ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །མངའ་བདག་ཁྲི་རལ་བ་ཅན།
སྤེལ་དུས།03-28  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ཚེ་རིང་རྡོ་རྗེ།

ཡོད་ལ།ང་ཚོས་ཁོང་གི་མཛད་རྗེས་རགས་བསྡུས་ཙམ་ཤེས་རྟོགས་ཡོང་རྒྱུ།

 

 

བོད་རྒྱལ་གདུང་རབས་ཞེ་གཅིག་པ་ཁྲི་གཙུག་ལྡེ་བཙན་རལ་བ་ཅན་ནི་ཡབ་མུ་ཏིག་བཙན་པོ་སད་ན་ལེགས་མཇིང་ཡོན་དང༌།ཡུམ་ལྷ་རྩེ་གཉིས་ཀྱི་སྲས་སུ་སྤྱི་ལོ༨༠༦ལ་སྐུ་འཁྲུངས་ཤིང༌།༨༡༧ལོར་ཡབ་དགོངས་པ་རྫོགས་ནས་རྒྱལ་སྲིད་བཟུང༌།ཅོག་རོ་བཟའ་དཔལ་གྱི་ངང་ཚུལ་སོགས་བཙུན་མོ་བགྲེས༌གཞོན་ལྔ་ཁབ་ཏུ་བཞེས།བཀའི་བློན་པོ་བྲན་ཀ་དཔལ་ཡོན་གྱིས་མཛད་དེ་རྒྱལ་ཁྲིམས་ཆོས་བཞིན་བསྐྱངས།ངན་ལ་ཆད་པ་གཅོད་ཅིང་བཟང་ལ་བྱ་དགའ་སྟེར།མཐོ་བའི་གཉའ་ནས་གནོན་ཅིང་དམའ་བ་ཐབས་ཀྱིས་སྐྱོང་བའི་བཀའ་ཁྲིམས་ཀྱི་སྲོལ་བཟང་བོ་བཏོད།ནང་བའི་བསྟན་པ་དར་བ་འཆད་ཉན་གྱི་གཞི་ལ་རག་ལས་པར་དགོངས་ནས་སྒོམ་གྲྭ་དང་བཤད་གྲྭ་འདུལ་གྲྭ་སོགས་མང་དུ་བཙུགས་ཤིང༌།བཙུན་པ་རྣམས་གཙུག་ཏུ་བཀུར་ཆེད་རང་ཉིད་ཀྱི་དབུ་རལ་ལས་དཔྱངས་པའི་དར་ཡུགས་དགེ་འདུན་པར་གདན་ལ་བཏིང་ནས་ཤིན་ཏུ་གུས་པའི་ཚུལ་མཛད་པས་མཚན་ཡང་ཁྲི་རལ་བ་ཅན་ཞེས་གྲགས།སྔར་བསྒྱུར་བའི་གསུང་རབ་མཐའ་དག་ལ་ཞུ་དག་ལེགས་པར་མཛད་ཅིང༌།སྐད་གསར་བཅད་ཀྱིས་གཏན་ལ་ཕབ།
མདོར་ན།བཙན་པོ་འདི་ཡི་སྐུ་དུས་སུ་ཐང་བོད་བར་གྱི་མཛའ་བརྩེའི་མཐུན་ལམ་ཇེ་ཟབ་ཏུ་བཏང་སྟེ་དབོན་ཞང་མཐུན་པའི་ངོ་རིང་བཙུགས་པ་དང༌།བོད་ཀྱི་ཆབ་སྲིད་དང༌།དཔལ་འབྱོར།རིག་གནས་བཅས་གོང་དུ་འཕེལ་བའི་དགོས་མཁོ་དང་བསྟུན་རས་ཁྲིམས་ཡིག་གསར་བཟོ་དང༌།བྲེ་སྲང་སོགས་ལ་ལེགས་བཅོས་བྱས་ཏེ་ཚད་ལྡན་དུ་བཏང༌།ལྷག་པར་དུ་བོད་ཀྱི་ཆོས་ལུགས་དང་རིག་གནས་ཆེས་ཆེར་དར་བར་མཛད་སྟབས་བོད་ཀྱི་ལོ་རྒྱུས་སྟེང་ཡོངས་སུ་གྲགས་པའི་ཆོས་རྒྱལ་མེས་དབོན་རྣམ་གསུམ་བྱ་བའི་གསུམ་པར་བགྲངས་བ་ཡིན་ནོ། །
 01_07_22.jpg
བསམ་གཞིག    སྦྱང་གཞི།
༡. མངའ་བདག་ཁྲི་རལ་བ་ཅན་ནི་རྒྱལ་རབས་དུ་བ་ཡིན།
༢. ཁོང་གི་མཛད་རྗེས་གཙོ་བོ་འགའ་ཕྲིས།

 

 

 

 

 

 

      སློབ་ཚན་འདིར་མངའ་བདག་ཁྲི་རལ་བ་ཅན་གྱི་ལོ་རྒྱུས་མདོར་བསྡུས་སུ་བཀོད་

 

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号