ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །བོད་ཀྱི་སྐད་ཡིག་འཁྲིད་ཐབས་གསལ་བའི་མེ་ལོང་།
སྤེལ་དུས།04-25  ཡོང་ཁུངས།  རྩོམ་པ་པོ།
 གཉིས་པ། སྐད་ཡིག་སློབ་འཁྲིད་ཀྱི་རྩ་གནད།
 ༡ སློབ་འཁྲིད་རྩ་གནད་ངོ་བོ་དང་རིགས།
   སློབ་འཁྲིད་རྩ་གནད་ནི། སློབ་གསོའི་དཔུང་ཁག་(སློབ་གསོ་ཨུ་ཡོན་ཚོགས་པ)གིས་བསྒྲགས་པའི་སློབ་འཁྲིད་འཆར་གཞིར་བསྒྲིགས་རྩོམ་བྱས་པའི་སློབ་འཁྲིད་མཛུབ་རང་བཞིན་ཅན་གྱི་ཡིག་ཆ་ཡིན་ལ། སློབ་དེབ་སྒྲིག་མཁན་དང་དགེ་རྒན་གྱི་སློབ་འཁྲིད་བྱེད་པའི་ཕྱོགས་སྟོན་ཀྱང་ཞེས་བཤད་ཆོག   དེས་སྒྲིག་པ་པོ་དང་ཁྲིད་པ་པོ་གཉིས་ལ་རྩ་དོན་གྱི་གནད་བསྟན་པར་མ་ཟད། ནང་དོན་དངོས་ཀྱང་ཡིན་ལ།   སློབ་དེབ་དང་སློབ་འཁྲིད་ཀྱི་སྤུས་ཀ་ལ་རྩད་གཅོད་དང་གདེངས་འཇོག་བྱེད་པའི་ཚད་གཞིའང་དེ་ཡིན་ནོ། །
   སློབ་འཁྲིད་རྩ་གནད་ལ་རིགས་གཉིས་ཡོད་དེ།   ཚངས་ཐིག་དབྱིབས་ཅན་གྱི་རྩ་གནད་དང་གདུབ་དབྱིབས་ཅན་གྱི་རྩ་གནད་དོ། །
ཚངས་ཐིག་དབྱིབས་ཅན་གྱི་རྩ་གནད་ནི། གཏན་ཚིག་གི་གོ་རིམ་ལྟར་ཁ་བྱང་ལེའུ་དང་ས་བཅད་གསར་བ་ར
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号