ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །སྡེ་སྲིད་སངས་རྒྱས་རྒྱ་མཚོ།
སྤེལ་དུས།03-28  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ཚེ་རིང་རྡོ་རྗེ།

      སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི། རྒྱལ་དབང་ལྔ་བའི་སྐབས་སུ་བྱོན་པའི་མི་སྣ་གྲགས་ཆེན་ཞིག་ཡིན་ལ། ཁོང་གིས་བོད་ཀྱི་རིག་གནས་དང་ཆོས་ལུགས། གསོ་རིག་ནང་བསྟན། ཆབ་སྲིད། འཛུགས་སྐྲུན་སོགས་ཕྱོགས་ཡོང་ནས་བྱས་རྗེས་ཆེན་པོ་བཞག་མྱོང་། སློབ་ཚན་འདིར་ཁོང་གི་མཛད་རྗེས་རགས་ཙམ་བཀོད་ཡོད་པས་རྒྱུས་ལོན་བྱ་དགོས།

ཁོང་ནི་སྤྱི་ལོ༡༦༥༣ལོར་ལྷ་སའི་བྱང་རྒྱུད་ཉེ་ཀོར་ཉང་བྲན་གྲོང་སྨད་པར་ཡབ་ཨ་སུག་དང༌། ཡུམ་བུ་ཁྲིད་རྒྱལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།སྤྱི་ལོ༡༧༠༥ལོར་སྟོད་ལུང་སྣང་རྩེར་མགུལ་བ་བཅད་དེ་བཀྲོངས། ལ་མོ་ཚངས་པས་བྱིས་པའི་མཚན་ལ་དཀོན་མཆོག་དོན་གྲུབ་ཅེས་གསོལ། དགུང་ལོ་བརྒྱད་པར་རྒྱལ་བ་ངག་དབང་བློ་བཟང་རྒྱ་མཆོའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལ་སངས་རྒྱས་རྒྱ་མཚོ་ཞེས་གསོལ། དེ་ནས་བཟུང་སུམ་རྟགས་དག་གསུམ་དང༌། སྒྲ་དང་སྡེབ་སྦྱོར། སྙན་ངག་མངོན་བརྗོད། གསོ་རིག་སྐར་རྩིས། བཟོ་དང་ནང་དོན་རིག་པ་བཅས་ལ་ལེགས་པར་སྦྱངས་པས་རྒྱལ་དབང་ལྔ་བ་ཐུགས་ཤིན་ཏུ་དགྱེས་ཏེ་དགུང་ལོ་ཉེར་དྲུག་པར་ཆོས་དང་སྲིད་ཀྱི་རྒྱལ་ཚབ་ཏུ་བསྐོས།དགུང་ལོ་སོ་བདུན་ནས་པོ་ཏ་ལའི་ཕོ་བྲང་དམར་པོ་འཛུགས་སྐྲུན་བྱེད་པའི་འགོ་བརྩམས་ཤིང༌།དེ་ནས་ལོ་གཉིས་སོང་རྗེས་གསེར་སྡོང་འཛམ་གླིང་རྒྱན་གཅིག་གསང་བའི་སྒོ་ནས་བཞེངས།དགུང་ལོ་ཞེ་གཅིག་པར་གོང་མ་ཁང་ཤིས་ཀྱིས“རྡོ་རྗེ་འཆང་ཏཱ་ལའི་ཆོས་སྲིད་འཛིན་ཅིང་།་རྒྱལ་བའི་བསྟན་པ་དར་རྒྱས་སུ་སྐྱོང་བའི་ས་དབང”ཞེས་པའི་གོ་ས་དང་གསེར་ཐམ་གནང༌། དགུང་ལོ་ཞེ་བཞི་བར་རྒྱལ་དབང་དྲུག་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་ཏཱ་ལའི་བླ་མའི་གསེར་ཁྲིར་མངའ་གསོལ་མཛད། ཕོ་བྲང་དམར་བོ་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་བ་དང་། ལྷ་སའི་ལྕགས་པོ་རི་ལ་སྨན་རྩིས་སློབ་གྲྭ་གསར་དུ་བཙུགས་པ་སོགས་ཁོང་གིས་དགའ་ལྡན་ཕོ་བྲང་གི་སྲིད་དོན་ལོ་ངོ་ཉེར་དྲུག་གི་རིང་འགན་ཁུར་བཞེས་ཏེ། སྲིད་བྲེལ་ཤིན་ཏུ་ཆེ་བའི་གནས་ཚུལ་གྱི་འོག་ཏུ་བོད་ཀྱི་ལོ་རྒྱུས་དང༌། གསོ་རིག་རྩིས་རིག  སྒྲ་རིགསྙན་ངགཁྲིམས་ཡིག རྣམ་ཐར། དཀར་ཆག་བཅས་ཁྱོན་བསྡོམས་པོ་ཏི་ཉི་ཤུ་རྩ་དྲུག་ཙམ་ཕྱག་རྩོམ་གནང་ཡོད།
 01_07_34.jpg
བསམ་གཞིག   སྦྱང་གཞི།
༡. སྡེ་སྲིད་སངས་རྒྱས་རྒྱ་མཚོས་གསར་སྐྲུན་གནང་བའི་རྒྱལ་དབང་ལྔ་བའི་གསེར་སྡོང་གི་མིང་ལ་ཅི་ཟེར།
༢. ཁོང་གི་གསུང་རྩོམ་ལ་ཕྱོགས་གང་དག་ཡོད།
༣. ཕོ་བྲང་དམར་བོ་འཛུགས་སྐྲུན་བྱེད་པར་ལོ་ག་ཚོད་འགོར།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号