྱི་དྲི་བར་ལན་ཐོབས།
༡. རྒྱལ་བོ་སྲོང་བཙན་སྒམ་པོ་ནི་མི་ག་འདྲ་ཞིག་ཡིན།
༢.ཁོང་གི་མཛད་རྗེས་གཙོ་བོ་རགས་ཙམ་ཕྲིས།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号