ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །ཕྲིན་ཡིག་གི་རྣམ་བཞག་དཔེར་བརྗོད་དང་བཅས་པ་པདྨ་དཀར་པོའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།
སྤེལ་དུས།01-20  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། བིས་པ་མི་ཕམ་ཟླ་བས་བརྩམས།
༈ཆོས་སྡེ་ཆེན་པོའི་ལས་སྣེ་པ་ལ།
༈ཞལ་ངོ་རིན་པོ་ཆེ་མཁྱེན་བརྩེའི་བདག་ཉིད་མཆོག་གི ༈དགེ་བསྐོས་རིན་པོ་ཆེ་བྱམས་བརྩེའི་མངའ་བདག་མཆོག་གི ༈བྱིངས་འདྲེན་རིན་པོ་ཆེ་གསུང་གི་དབང་ཕྱུག་མཆོག་གི་དྲུང་དུ། ཡང་ན། ༈ལུགས་ཟུང་གི་མངའ་བདག་ཞལ་ངོ་ཆེན་པོའི།    ༈ལེགས་ཉེས་དཔྱོད་པའི་མཁྱེན་རབ་ཀྱི་མེ་ལོང་རབ་ཏུ་གསལ་བ་ཞལ་ངོ་མཆོག་གི   ༈ཆོས་ཁྲིམས་ཀྱི་མངའ་བདག་དགེ་བསྐོས་ཆེན་མོའི།    ༈ལེགས་ཚོགས་ཀྱི་མངའ་བདག་དབུ་མཛད་རིན་པོ་ཆེའི།   ༈གསུང་སྙན་འབྲུག་ལྟར་ལྡིར་པའི་བྱིངས་འདྲེན་ཆེན་མོ་ལགས་ཀྱི་དྲུང་དུ། ༈འབུལ་དོན། དེང་ཡང་སྐུ་འཚོ་འཛམ་བུའི་གསེར་ལྟར་དྭངས་ཤིང༌། དོན་གཉིས་ལྷུན་གྱིས་གྲུབ་པའི་ལེགས་མཛད་དཀར་ཕྱོགས་ཀྱི་ཟླ་བ་ལ་འགྲན་བཞིན་བཞུགས་པ་བཀའ་དྲིན་མཆོག་ཏུ་ཆེ། ངོས་ཀྱང་སྔར་རྒྱུན་ལྟར་གནས་ལགས། ཞེས་སོགས་གང་རིགས་དང༌།
༈གཞན་ཡང་མཚན་ཉིད་པའི་དགེ་བཤེས་ཤིག་ལ་འབུལ་ན།
༈མཁྱེར་རབ་ཀྱི་འོད་ཟེར་ཤེས་བྱའི་དཀྱིལ་འཁོར་ཀུན་ལ་ཁྱབ་པའི་མཁས་དབང་ནམ་མཁའི་ནོར་བུ་གང་དེའི་དྲུང་དུ།   ༈ལུང་རིགས་གནམ་ལྕགས་ཀྱི་རྡོ་རྗེས་རྒོལ་ངན་བྲག་རི་ཕྱེ་མར་འཐག་པ་ལ་མཚུངས་པ་མེད་པའི་རྣམ་དཔྱོད་ཀྱི་བདག་ཉིད་ཆེན་པོ་གང་དེའི། ༈ངོ་མཚར་རྨད་དུ་བྱུང་བའི་ཡོན་ཏན་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་སྨྲ་དབང་ཟླ་བ་ནོར་བུའི་མེ་ལོང་ཆེན་པོ་གང་དེའི། ༈ཐར་འདོད་བུང་བའི་དགའ་སྟོན་རྨད་དུ་བྱུང་བའི་རིགས་ལམ་སྦྲང་རྩིའི་གཏེར་ཆེན་དྲན་དབང་པདྨ་དཀར་པོའི།  ༈ཟབ་ཡངས་མཁྱེན་པའི་རྭ་བ་ཡངས་པོར་ཤེས་བྱའི་གནས་ཀུན་སྤུངས་ཀྱང་ཉུངས་འབྲུའི་ས་ལ་དགོད་པ་ངོ་མཚར་རིགས་པའི་དབང་ཕྱུག་གང་དེའི།  ༈དྲེགས་ལྡན་མཁས་པའི་གླང་ཆེན་སྟོང་གི་སྤྱི་པོར་ལུང་རིགས་སྡེར་མོའི་ཅོད་པན་རྣམ་པར་འགོད་པ་འཇིགས་མེད་སྨྲ་པའི་སེངྒེ་ཆེན་པོ་གང་དེའི། ༈དྲི་མེད་རིགས་པའི་གད་རྒྱངས་ཆེན་པོས་ཕྱོགས་ཀུན་རྒོལ་བའི་སྙིང་རྩ་འདར་པར་བྱེད་པ་དཔལ་ལྡན་གྲགས་པའི་གདུང་འཚོབ་དམ་པ་གང་དེའི།   ༈རྣམ་དཔྱོད་གཞལ་མེད་ཁང་ཆེན་མང་ཐོས་ནོར་བུའི་གཏེར་གྱིས་གང་པ་ཟླ་བྲལ་རིག་པའི་དཔའ་པོ་མཆོག་གི ༈རིག་ལམ་སྨྲ་བའི་གཙུག་རྒྱན་གང་དེའི། ༈ལུང་རིགས་སྨྲ༌པའི་ཁྱུ་མཆོག་གང་དེའི། ༈རིགས་པའི་དབང་ཕྱུག་ཆེན་པོ་གང་དེའི༌དྲུང་དུ། ༈འབུལ་འབྲས། དེང་ཡང་ངོ་མཚར་རྨད་དུ་བྱུང་བའི་ཡོན་ཏན་གསེར་གྱི་འབྱུང་ཁུངས་ལྟ་བུའི་སྐུ་རིན་པོ་ཆེ་འགྲོ་མང་ཕན་བདེའི་དཔྱིད་དུ་འཚོ་གཞེས་བཀའ་དྲིན་ཆེ་ཞིང༌། དཔྱད་གསུམ་རྣམ་པར་དག་པའི༌སྒོ་ནས་གསུང་རབ་རྒྱ་མཚོའི་དགོངས་དོན་ཕྱིན་ཅི་མ་ལོག་པར་གཏན་ལ་འབེབས་བཞིན་བཞུགས་ལགས་སམ། ༈དིང་སང་སྐུ་རིན་པོ་ཆེ༌།མེད་པའི་རྣམ་དཔྱོད་ཀྱི་བདག་ཉིད་ཆེན་པོ་གང་དེའི།    ༈ངོ་མཚར་རྨད་དུ་བྱུང་བའི་ཡོན་ཏན་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་སྨྲ་དབང་ཟླ་བ་ནོར་བུའི་མེ་ལོང་ཆེན་པོ་གང་དེའི། ༈ཐར་འདོད་བུང་བའི་དགའ་སྟོན་རྨད་དུ་བྱུང་བའི་རིགས་ལམ་སྦྲང་རྩིའི་གཏེར་ཆེན་དྲན་དབང་པདྨ་དཀར་པོའི།    ༈ཟབ་ཡངས་མཁྱེན་པའི་རྭ་བ་ཡངས་པོར་ཤེས་བྱའི་གནས་ཀུན་སྤུངས་ཀྱང་ཉུངས་འབྲུའི་ས་ལ་དགོད་པ་ངོ་མཚར་རིགས་པའི་དབང་ཕྱུག་གང་དེའི། ༈དྲེགས་ལྡན་མཁས་པའི་གླང་ཆེན་སྟོང་གི་སྤྱི་པོར་ལུང་རིགས་སྡེར་མོའི་ཅོད་པན་རྣམ་པར་འགོད་པ་འཇིགས་མེད་སྨྲ་པའི་སེངྒེ་ཆེན་པོ་གང་དེའི། ༈དྲི་མེད་རིགས་པའི་གད་རྒྱངས་ཆེན་པོས་ཕྱོགས་ཀུན་རྒོལ་བའི་སྙིང་རྩ་འདར་པར་བྱེད་པ་དཔལ་ལྡན་གྲགས་པའི་གདུང་འཚོབ་དམ་པ་གང་དེའི། ༈རྣམ་དཔྱོད་གཞལ་མེད་ཁང་ཆེན་མང་ཐོས་ནོར་བུའི་གཏེར་གྱིས་གང་པ་ཟླ་བྲལ་རིག་པའི་དཔའ་པོ་མཆོག་གི ༈རིག་ལམ་སྨྲ་བའི་གཙུག་རྒྱན་གང་དེའི། ༈ལུང་རིགས་སྨྲ༌པའི་ཁྱུ་མཆོག་གང་དེའི། ༈རིགས་པའི་དབང་ཕྱུག་ཆེན་པོ་གང་དེའི༌དྲུང་དུ།     
༈འབུལ་འབྲས། དེང་ཡང་ངོ་མཚར་རྨད་དུ་བྱུང་བའི་ཡོན་ཏན་གསེར་གྱི་འབྱུང་ཁུངས་ལྟ་བུའི་སྐུ་རིན་པོ་ཆེ་འགྲོ་མང་ཕན་བདེའི་དཔྱིད་དུ་འཚོ་གཞེས་བཀའ་དྲིན་ཆེ་ཞིང༌། དཔྱད་གསུམ་རྣམ་པར་དག་པའི༌སྒོ་ནས་གསུང་རབ་རྒྱ་མཚོའི་དགོངས་དོན་ཕྱིན་ཅི་མ་ལོག་པར་གཏན་ལ་འབེབས་བཞིན་བཞུགས་ལགས་སམ། ༈དིང་སང་སྐུ་རིན་པོ་ཆེ༌ཡོན་ཏན་མེ་ཏོག་རྒྱས་པའི་འཁྲི་ཤིང་རབ་ཏུ་བརྟན་ཅིང༌།   མང་ཐོས་གདམ་པར་ཤར་པའི་ཐུགས་མྱོང་བདུད་རྩིའི་དགའ་སྟོན་ཆེན་པོས་དགྱེས་འཛུམ་ལྷམ་མེར་བཞུགས་སམ།   ༈དེང་ཉིད་སྐུ་ལུས་མཆོག་ཏུ་སྙོམས་ཤིང༌། འཐད་སྒྲུབ་ཀྱི་རིགས་པས་དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པས་བསྟན་པ་རིན་པོ་ཆེ་བྱི་དོར་མཛད་བཞིན་བཞུགས་པ་ནས། དོན་ཟབ་སྙན་པའི་གསུང་མཆིད་བདུད་རྩིའི་འོད་ཕྲེང་རྣ་པར་ལྷུང་པའི་མོད་ལ་ཀུན་གཞིའི་ཆུ་གཏེར་དགའ་བདེའི་རླབས་ཕྲེང་སྟོང་གིས་འཁྱུད་པར་གྱུར།   ༈དེང་སྐབས་ཐོས་བསམ་གྱི་ལུས་རྩལ་རྫོགས་ཤིང༌། དགག་སྒྲུབ་ཀྱི་མཆེ་སྡེར་བགྲད་པས། ལོག་སྨྲ་གླང་པོའི་མྱོས་བུམ་འདྲལ་བཞིན་སྐུའི་འཚོ་གཞེས་བརྟན་པར་བཞུགས་པ་ནས། གསུང་སྙན་ཡིད་དུ་འོང་བའི་སྦྲང་རྩི་སྒྲ་འཛིན་སྐལ་བ་བཟང་པོའི་གསོས་སུ་བབས་པས་ཞལ་བཟང་མངོན་དུ་གྱུར་འདྲའི་སྤྲོ་བ་རྒྱ་ཆེར་འཕེལ། །
༈གསང་སྔགས་པ་ལ།    ༈རྒྱུར་སྡེ་རྒྱ་མཚོའི་དཔལ་ལ་དབང་འབྱོར་བའི་སྔགས་ཆེན་རྡོ་རྗེ་འཛིན་པ་མཆོག་གི་སྤྱན་སྔར།    ༈རྣམ་དཔྱོད་གསེར་གྱི་ཤིང་རྟ་ཆེན་པོས་རིམ་གཉིས་ནོར་བུ་ཡོངས་སུ་འདྲེན་པའི་གསང་སྔགས་རབ་འབྱམས་སྨྲ་བ་ལགས་ཀྱི་དྲུང་དུ། ༈གསང་བ་སྔགས་ཀྱི་ཆོས་སྒྲ་མགྲིན་པ་གཡས་འཁྱིལ་གྱི་ལམ་ནས་སྙན་པར་སྒྲོག་པའི་དཔྱོད་ལྡད་རིག་པ་འཛིན་པ་གང་དེར།
༈འབུལ་འབྲས། ཉེ་ཆར་དགེ་ཚོགས་རིན་ཆེན་བརྩེགས་པའི་སྐུ་ཁམས་ལྷུན་པོ་མཆོག་ཏུ་བརྟན་ཅིང༌། ཟླ་ལམ་ཞག་གིས་ཆོད་པ་ལྟ་བུ་ཉེ་ལམ་ཟམ་མོ་རྡོ་རྗེ་ཐེག་པའི་ཆོས་ཀྱི་དགའ་སྟོན་ལ་རྒྱ་ཆེར་རོལ་པའི་སྐབས་ནས། དོན་བཟང་ཚིག་སྦྱོར་སྙན་པའི་གསུང་ཡིག་སྙིང་གི་གདུང་སེལ་ཐུགས་རྗེས་བཟུང་བ་བཀའ་དྲིན་ཤིན་ཏུ་ཆེ། ༈དེང་ཡང་འཁོར་ལོ་བཞི་དང་ལྡན་པའི་དལ་འབྱོར་རྡོ་རྗེའི་ལུས་རྟེན་ཀུན་ཏུ་དོན་ཡོད་པར་མཛད་པའི་ངང་དུ་བདེ་བར་བཞུགས་ལགས་སམ།   ༈དིང་སང་སྐུ་འཚོ་མཆོག་ཏུ་བདེ་ཞིང་གསང་སྔགས་ཟབ་མོའི་བསྙེན་སྒྲུབ་ཚད་དུ་འཁྱོལ་བའི་འཕྲིན་ལས་རབ་འབྱམས་ཀྱི་དོན་གཉིས་ལྷུན་གྲུབ་ཏུ་བཞུགས་པ་ཐོས་པས་སྤྲོ་བ་རྒྱ་ཆེར་འཕེལ།
༈གསང་ཆེན་སྔ་འགྱུར་བ་ལ། ༈འཛམ་གླིང་རིག་འཛིན་རྒྱལ་པོ་པདྨ་ཀཱ་རེའི་དགོངས་བཅུད་ཟབ་མོའི་མངའ་བདག་རྡོ་རྗེ་སློབདཔོན་མཆོག་གི་དྲུང་དུ། ༈ངེས་གསང་ཐེག་པ་རིམ་དགུའི་ཟབ་གནད་ལ་མངའ་བརྙེས་པའི་རིག་འཛིན་ཆེན་པོ་གང་དེའི། ༈བཀའ་གཏེར་ཟབ་མོའི་ཆོས་ཀྱི་བརྒྱུད་འཛིན་དམ་པ་གང་དེའི་ཕྱག་ཏུ།
༈འབུལ་དོན། དེང་ཉིད་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལྷའི་དཀྱིལ་འཁོར་ལས་མི་འདའ་བའི་ནང་གི་རྣལ་འབྱོར་གྱི་ནུས་པས། ཕྱི་རོལ་འདྲེ་གཟུགས་འཇིགས་འཇིགས་ལྟར་སྣང་པའི་གདོན་གྱིས་གླགས་མི་ཚུགས་པར། འགྲོ་མང་སྲུང་སྐྱོབ་ཀྱི་འཕྲིན་ལས་ཀུན་ཏུ་གྲགས་ཆེ་པར་བཞུགས་པ་ལ་ཤིན་ཏུ་ཡི་རངས་པར་གྱུར། ༈གང་ཡང་བླ་མ་རྡོ་རྗེ་འཛིན་པའི་མན་ངག་གིས་སྣང་སྲིད་རིག་སྟོང་ཁྱཔ་བརྡལ་དུ་རྫོགས་པར་ངོ་སྤྲད་པས་སངས་རྒྱས་གཞན་དུ་འཚོལ་པའི་རྩོལ་བ་མི་དགོས་པ་རིན་པོ་ཆེའི་གསེར་གླིང་དུ་ཕྱིན་པ་ལྟ་བུའི་བློ་བདེ་གུ་ཡངས་ཀྱི་ངང་ལ་གཉུག་མར་གནས་པ་ཐོས་པས་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་བཞིན་ཡོད།   ༈དེང་ཡང་རྡོ་རྗེའི་སྐུ་ལ་བསྙུན་མི་མངའ་ཞིང་གང་ཤར་རིག་སྟོང་དུ་གྲོལ་པའི་ཀུན་བཟང་རང་ཞལ་ཀུན་ལ་རྗེན་པར་སྟོན་བཞིན་བཞུགས་པ་མཆོག་ཏུ་དད་པས་བསྔགས་པར་བྱ་བའི་འོས་ལགས།།
༈གསང་སྔགས་མངོན་སྤྱོད་མཁན་ལ། ༈དྲག་པོ་གནམ་ལྕགས་ཀྱི་མེ་ཆར་འབེབས་པའི་མཐུ་ལྡན་རྡོ་རྗེ་འཛིན་པ་གང་དེའི་དྲུང་དུ།   ༈དྲག་སྔགས་རྣལ་འབྱོར་གྱི་དབང་ཕྱུག་གང་དེའི།   ༈མཐུ་ཆེན་རིགས་ཀྱི་མངའ་བདག་མཆོག་གི་སྐུ་དྲུང་དུ།
༈ཞུ་འབྲས། དེང་ཡང་སྐུ་འཚོ་ཉི་མའི་དཀྱིལ་འཁོར་གཟི་འོད་འབར་ཞིང༌། མཐུ་སྟོབས་ནུས་པའི་ཚ་ཟེར་དྲག་པོས་ནག་ཕྱོགས་དགྲ་སྡེའི་ཚང་ཚང་སྐད་ཅིག་ལ་བསྲེག་པར་མཛད་པའི་གཏམ་འདི་ཕྱོགས་བྲལ་རྣ་བའི་རོལ་མོར་བརྗིད་ལགས།   ༈དེང་སྐུ་ཉིད་གཞིག་བྲལ་རྡོ་རྗེའི་རང་ཁམས་སུ་བརྟན་ཅིང༌། བཀའ་སྲུང་དམ་ཅན་རྒྱ་མཚོ་བྲན་དུ་བཀོད་ནས། སྡིགས་མཛུབ་གཅིག་གིས་ཞིང་བཅུ་ཐལ་བར་རློག་པའི་གྲགས་པས་ས་ཆེན་འདར་བཞིན་བཞུགས་པ་ཐོས་པས་སུ་ཡང་མི་འདུད་པའི་རང་དབང་དང་བྲལ་བ་ལགས། ༈དེང་སྐབས་བསྟན་པ་བསྲུང་བའི་མཚོན་ཆ་རྣོན་པོ་དྲག་སྦྱོར་རྡོ་རྗེ་རྩེ་བརྒྱ་གདེངས་པ་ཙམ་གྱིས་སྡིག་ཅན་ལྷ་མིན་བྱེ་བའི་མངལ་ཁུར་ལྟུང་བཞིན་སྐྱ་གཟི་མདངས་རྐྱས་པར་བཞུགས་ལགས་སམ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号