ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ།
སྤེལ་དུས།03-28  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ཚེ་རིང་རྡོ་རྗེ།

      སློབ་ཚན་འདིའི་ནང་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་འཁྲུངས་འདས་ལོ་ཚིགས་དང་ཁོང་གི་མཛད་རྗེས་གཙོ་བོ་སོགལ་ངོ་སྤྲོད་བྱས་ཡོད་པས།ང་ཚོས་དེའི་སོར་གྱི་ཤེས་བྱ་རགས་བསྡུས་ཙམ་ཤེས་རྟོགས་ཡོངས་རྒྱུ།

དེ་ཡང་སྨན་པའི་རྒྱལ་བོ་གཡུ་ཐོག་ཡོན་ཏན་མགོན་པོ་ནི་སྤྱི་ལོ༧༢༩ ལོར་སྟོད་ལུང་སྐྱིད་སྣར་ཡབ་ཁྱུང་བོ་རྡོ་རྗེ་དང་ཡུམ་རྒྱ་ས་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བརྒྱ་དང་ཉེར་ལྔ་བ་སྤྱི་ལོ༡༥༤ལོར་སྐུ་གཤེགས།དགུང་ལོ་གསུམ་པར་ཡབ་ཀྱི་སྐུ་མདུན་ནས་ཡི་གེའི་སྦྱོར་ཀློག་བསླབས་པས་ཚེགས་མེད་དུ་མཁྱེན།དེ་ནས་ཡབ་ཀྱིས་གསོ་བྱེད་ཀྱི་གཞུང་དང་ལག་ལེན་བཅས་ཞིབ་པར་ཁྲིད།དགུང་ལོ་ཉེར་ལྔ་བར་རྒྱ་གར་དུ་ཕེབས་ཏེ་པཎ་ཆེན་ཙནྡྲ་དེ་བ་ལས་གསོ་རིག་གི་གདམས་ངག་ཁྱད་པར་ཅན་མང་པོ་ཞུས་ཤིང༌།མཁས་པ་མང་པོ་ལས་གསོ་བ་རིག་པའི་གཞུང་ལུགས་མང་དུ་གསན་པས་མཁས་པའི་གཙུག་རྒྱན་དུ་གྱུར།སྐུ་ཚེ་གང་བོར་བོད་ཡུལ་ཐམས་ཅད་ཞབས་ཀྱིས་བཅགས་པ་མ་ཟད།རྒྱ་གར་དུ་ཐེངས་གསུམ་ཕེབས་པ་དང༌། བལ་ཡུལ་དང་རྒྱ་ནག་རི་བོ་རྩེ་ལྔ་བཅས་ལ་ཕེབས་ནས་སྨར་དཔྱད་མཛད་དེ་འགྲོ་བ་མང་བོའི་ཚེ་སྲོག་བསྐྱབས། སྨན་པ་འབུམ་རམས་པ་དང༌། སྨན་པ་རབ་འབྱམས་པ། སྨན་པ་དཀའ་བཅུ་བ།སྨན་པ་བསྡུས་ར་བ་དང་བཅས་པའི་སྨན་པ་མཁས་པའི་མཚན་རྟགས་སོ་སོ་དུས་དེ་ནས་བྱུང༌།ཁོང་གི་རྒྱ་དཀར་ནག་དང་སོག་ཡུལ་ཕྱོགས་ཀྱི་གསོ་བ་རིག་པའི་ཉིང་ཁུ་རྣམས་བླངས་ཐོག་བོད་ཀྱི་ཐུན་མོང་མིན་པའི་དམངས་ཁྲོད་གསོ་རིག་ལག་རྩལ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་རྣམས་ཕྱོགས་་བསྡོམས་ཀྱིས་དཔལ་ལྡན་རྒྱུད་བཞི་ལ་སོགས་གསོ་རིག་གི་གཞུང་སུམ་ཅུ་ལྷག་ཙམ་བརྩམས། ཁོང་ལ་སློབ་མ་ལྔ་བརྒྱ་ཙམ་བྱུང་ལ། དེ་དུས་སུ་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཆ་ཚང་བར་གྱུར།
01_07_20.jpg 
བསམ་གཞིག  སྦྱང་གཞི།
༡. ཁོང་གིས་མི་ཚེ་གང་བོར་ཕྱོགས་གང་ལ་ཞིབ་འཇུག་དང་ལག་ལེན་གྱི་ར་སྤྲོང་ཐོབ།
༢.ཁོང་གིས་བརྩམས་པའི་འཐུབ་ཚབ་ཀྱི་བསྟན་བཅོས་གང་།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号