ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །བོད་ཀྱི་སྐད་ཡིག་འཁྲིད་ཐབས་གསལ་བའི་མེ་ལོང་།
སྤེལ་དུས།04-25  ཡོང་ཁུངས།  རྩོམ་པ་པོ།
   ༣ དམིགས་ཡུལ་མཚོན་ཡིག
   སློབ་འཁྲིད་དམིགས་ཡུལ་མཚོན་ཡིག་དེ།   ངེས་པར་དུ་སློབ་སྦྱོང་བྱ་འགུལ་འགྲུབ་ཁར་བསྡུར་ཞིབ་ཐུབ་པའི་འབྲས་བུ་ཞིག་ལ་བསྟན་ཆོག   དམིགས་ཡུལ་མཚོན་པའི་ཡི་གེ་ནི་ཚིག་ཕྲེང་དུ་མས་གྲུབ་པ་ཞིག་ཡིན་ལ། ཚིག་ཕྲང་དེ་དང་འདྲ་བར་ཚོགས་པ་སྣ་མང་ཞིག་གི་བྱེད་ཐབས་སྤྱད་དེ།   སློབ་འཁྲིད་ཀྱི་རེ་བ་དང་འདོད་བློ་རྣལ་མ་ཞིག་མཚོན་པར་བྱ་ཆོག དེའི་ཕྱིར།
(༡) སློབ་འཁྲིད་དམིགས་ཡུལ་ནི། སློབ་འཁྲིད་འཚོལ་བསྙེག་གི་འབྲས་བུ་ཡིན་ལ། ཚིག་འབྲུས་སྟོན་པ་ནི་འབྲས་བུ་གསལ་བཤད་བྱས་པ་ལས། དེ་ནི་སློབ་འཁྲིད་ཀྱི་ནང་དོན་གནད་བསྡུས་སྟོན་པ་མིན་པར་རང་དང་སློབ་མ་གཉིས་ཀྱིས་ཁ་གང་ལ་ཕྱོགས་པ་དང་ཅི་ཞིག་བསྒྱུབ་རྒྱུ་གསལ་རྟོགས་འབྱུང་དུ་འཇུག་དགོས།
   (༢) དམིགས་ཡུལ་སོ་སོ་ཚང་མ་ཁེར་རྐྱང་གིས་མཚོན་དགོས་ཏེ། ཁྱད་པར་རང་བཞིན་པ་དེ་ཇི་ལྟར་གསལ་ན། དམིགས་ཡུལ་གྱི་གོ་གནས་དང་ངོ་བོའང་ལྷག་པར་གསལ་བ་ཡིན།
   (༣) བྱ་སྤྱོད་ཀྱི་སྟེང་ནས་མཐོང་ཐུབ་པའི་དམིགས་ཡུལ་རྣམས་མཚོན་ཡིག་གིས་བྱ་སྤྱོད་ཀྱི་ཆུ་ཚད་དང་དུས་རིམ་ཅི་ཐུབ་སྒོས་སྟོན་པར་བྱ་དགོས།
ལེའུ་གསུམ་པ།   སྐད་ཡིག་ཚན་ཁག་གི་ནང་དོན་རྣམ་པར་དབྱེ་བ།
དང་པོ། སློབ་འཁྲིད་འཆར་གཞི།
དང་པོ། སློབ་འཁྲིད་འཆར་གཞིའི་ངོ་བོ་དང་འགོད་པའི་རྩ་བ།
༡ སློབ་འཁྲིད་འཆར་གཞིའི་ངོ་བོ།
   སློབ་འཁྲིད་འཆར་གཞི་ནི། རྒྱལ་ཁབ་སོ་སོའི་འགོ་ཁྲིད་དཔུང་ཁག་གིས་སློབ་གསོའི་བཀའ་ཁྲིམས་གཞིར་བྱས་བཀོད་པའི་སློབ་འཁྲིད་མཛུབ་སྟོན་ཡིག་ཆ་ཡིན་ལ།   དེ་ནི་ཚན་ཁག་སོ་སོས་སློབ་འཁྲིད་ནང་དོན་གཞིར་བྱས་གཏན་ལ་ཕབ་པ་ཡིན།   དེས་སློབ་གསོའི་མཛུབ་སྟོན་བསམ་བློ་ལ་བརྩི་བཀུར་སྒོས་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་བའི་ཁ་ཕྱོགས་ལྟར་སློབ་གྲྭའི་གསོ་སྐྱོང་དམིགས་ཡུལ་གཏན་འཁེལ་བྱས་ཏེ། སློབ་འཁྲིད་འཆར་གཞིའི་རྩ་བ་དང་སློབ་འཁྲིད་འཆར་གཞིའི་སྤྱད་འཐུས་ཀྱི་ཁོམས་མཚམས་བཀོད་པ་གསལ་ཞིང་དུས་ཚོད་བཀོད་སྒྲིག་དང་སློབ་ཚན་གསར་འཛུགས་སོགས་མཚོན་པ་རེད། 
   ཉེ་བའི་ཆར། སློབ་འཁྲིད་འཆར་གཞི་དེའི་གཙོ་བོ་ནི་སློབ་ཚན་དང་ཐུན་ཚོད་ཀྱི་འཆར་གཞི་དང་ཡང་ན་རིག་ཚན་རེའུ་མིག་ཡིན། སྤྱི་ཚོགས་དཔལ་འབྱོར་དང་ཚན་རིག་ལག་རྩལ། སློབ་གསོའི་སྒྲིག་གཞིའི་འགྱུར་ལྡོག་ང་བསྟུན་ནས།   སློབ་འཁྲིད་འཆར་གཞིའི་སྒྲིག་གཞིའང་འགྱུར་ལྡོག་འབྱུང་། ཚན་རིག་དག་ལས་གཞན་ཐོན་སྐྱེད་ངལ་རྩོལ་དང་ཚན་རྩལ་བྱ་འགུལ།   ལུས་ཁམས་འཕེལ་བའི་རྩལ་སྦྱོང་བྱ་འགུལ།   སྒྱུ་རྩལ་བྱ་འགུལ། སྤྱི་ཚོགས་བྱ་འགུལ་ལ་སོགས་པའང་སློབ་འཁྲིད་འཆར་གཞིར་འཇོག་དགོས།   ཤེས་བྱ་གསར་བ་མུ་འབྲེལ་འབྱུང་བཞིན་པའི་དེང་དུས་སུ།   ངེས་སྦྱོང་སློབ་ཚན་ལས་གཞན་འདེམ་སྦྱོང་སློབ་ཚན་ཡང་འོས་འཚམ་གྱིས་འཕར་འཛུགས་བྱ་དགོས་པ་དེའང་སློབ་འཁྲིད་འཆར་གཞིའི་ནང་དོན་དུ་གྱུར་ཡོད་པ་མ་ཟད། མུ་མཐུད་འཕེལ་བཞིན་པའི་འཁོར་ཕྱོགས་ཤིག་ཡིན་སྟབས།   སློབ་མའི་སློབ་སྦྱོང་གི་ཁུར་བོ་འོས་ཤིང་འཚམ་ལ། ད་དུང་། དུས་ཚོད་རན་ཞིང་བདེ་བར་བཀོད་སྒྲིག་དང་ཚོད་འཛིན་བྱེད་དགོས་པར་གྲུབ་བོ། །
   ༢   སློབ་འཁྲིད་འཆར་གཞི་འགོད་པའི་རྩ་གནད།
   རྒྱལ་ཁབ་སློབ་གསོའི་དཔུང་ཁག་གིས་ལོ་རྒྱུས་རིམ་པའི་ཡིག་ཆ་དང་མཛུབ་སྟོན་དགོངས་པ་གཞིར་བྱས་ནས། སློབ་འཁྲིད་འཆར་གཞི་འགོད་ན་རྩ་གནད་ལ་བརྩི་བཀུར་སྒོས་གནད་བསྡུས་བྱས་ཆོག་པ་ནི།
 (༡) སློབ་གསོ་ནི། དེང་རབས་ཅན་དང་འཛམ་གླིང་། མ་འོངས་པ་བཅས་ལ་ཁ་ཕྱོགས་པ་དང་ནན་ཏན་སྒོས་སློབ་གསོའི་སྤུས་ཀ་མཐོར་འདེགས་སུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་ཤེས་རིག་དང་བསམ་བློའི་ཤེས་རིག་གཉིས་ཀྱི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་དགོས།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号