ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །བོད་གྱི་བཟོ་སྐྲུན་པ་ཆེན་པོ་ཐང་སྟོང་རྒྱལ་བོ།
སྤེལ་དུས།03-28  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ཚེ་རིང་རྡོ་རྗེ།

      ཐང་སྟོང་རྒྱལ་བོ་ནི་བོད་ཀྱི་ལོ་རྒྱུས་ཐོག་ལྕགས་ཟམ་བཟོ་སྐྲུན་མཁན་གྱི་ཐོག་མ་ཡིན། སློབ་ཚན་འདིའི་ནང་ཐང་སྟོང་རྒྱལ་བོས་ལྕགས་ཟམ་བཟོ་སྐྲུན་ཇི་ལྟར་མཛད་པ་དང་། ཟློས་གར་འཁྲབ་གཞུང་ལ་ཁ་སྐོང་བྱེད་ཚུལ་སོགས་བཀོད་ཡོད་པས། ང་ཚོས་དེ་དག་ཤེས་རྟོགས་ཡོང་རྒྱུ།

ཐང་སྟོང་རྒྱལ་བོ་ནི།བོད་རིགས་མི་དམངས་ཀྱིས་རྒྱུས་མངའ་ཆེ་ཤོས་དང་་མོས་གུས་ཆེན་པོ་ཡོད་པའི་ལོ་རྒྱུས་མི་སྣ་གྲགས་ཅན་ཞིག་ཡིན་ལ། ཁོང་གིས་མི་ཚེ་གང་བོར་མི་དམངས་ལ་ཕན་ཐོགས་ཡོད་པའི་བྱ་བ་བཟང་བོ་ཅི་སྙེད་ཅིག་མཛད་པ་དང༌། ལྷག་པར་དུ་ལྕགས་ཟམ་འཛུགས་སྐྲུན་དང་ལྷ་མོའི་ཟློས་གར་ཕྱོགས་སུ་ལག་རྗེས་བླ་ན་མེད་པ་བཞག་ཡོད།
ཁོང་ནི་སྤྱི་ལོ༡༣༦༡ལོར་གཙང་ལ་སྟོད་གཡས་རུར་ཡབ་རྡོ་རྗེ་རྒྱལ་མཚན་དང་ཡུམ་རྒྱ་གར་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང༌།མཚན་ལ་ཁྲོ་བོ་དཔལ་ལྡན་བཏགས། ཆུང་དུས་ནས་བཟུང་སྤྱང་གྲུང་འཛོམས་ལ་ཕན་སེམས་ཆེ་བ།རིག་པ་རྣོ་བས་ཕ་མ་གཉིས་ཀྱིས་དགོན་པ་བྱང་སྡིངས་སུ་ཆོས་སྐྱོང་དཔལ་བའི་དྲུང་དུ་ཡི་གེ་འབྲི་ཀློག་བསླབ་ཏུ་བཅུག་སྟེ་ལེགས་པར་མཁྱེན།དེ་ནས་ཨ་མའི་རེ་བ་ལྟར་གནས་དེ་རུ་རབ་ཏུ་བྱུང་ཞིང་མཚན་ལ་བརྩོན་འགྲུས་བཟང་བོ་ཞེས་གསོལ། གང་དེས་བློ་གྲོས་རྡོ་རྗེ་དང་རེད་མདའ་བ་གཞོན་ནུ་བློ་གྲོས་སོགས་དགེ་རྒན་དུ་བསྟེན་ནས་གསང་སྔགས་གསར་རྙིང་གི་ཆོས་སྐོར་མ་ལུས་པར་གསན།
ཁོང་ནི་གནས་མཆོག་ཀུན་ཏུ་རྒྱུ་བའི་རྣལ་འབྱོར་བ་ཞིག་ཡིན་པས། ཐེངས་ཤིག་ཚལ་གུང་ཐང་ནས་ལྷ་སར་འབྱོན་པའི་ལམ་བར་དུ་ལྷ་གདོང་ཤན་ཁ་ནས་གྲུ་དཔོན་ལ་གླ་རྔན་སྟེར་རྒྱུ་མ་བྱུང་བས་གྲུ་དཔོན་གྱིས་ཁོང་གི་དབུ་ལ་ཤན་སྐྱས་ལན་གསུམ་གཞུས་ཏེ་ཆུ་ནང་དུ་གཡུགས་པ་བྱུང་བས།ཁོང་གི་ཐུགས་ཡིདཤིན་ཏུ་སྐྱོ་བ་ཞིག་བྱུང་བ་མ་ཟད།ཉམ་ཐཀ་ཅིང་དབུལ་ཕོངས་ཀྱི་སྐྱེ་བོ་བགྲང་ལས་འདས་པ་ཞིག་ཀྱང༌འདི་བཞིན་བརྙས་བཅོས་དང་དཀའ་སྡུག་མྱངས་དང་མྱོང་བཞིན་པ་མཁྱེན་ནས།སླར་ཐུགས་ཀྱི་མ་བཟོད་པར་ཆུ་ཀླུང་བརྒལ་མི་ཐུབ་པ་རྣམས་ལ་ལྕགས་ཟམ་འཛུགས་རྒྱུའི་དམ་བཅའ་བརྟན་པོ་ཞིག་ཐུགས་ལ་བཀོད།ཡིན་ནའང་ལྕགས་ཟམ་འཛུགས་སྐྲུན་ལ་ཐད་ཀའི་མཐུན་རྐྱེན་མི་འདང་བས་བོད་ཀྱི་སྲོལ་རྒྱུན་ཟློས་གར་དང་ཟློས་གར་འཁྲབ་གཞུང་ལ་སློབ་སྦྱོང་དང་ཁ་སྐོང་ལེགས་པར་བྱས་ཏེ།དེ་འཁྲབ་མཁན་གྱི་ལྷ་མོ་བ་སྐོར་ཞིག་སྐྱེད་བསྲིངས་དང་འཁྲབ་སྟོན་བྱས་ནས། ལྕགས་ཟམ་འཛུགས་སྐྲུན་ལ་རྒྱུ་འབྱོར་གྱི་སློང་མོ་དང་ཁྱད་པར་དུ་ལྕགས་རིགས་གསོག་འཇོག  ལྕགས་གཏེར་སྔོག་འདོན། ལྕགས་བཞུ་རྡུང་དང་འདྲེན་པ་སོགས་ཐབས་ཤེས་ཡོད་རྒུ་བཏོན་ནས་ཆུ་ཆེན་གང་མང་སྟེང་ལྕགས་ཟམ་ང་བརྒྱད་དང༌།ཤིང་ཟམ་དྲུག་ཅུ་ཐམ་པ་བཙུགས་ཏེ་མི་རྣམས་ཕར་འགྲོ་ཚུར་འོངས་ལ་སྟབས་བདེ་གང་མང་བཟོས།ཁོང་གི་མཚན་ལ་ཐང་སྟོང་རྒྱལ་བོ་ཐོགས་ཚུལ་ནི།ཁྱབ་གདལ་ཆེན་པོའི་ཐང་ཆེན་ན།།སྟོང་ཉིད་རྟོགས་པའི་རྣལ་འབྱོར་བ།།འཇིག་རྟེན་རྒྱལ་བོ་ལྟ་བུར་བཞུགས།། དེ་ཕྱིར་ཐང་སྟོང་རྒྱལ་བོ་ཐོགས།།ཅེས་གཙང་རྒྱལ་སྡེའི་ཐང་ཁར་བཞུགས་པའི་དུས་སུ་ཡོངས་གྲགས་སུ་གྱུར། མཐར་སྤྱི་ལོ༡༤༨༥ལོར་གཙང་སྟོད་རི་བོ་ཆེ་ནས་སྐུ་གཤེགས།
 01_07_28.jpg
བསམ་གཞིག    སྦྱང་གཞི།
གཅིག སློབ་ཚན་ཡང་ཡང་བཀླགས་ནས་གཤམ་གྱི་དྲི་བར་ལན་འདེབས་དགོས།
༡.ཐང་སྟོང་རྒྱལ་བོས་མི་དམངས་ལ་ཕན་ཐོགས་ཡོད་པའི་བྱ་བ་གང་དག་བསྒྲུབས།
༢.ཁོང་གི་བསྡོམས་པས་ལྕགས་ཟམ་དང་ཤིང་ཟམ་ག་ཚོད་བཟོ་སྐྲུན་མཛད།
གཉིས། ཐང་སྟོང་རྒྱལ་བོས་ཟམ་པ་བཟོ་སྐྲུན་མཛད་པའི་ཐུགས་བཀོད་བསྐྱེད་ཚུལ་གྱི་གཏམ་རྒྱུད་དེ་ངག་ཐོག་ནས་ཤོད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号