ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །ཕྲིན་ཡིག་གི་རྣམ་བཞག་དཔེར་བརྗོད་དང་བཅས་པ་པདྨ་དཀར་པོའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།
སྤེལ་དུས།01-20  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། བིས་པ་མི་ཕམ་ཟླ་བས་བརྩམས།
༈ཚེ་རིང་གནམ་གྱི་ཤེ་མོང་བཙན་པོས་དབང་ཕྱུག་གི་ཡོན་ཏན་བརྒྱད་ཕྲོགས་ཤིང༌། ཚངས་པ་ཆེན་པོའི་བྱེད་པ་འཆང་བ། བསོད་ནམས་ཆེན་པོལི་དཔལ་ལས་སྐྱེས་པའི་འཁོར་ལོ་ནམ་མཁར་འཕགས་པའི་རྗེས་སུ་གླིང་བཞི་རི་རབ་འབྲང་བའི་རྒྱལ་པོ་ངེད་ཀྱི་ལུང༌། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུའི་ཡན་ལག་ཡོངས་སུ་རྫོགས་པའི་སངས་རྒྱས་གཉིས་པ་ལྟར་རམ།    རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྐུ་འཇམ་པའི་དབྱངས་དངོས་སྨྲ་བའི་མཁས་པ་སྒྱུར་འཕྲུལ་ཆེན་པོ་ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ལ་འདི་ལྟ་སྟེ།   མར་གྱུར་རིགས་དྲུག་གི་འཁོར་ལོས་བསྡུས་བའི་འགྲོ་པ་ལ་གནམ་སའི་དྲིན་ལན་གདབ་པར། དགེ་སྡིག་གི་ལམ་གྱི་རྣམ་པར་དབྱེ་བ་ཤེས་ལ།   འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་ཁང་བཟང་དུ་འདྲེན་པར་ནུས་པའི་བླ་མ་ཞིག་དགོས་བྱུང་བ་བརྟག་པ་བྱས་དུས། ལེགས་བྱས་ཀྱི་མེ་ཏོག་ཕོག་པའི་ལྷའི་བགོ་སྐལ་བཟང་པོ་ཁྱོད་དུ་འདུག་པ་སེམས་འདྲེན་མ་མ་ཡིན་པའི་རྩེ་གཅིག་པས་གཡར་འདྲེན་ན་འབྱོན་པ་ཅི་གནང༌།   ཡང་ཉེར་ལེན་ཕུང་པོ་སྲིད་པའི་ཆོས་ཉིད་ཅན་དུ་རྒས་པར་སྙད་ན་སྔོན་ལྷ་མིའི་སྟོན་པ་ཤཱཀྱ་ཐུབ་པས་སེམས་ཅན་གྱི་དོན་ལ་གདུང་བ་མེད་པར་ལུས་གྲངས་མེད་དུ་སྦྱིན་པར་བཏང་བ་ཅི་ཙམ། དེའི་ཆོས་རྣམས་རྟོགས་པའི་དམ་བཅའ་དང་ཨེ་འགལ།   ངས་རྣམ་པར་རྒྱལ་བ་ཆེན་པོའི་རུ་མཚོན་བླངས་ནས། དཔུང་གི་སྦྱོར་བ་དྲག་པོ་བཤམས་ན། སྐྱེ་འགྲོ་མང་པོ་མནར་བར་མི་འགྱུར་རམ་བླ་ན་མེད་པའི་ཡེ་ཤེས་ཀྱི་མཐུ་ཐོབ་ལ་འཕྲིན་ལས་ཀྱི་ཏིང་འཛིན་ཐོགས་པ་མེད་པ།   ཀུན་ལ་བྱམས་པ་དང་ཐུགས་རྗེའི་འོད་ཟེར་རྣམ་པར་སྣང་མཛད་བྱེ་བྲག་མེད་པར་ཁྱབ་པའི་དོན་གྱིས་ན། ས་ལེ་བར་ཁྲི་ཕྲག་དུ་མའི་ལམ་གྱི་ངལ་བ་སྤངས། ཆིང་གིས་ཧོར་གྱི་རྒྱལ་པོའི་རིགས་ཀྱི་མོས་པ་ཕྱིར་མི་གཞོལ་པའི་སླད་དུ།མཁའ་ལས་རིན་པོ་ཆེའི་ཆར་རྩོམ་པ་བཞིན་འཁོར་རི་རབ་ཀྱི་རྡུལ་གྲངས་དང་མཉམ་པས་བསྐོར་ནས། ནམ་མཁའ་མཛོད་ཀྱི་གཏེར་ཟད་མི་ཤེས་པའི་ཕོ་བྲང་དུ་མྱུར་བར་སྦྱོན་ཅིག  ཉི་འོག་ཆུ་ལྷའི་ཕྱོཊ་ཀྱི་པཎྡེ་ཐམས་ཅད་ལ་ཤེས་སུ་འཇུག ཅེས་ཕུད་དུད་ཀྱི་ཐོག་མར་བསྐུར་བའི་སྐྱེས་དངུལ་བྲེ་ལྔ་འགན་གོས་ཏའི་ཧུང་གི་སྣམ་སྦྱར་མུ་ཏིག་གི་ཚོམ་བུ་ཅན། གོས་ལུ་ཧང་གི་རིང་འགག་ལྷམ་འབོབ་དང་བཅས་པ། ཁ་ཐི་དང་ཐོན་ཐི་སྣེ་ཚང་ཡུག་གཉིས་རེ། བཟང་པོའི་གོས་སྣ་ལྔ་ཡུག་ཉི་ཤུ་རྩ་ལྔ་རྣམས་ཡོད། འབད་པས་དོན་དུ་གཉེར་བ་ལ་རྡོ་ཤྲི་མགོན་དང༌།ཛི་བ་ཁ་མངགས་པ་ཡིན། རང་འབྲུག་ལོ་ཟླ་བ་བརྒྱད་པའི་ཚེས་གྲངས་ལ་སོང་བ་དགེ། ཞེས་དང༌།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号