ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །ཕྲིན་ཡིག་གི་རྣམ་བཞག་དཔེར་བརྗོད་དང་བཅས་པ་པདྨ་དཀར་པོའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།
སྤེལ་དུས།01-20  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། བིས་པ་མི་ཕམ་ཟླ་བས་བརྩམས།
བློ་གྲོས་མེ་ཏོག་རྒྱས་པའི་མཚོ་གླིང་དུ། །
                  སྙན་ཚིག་མགྲིན་པའི་རྫ་རྔ་འཁྲོལ་བ་ཡིས། །                   
   ཕྱོགས་ཀུན་སྐལ་བཟང་རྣ་བའི་བཅུད་ལེན་པ། །
       མང་ཐོས་མཁའ་འགྲོ་དཀར་པོའི་ངང་ཚུལ་དགེ །
 
སྐྱེས་ཐོབ་ཤེས་རབ་ཆོས་ལ་འཇུག་པ་དང༌།   །
མདོ་རྒྱུད་རིག་གནས་མང་དུ་ཐོས་པ་དང༌།   །
    གུས་རྟག་བརྩོན་པའི་སྦྱོར་བ་མི་དམན་པ།   །      
   འདི་དག་སྙན་དངགས་ཕུན་སུམ་ཚོགས་པའི་རྒྱུ།   །
 
སྐྱེས་སྦྱངས་ཡོན་ཏན་ལྡན་པའི་ཡིག་སྐུར་ཙམ། །
རྩེད་མོའི༌ཞོར་ལའང་འགྲུབ་ཕྱིར་ཡོན་ཏན་ལ། །
སྨོན་པར་མི་བྱེད་དེ་དག་སྐྱེ་བ་སྔོན། །
བྱོལ་སོང་སྒྲུབ་པའི་ཐབས་ལ་གོམས་པས་ལན། །
 
འགའ་ཞིག་གཞན་གྱི་ལད་མོ་བྱེད་འདོད་ཀྱང༌། །
མ་ཕྱི་ཡིག་ནོར་ཐུག་ཕྲད་སོར་བཞག་དང༌།   །
མངོན་བརྗོད་མ་ཤེས་མིང་དོན་འགལ་བ་སོགས། །
རང་མཚང་འབད་ནས་སྟོན་པ་ཅི་ཡང་སྣང༌།   །
 
ལག་རྡུམ་བྲག་ལ་བཛེགས་པ་དེ་འདྲ་བས། །
ཁ་ཐག་བསྟུངས་ཏེ་སྐབས་བབ་འདོད་དོན་གྱི། །
གནད་འགག་བསལ་བའི་ཚིག་དང་ཡི་གེའི་སྡེབས། །
མ་འཁྲུལ་ཙམ་རེ་བསྐུར་ན་མི་མཛེས་སམ། །
 
ཀྱེ་ཧོ་དལ་བའི་རྟེན་འདི་རྙེད་དཀའ་ཞིང༌། །
སྙིགས་མའི་ཚེ་ཡང་རིང་དུ་མི་གནས་པས། །
ཚེ་རབས་གཞན་དུ་འདིས་མཚོན་ཡོན་ཏན་ཀུན། །
བདེ་བླག་འགྲུབ་ཕྱིར་མྱུར་དུ་འབད་པར་རིགས། །
 
དཔག་བསམ་ཤིང་ལས་འདོད་དགུ་ལེན་པ་བཞིན། །
 
 
རྣམ་མང་མཁས་པའི་གསུང་ལས་འདི་བཏུས་མོད། །
                                                       ནོངས་བ་གང་མཆིས་རང་གི་བློ་སྐྱོན་ཏེ། །
མཁྱེན་ལྡན་དམ་པའི་སྤྱན་སྔར་བདག་འཆགས་སོ། །
 
ལེགས་སྤྱད་རྒྱ་ཆེན་པདྨའི་བཞིན་ལ་སྦྲང་རྩིའི་ཐིག་ལེ་གཡོ་བའི་འཛུམ་དཀར་གྱིས།།
ནམ་མཁའི་མཐར་ཡང་ལུས་པ་མེད་པར་མགྲོན་དུ་བསུས་བའི་ཡིད་ཅན་བྷྲ་མ་ར།།
མཐའ་དག་ཆོས་ཀྱི་རྩི་བཅུད་མངར་པོ་ཆོག་མི་ཤེས་པར་ལོངས་སུ་སྤྱོད་པ་ཡི།།
ངོ་མཚར་སྐྱིད་པའི་རྒྱང་གླུས་སླེད་ཞི་ཀུན་ཁྱབ་དོན་དེ་དེ་རིང་གྲུབ་གྱུར་ཅིག །
ཅེས་ཕྲིན་ཡིག་གི་རྣམ་བཞག་དཔེར་བརྗོད་དང་བཅས་པ་པདྨ་དཀར་པོའི་ཕྲེང་མཛེས་ཞེས་བྱ་བ་འདི་ནི།   དང་པོར་སྔགས་རམས་པ་དགེ་འདུན་རྒྱ་མཚོ་དང༌། དགེ་སློང་བསྟན་འཛིན་རྒྱ་མཚོ་སོགས་དོན་གཉེར་ཅན་དུ་མས་བསྐུལ་བས་གཞི་བཟུང༌། དུས་ཕྱིས་འཛམ་གླིང་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་དམ་པ་ཐུའུ་བཀན་རྡོ་རྗེ་འཆང་ཆེད་པོའི་དྲུང་ཡིག་པ་དཔྱོད་ལྡན་ངག་དབང་ཕུན་ཚོགས་ཀྱིས་ལྷ་རྫས་སྣ་ཚོགས་དང་བཅས་ཡང་ཡང་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར། རོང་བོ་ཐོས་བསམ་གླིང་གི་སྡེ་སྣོད་སྨྲ་བ་མི་ཕམ་དབྱངས་ཅན་དགལ་བའི་བློ་གྲོས་ཀྱིས། བསྐུར་ཡིག་གི་བསྟན་བཅས་དུ་མ་ནས་ལེགས་ཆ་བསྡུས་ཏེ། རབ་བྱུང་བཅུ་གསུམ་པའི་མེ་སྟག་སྣོན་གྱི་ཟླ་བའི་དཀར་ཕྱོགས་ཀྱི་བཟང་པོ་གཉིས་པར། འབལ་གཞུང་ནོར་འཛིན་གྱི་ཐིག་ལེ་བྲག་དཀར་ཆོས་བརྩེགས་སུ་གྲུབ་པར་བགྱིས་པ་ཛ་ཡནྟུ།།   །།
 
སྐལ་ལྡན་རྒྱ་མཚོའི་ཐུགས་བསྐྱེད་རོལ་མཚོ་ལས། །
ཉེར་འཁྲུངས་དགེ་འདུན་ངང་མོ་འབུམ་ཕྲག་གིས། །
ལུང་རིགས་དབྱངས་སྙན་སྤེལ་བའི་ཆོས་གྲྭ་ཆེ། །
རོང་བོ་དགོན་ཆེན་ཞེས་བྱར་དཔར་འདི་བསྒྲུབས།།

 

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号