ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །བོ་དོང་བ་ཕྱོགས་ལས་རྣམ་རྒྱལ།
སྤེལ་དུས།03-28  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ཚེ་རིང་རྡོ་རྗེ།

 

སློབ་ཚན་འདིར་བོ་དོང་བ་ཕྱོགས་ལས་རྣམ་རྒྱལ་ངོ་སྤྲོད་བྱས་ཡོད་ལ།ང་ཚོས་སློབ་ཚན་འདི་བསླབས་པ་བརྒྱུད་ཁོང་གི་ལོ་རྒྱུས་རགས་ཙམ་ངེས་རྒྱུ་དང། གསུང་རྩོམ་ཆེས་མང་བའི་མཛད་རྗེས་དེ་དག་ལ་རྗེས་སུ་ཡིད་རངས་ཞུ་འོས།
བོ་དོང་བ་ཕྱོགས་ལས་རྣམ་རྒྱལ་ནི་སྤྱི་ལོ༡༣༧༥ལོར་སྐུ་འཁྲུངས་ཤིང།སྤྱི་ལོ༡༤༥༡ལོར་སྐུ་གཤེགས།ཁོང་ནི་ལོ་ཆེན་གྲགས་པ་རྒྱལ་མཚན་གྱི་དབོན་པོ་ཡིན།དབྱངས་ཅན་མས་རྗེས་སུ་བཟུང་བས་རིག་པའི་གནས་མཐའ་དག་ལ་ཐོགས་པ་མེད་པར་གྱུར་ཞིང་ཀུན་གྱིས་བོ་དོང་པཎ་ཆེན་ཞེས་འབོད།གངས་ལྗོངས་མཁས་པ་ཕལ་ཆེར་རྩོད་པས་ཕམ་པར་མཛད་ཅིང་བོ་དོང་གི་གདན་ས་ཡང་མཛད།ཁོང་གི་མཚན་གྱི་རྣམ་གྲངས་ལ་འཇིགས་མེད་གྲགས་པ་དང་ཆོས་ཀྱི་རྒྱལ་མཚན་བཅས་ཡོད།ཁོང་གིས་སློབ་མའི་ཚོགས་མང་པོ་བསྐྱངས་ཤིང་ཁོང་གི་གསུང་རྩོམ་རྣམས་ཕྱོགས་གཅིག་ཏུ་བསྡུས་ན་པོ་ཏི་བརྒྱ་དང་སོ་གཉིས་སུ་བཞུགས་པས།ད་ལྟ་རྒྱལ་ཁབ་ཕྱི་ནང་གི་མཁས་ཆེན་རྣམས་ཀྱིས་ཁོང་གི་གསུང་རྩོམ་ནི་འཛམ་གླིང་ཡོངས་ཀྱི་མི་རིགས་ཁག་གི་མཁས་པ་སོ་སོའི་གསུང་རྩོམ་ཐམས་ཅད་ཀྱི་ནང་ནས་ཆེས་མང་བ་ཡིན་ནོ་ཞེས་མགྲིན་གཅིག་ཏུ་བསྔགས་བརྗོད་བྱེད་དོ།།
བསམ་གཞིག    སྦྱང་གཞི།
༡. ཁོང་གི་མཚན་གྱི་རྣམ་གྲངས་ལ་ག་འདྲ་ཟེར།
༢. ཁོང་གི་གསུང་རྩམ་རྣམས་བསྡུས་ར་པོ་ཏི་ག་ཙམ་བཞུགས།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号