ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །བོད་ཀྱི་སྐད་ཡིག་འཁྲིད་ཐབས་གསལ་བའི་མེ་ལོང་།
སྤེལ་དུས།04-25  ཡོང་ཁུངས།  རྩོམ་པ་པོ།
(༢) རང་རྒྱལ་གྱི་མངའ་ཁོངས་ཡངས་ཤིང་། དཔལ་འབྱོར་རིག་གནས་ཀྱི་འཕེལ་རྒྱས་མི་སྙོམས་པའི་དོན་དངོས་གཞིར་འཛིན་པ་དང་།   ས་ཁུལ་མང་ཤོས་དང་སློབ་གྲྭ་མང་པོར་ཕྱོགས་ཏེ།   གཅིག་བསྡུས་རང་བཞིན་དང་སྐབས་བསྟུན་རང་བཞིན་ཟུང་འབྲེལ་གྱི་རྩ་གནད་ལག་བསྟར་བྱ་དགོས།
 (༣)   བྱིས་པ་དང་ན་གཞོན་གྱི་ལུས་སེམས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་བཀུར་སྒོས་སློབ་མ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་འགྲོར་འཇུག་པ་དང་མཉམ་དུ། སྣོད་བསྟུན་སློབ་འཁྲིད་ལ་ཡིད་འཇོག་དང་སློབ་མའི་འདོད་བློ་དང་དགེ་མཚན་གསོ་སྐྱོང་བྱ་དགོས།
 (༤) སློབ་གསོ་དང་ཐོན་སྐྱེད་ངལ་རྩོལ་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཏེ། ངལ་རྩོལ་སློབ་གསོ་དང་ལས་ཀའི་ལག་རྩལ་སློབ་གསོར་ཤིགས་བསྣོན་གཏོང་དགོས།
    (༥) སློབ་ཚན་སོ་སོའི་བཀོད་སྒྲིག་ལུགས་དང་མཐུན་པ།   བསམ་བློ་གཤིས་ཀ་དང་ཆབ་སྲིད་སློབ་གསོའི་སློབ་མཐུན་ཤུགས་སྣོན་སྒོས་སྐད་ཡིག་དང་གྲངས་རིག་པའི་རྨང་གཞི་འདིང་བ་དང་།   ཕྱི་གླིང་ཡི་གེ་ཆ་རྐྱེན་འཛོམས་པའི་སློབ་གྲྭས་ཀྱང་ཕྱི་ཡིག་རྨང་གཞི་བཟང་བོར་འདིང་དགོས།   རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་གི་འབྲེལ་ཡོད་སློབ་ཚན་ལེགས་པོར་སྦྱངས་ནས།   འོས་འཚམ་གྱིས་གླུ་དབྱངས་དང་ལུས་རྩལ།   མཛེས་རྩལགབཅས་ཀྱི་སྣ་རིགས་ལ་ཤུགས་སྣོན་རྒྱགས་དགོས།   སློབ་ཚན་ཁག་སོ་སོའི་འབྲེལ་བ་དང་རིམ་པ་སོ་སོའི་མཐུད་མཚམས་ལ་ཡིད་འཇུག་བྱ་དགོས། སློབ་ཐུན་ཕྱི་ནང་གཉིས་འབྲེལ་ལ་དོ་སྣང་བྱས་ཏེ། སློབ་ཁང་སློབ་འཁྲིད་སྙིང་བོར་བཟུང་ནས་རྔོ་ཐོགས་པའི་སློབ་གསེང་བྱ་འགུལ་དར་སྤེལ་བྱ་དགོས།
   (༦) སློབ་ཚན་ནང་དོན་ལེགས་སྒྲིག་དང་འོས་འཚམ་གྱིས་རྩིས་རིག་དང་དངོས་ལུགས་རྫས་འགྱུར་རིག་པ་བཅས་ཀྱི་སློབ་ཚན་གྱི་གཞུང་ལུགས་ཕྲལ་བ།   རང་སྦྱོང་གི་དཀའ་གནད་འོས་འཚམ་གྱིས་ཕྲལ་དགོས་པའི་རེ་བ་ཡོད་ལ། ཤེས་རྒྱ་འོས་འཚམ་གྱིས་ཆེར་གཏོང་བ།   ཤེས་བྱ་དང་ཚོད་ལྟ་གསར་བ་ཁ་སྣོན་བྱས་ཏེ།   སློབ་ཚན་ནང་དོན་གྱི་དཀའ་སླའི་ཚད་རན་པ། སློབ་མའི་སློབ་ཚན་གྱི་འགན་འཁུར་འོས་མཐུན་གྱིས་བཀོད་སྒྲིག་བྱེད་དགོས། རིག་སྟོབས་འཕེལ་རྒྱས་དང་ནུས་རྩལ་གསོ་སྐྱོང་བྱ་བརཡིད་འཇོག་བྱ་དགོས།
   ༣ སྐད་ཡིག་ཚན་ཁག་གི་སློབ་འཁྲིད་འཆར་གཞི་ཁྲོད་ཀྱི་གོ་གནས།
   སྐད་ཡིག་ཚན་ཁག་གི་གོ་གནས་དེ།   སློབ་འཁྲིད་འཆར་གཞིའི་ཁྲོད་དུ་སྔར་ནས་གསལ་བར་མཚོན་ཐུབ་པ་ནི།
(༡)  སྐད་ཡིག་ཚན་ཁག་ནི་སློབ་ཐུན་ཆེས་མང་བའི་སློབ་ཚན་ཞིག་ཡིན་པ།
(༢) སྐད་ཡིག་ཚན་ཁག་ནི། དམའ་རིམ་སློབ་ཆུང་ནས་འབྲིང་རིམ་གྱི་ཆེས་མཐོ་བའི་ལོ་རིམ་གྱི་ཐོག་མཐར་ཁྱབ་པའི་སློབ་ཚན་ཞིག་ཡིན་པ།
 (༣)  སློབ་འཁྲིད་འཆར་གཞི་ནི།   ཆེས་ཐོག་མའི་གོ་གནས་སུ་འབུར་དུ་བཏོད་ནས། བཀོད་བསྒྲིགས་བྱས་པའི་སློབ་ཚན་ཞིག་ཡིན།
   (༤) སློབ་ཐུན་མང་པོ་ནས་ཉུང་བའི་ཕྱོགས་སུ་མངོན་ཀྱང་། ཆེས་ཉུང་མཐར་ཡང་སློབ་ཐུན་ལྔ་ལས་མི་ཉུང་པ་ཡིན།
     གོང་གི་དོན་དངོས་དག་གིས་སྐད་ཡིག་ནི། བསླབ་བྱ་གཞན་ལས་གལ་ཆེ་བའི་གོ་གནས་ཤིག་ཡིན་པ་གསལ་སྟོན་བྱས་པ་ཡིན་ལ། དེ་ནི། རྒྱལ་ཁབ་གཞན་རྣམས་ཀྱང་འདྲའོ། ། སྐད་ཡིག་དེ་ཆུ་ཚད་ཆེ་ཆེས་པའི་སྟེང་མི་རིགས་ཤིག་གི་ཡིན་ནའང་།   གོ་གནས་གྲངས་རིག་པ་དང་འདྲ་བར་མི་རིགས་ལས་འདས་པའི་ཐུན་མོང་རང་བཞིན་ལྡན་པ་ཡིན།
   དེའི་གོ་གནས་ནི། སྔར་ནས་སྤྱི་ཚོགས་དང་རིག་གནས། རང་གི་དགོས་མཁོའི་རྨང་གཞི་ཡི་ན། གཅིག་ནས། སྤྱི་ཚོགས་ཀྱི་ཚོད་འཛིན་ནས་འོང་པ་དང་། གཅིག་ནས། རིག་གནས་ཀྱི་ཆོད་དོན་ནས་འོང་བ།   གཅིག་ནས། རང་ཉིད་འཚོ་གནས་དང་ཞབས་འདེགས་ཀྱི་རེ་བ་ནས་འོང་པ་རེད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号