ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས།
སྤེལ་དུས།03-28  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ཚེ་རིང་རྡོ་རྗེ།

      སློབ་ཚན་འདིར་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་ལོ་རྒྱུས་རགས་ཙམ་བཀོད་འདུག་ལ། ངཚོས་སློབ་ཚན་འདི་བསླབས་པ་བརྒྱུད་རས་ཁོང་གི་ལོ་རྒྱུས་དང་མཛད་རྗེས་རགས་ཙམ་ཤེས་དགོས།

ཁོང་ནི་སྤྱི་ལོ༡༠༠༤ལོར་དབུ་རུ་བྱང་ཕྱོགས་ཀྱི་སྟོད་ལུང་ཕུའི་རྩ་སྒྱེ་མོར་ཡབ་སྐུ་གཤེན་ཡག་གཞེར་འཕེན་དང་།ཡུམ་ཁུ་འོད་བཟའ་ལན་གཅིག་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་གི་བྱིས་པའི་མིང་ལ་ཆོས་འཕེལ་ཟེར།དགེ་བཤེས་གཡུང་ཆོས་མགོན་ལས་ཡི་གེའི་འབྲི་ཀློག་བསླབས་ཏེ་ལོ་བཞིར་བཞུགས།རྒྱལ་གྱི་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་ལས་དགེ་བསྙེན་གྱི་སྡོམ་པ་བླངས་ཏེ་མཚན་ལ་རྒྱལ་བའི་འབྱུང་གནས་ཞེས་གསོལ།པཎྜིཏ་སྨྲི་ཏི་ལས་སྒྲ་རིག་པ་དང་ལེགས་སྦྱར་གྱི་སྐད་ལ་བསླབས། དགུང་ལོ་སོ་བརྒྱད་པར་སྤྱི་ལོ༡༠༤༢ལོར་ཁམས་ནས་མངའ་རིས་སུ་ཇོ་བོ་རྗེར་མཇལ་དུ་ཕེབས། སྤུ་ངས་སུ་ཇོ་བོ་དང་མཇལ་ནས་བླ་མར་བསྟེན་ཏེ་བཀའ་ཆོས་མང་དུ་གསན། དགུང་ལོ་ང་བཞི་བར་སྤྱི་ལོ།༡༠༥༧འཕྲང་ཁ་བེར་ཆུང་སྦྱིན་བདག་གཙོ་བོ་བྱས་ཏེ་རྭ་སྒྲེང་དགོན་པ་ཕྱག་བཏབ།ཇོ་བོའི་སྐུ་གདུང་དངུལ་གྱི་མཆོང་རྟེན་དུ་བཞེངས།ངེ་ནས་ཇོ་བོའི་སློབ་མ་རྣམས་ཆོས་དང་འཚོ་བ་གཉིས་ཀའི་སྒོ་ནས་བསྐྱངས་ཏེ་བཀའ་གདམས་བསྟན་པའི་བདག་པོར་གྱུར།སྤྱི་ལོ༡༠༦༤ལོར་རྭ་སྒྲེང་དུ་སྐུ་གཤེགས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་པོ་ཏོ་བ་རིན་ཆེན་གསལ་དང༌།སྤྱན་སྔ་བ་ཚུལ་ཁྲིམས་འབར།ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་བཅས་ཡིན།ཁོང་གིས་གསུང་རྩོམ་ལ«མི་ཆོས་གནད་ཀྱི་ཕྲེང་བ»ལྟ་བུ་བསླབ་བྱའི་སྐོར་དང་།«ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་བ» ལྟ་བུ་བསྟོད་ཚོགས་ཀྱི་སྐོར།ས་དཔྱད།ལོ་རྒྱུས། རྣམ་ཐར།བཅའ་ཡིག  འཕྲིན་ཡིག་བཅས་བསྟན་བཅོས་མང་པོ་བཞུགས་པ་མ་ཟད།མདོ་སྔགས་ཀྱི་ཕྱོགས་ལའང་འགྱུར་བཅོས་དང་ཞུས་དག་མང་དུ་མཛད་པ་སོགས་བོད་ཀྱི་ཆོས་དང་རིག་གཞུང་གི་ཐད་ལ་བཀའ་དྲིན་ཤིན་ཏུ་ཆེའོ།། 
བསམ་གཞིག    སྦྱང་གཞི།
༡. ཁོང་ཉིད་ཇོ་བོ་རྗེར་མཇལ་བའི་དུས་ག་ཙམ་ཡིན་པ་རེད།
༢. རྭ་སྒྲེང་དགོན་པ་ཕྱག་འདེབས་པ་པོ་སུ་ཡིན་པ་དང་།དུས་ནམ་འིག་ལ་ཕྱག་བཏབ།
༣. ཁོང་གེ་གསུང་རྩོམ་ལ་ག་འདྲ་ཡོད་པ་རེད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号