ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །འབྲོ་བཟའ་ཁྲི་མ་ལོད།
སྤེལ་དུས།03-28  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ཚེ་རིང་རྡོ་རྗེ།

      འབྲོ་བཟའ་ཁྲི་མ་ལོད་ནི་བོད་ཀྱི་ལོ་རྒྱུས་ཐོག་བུད་མེད་སྲིད་གཉེར་བ་ཐོག་མ་ཡིན།སློབ་ཚན་འདིར་འབྲོ་བཟའ་ཁྲི་མ་ལོད་ཀྱི་ལོ་རྒྱུས་རགས་ཙམ་བཀོད་ཡོད་ལ། ང་ཚོས་ཁོ་མོི་ལོ་རྒྱུས་དང་ཆབ་སྲིད་ཐད་ཀྱི་མཛད་རྗེས་ལ་ཤེས་རྟོགས་ཡོང་རྒྱུ།

ཁོ་མོ་ནི་སྤྱི་ལོ༦༥༣ཡས་མས་སུ་སྐུ་འཁྲུངས་ཤིང༌། ནར་སོན་པ་ན་བོད་ཀྱི་རྒྱལ་རབས་སོ་བཞི་བ་མང་སྲོང་མང་བཙན་གྱི་བཙུན་མོར་གྱུར།སྤྱི་ལོ༦༧༩ལོར་ཡབ་རྒྱལ་བོ་མང་སྲོང་མང་བཙན་དང་ཡུམ་འབྲོ་བཟའ་ཁྲི་མ་ལོད་གཉིས་ཀྱི་སྲས་སུ་འདུས་སྲོང་མང་བོ་རྗེ་འཁྲུངས་ཤིང༌། རྒྱལ་སྲས་མ་བལྟམས་པའི་ཞག་བདུན་གྱི་སྔ་རོལ་ཏུ།ཡབ་མང་སྲོང་མང་བཙན་སྐུ་གཤེགས་པས་འབྲོ་བཟའ་ཁྲི་མ་ལོད་གཙོ་བྱས། མགར་གཉན་ལྡེམ་བུ་དང་རས་ཏ་རེ་ཁོང་ལོད་བཅས་ཀྱིས་རྒྱལ་སྲིད་མ་ཉམས་པར་བསྐྱངས་ཏེ།སྲས་དགུང་ལོ་གསུམ་ལ་འབུད་རེག་བར་ཡབ་རྒྱལ་བོ་གཤེགས་པ་ཀུན་ལ་གསང་རྒྱ་མཛད། སྲས་དགུང་ལོ་གསུམ་གྱི་ཐོག་རྒྱལ་སྲིད་ལ་མངའ་གསོལ་མཛད་ཀྱང་ལོ་ན་ཆུང་བས་ཆབ་སྲིད་ཀྱི་འགན་དབང་ཁོ་མོས་བཟུང་སྟེ་སྲིད་བསྐྱངས་པ་དང༌།ཞང་ཞུང་དང་འ་ཞའི་ཡུལ་གྱི་ཚོ་བ་འགས་ངོ་ལོག་བྱས་པ་བཏུལ་ཏེ་མངའ་འོག་ཏུ་བསྡུས།དྭགས་པོ་དང་རྩང་ཆེན་དུ་ཟིང་འཁྲུག་བསླངས་པ་བཅོམ་ནས་རྒྱལ་སྲིད་ལ་ཡང་གནོད་པ་མ་ཐེབས།ལྷག་པར་ས་ཁོ་མོས་དུས་དང་རྣམ་པ་ཀུན་ཏུ་རྒྱལ་སྲས་ཀྱི་སྐུ་སྲུང་མཛད་དེ་ནར་སོན་རྗེས་སྲིད་དབང་སྤྲད།དེའི་སྐབས་སུ་ཁོ་མོ་གཙོ་བྱས་བློན་པོ་དག་གིས་ཕྱི་ལ་དམག་དྲངས་ཏེ་རྒྱལ་མཚམས་བརྟན་སྲུང་གི་ལས་རྒྱ་ཆེར་སྤེལ་བ་སྟེ། དེང་གི་ཡུན་ནན་ཏེ་འཇང་ཡུལ་དབང་དུ་བསྡུས་པ་དང༌། ནང་ཁུལ་བདེ་འཇགས་ཀྱི་ཆེད་དུ་རང་གི་སྲས་མོ་གཉིས་སྔ་ཕྱིར་དྭགས་ཡུལ་དང་འ་ཞར་གནས་ལ་བརྫངས་པ་སོགས་ཞི་མཐུན་གྱི་གཉེན་འབྲེལ་ཡང་བཙུགས།
སྤྱི་ལོ༧༠༩ལོར་སེ་རིབ་ཅེས་པའི་རྒྱལ་ཕྲན་སོགས་ནས་ངོ་ལོག་བརྒྱབ་པ་རྣམས་ཀྱང་དམག་དང་ཁྲིམས་ཀྱིས་མནན་ཅིང༌། སེ་རིབ་ཀྱི་རྒྱལ་བོ་ཡང་གསོན་བཟུང་བྱེད་ཐུབ་པ་སོགས་བོད་བཙན་པོའི་ཆབ་སྲིད་ཇེ་བརྟན་དུ་དང༌། བོད་ཡུལ་བདེ་འཇགས་སུ་གནས་རྒྱུར་མཛད་རྗེས་ཆེན་པོ་བཞག དེ་བས་ཁོ་མོ་ནི་བོད་ཀྱི་ལོ་རྒྱུས་ཐོག་བུད་མེད་སྲིད་གཉེར་བ་ཐོག་མ་ཡིན་ཞིང༌། ཆབ་སྲིད་ཀྱི་མཁྱེན་རྒྱ་ཡངས་ཤིང་དབང་ཐང་སྙན་གྲགས་བཅས་ཧ་ཅང་ཆེན་པོ་བྱུང་བར་གྲགས།
 01_07_19.jpg
བསམ་གཞིག    སྦྱང་གཞི།
༡. འབྲོ་བཟའ་ཁྲི་མ་ལོད་ཀྱིས་ཆབ་སྲིད་ཀྱི་འགན་བཞེས་དོན་གང་ཡིན།
༢. ཁོ་མོར་ཆབ་སྲིད་ཐད་མཛད་རྗེས་གང་དག་ཡོད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号