གནོད་པ་ཆུང་ཞིང་ཆོག་ཤེས་པ། གདམས་ངག་དང་ལྡན་པ།ལུས་སེམས་དབེན་པ་དང་བཅས་པ་སྟེ་ཆོས་བཞི་ལྡན་ནོ། །གང་བསྒོམ་པ་ནི།མོས་པ་ཡིད་བྱེད་ཀྱི་བསྒོམ་པ་དང༌།དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་བསྒོམ་པའོ། །དེ་རེ་རེལའང་ལས་དང་པོ་པའི་བསྒོམ་ཚུལ།ཅུང་ཟད་སྦྱང་བ་བྱས་པའི་བསྒོམ་ཚུལ། ཡིད་ལ་བྱེད་པ་རྫོགས་པའི་བསྒོམ་ཚུལ་གསུམ་གསུམ་སྟེ། ཞི་ལྷག་གི་མིང་གི་རྣམ་གྲངས་རྒྱས་པར་མངོན་པའི་སྐབས་སུ་བཤད་ཟིན་ཏོ།།སྒོམ་པ་ཕུན་སུམ་ཚོགས་པར་འགྱུར་བའི་ཡན་ལག་གཉིས་ནི།བྱིང་བ་བསལ་བའི་ཕྱིར་དུ་གདོས་པུ་གདགས་པ་དང༌།བདེ་བར་གནས་པའི་ཆེད་དུ་སྤོང་བ་པོའི་ཞལ་ཏ་པ་བསྐོ་བའོ། བསྒོ་ཚུལ་ནི། སྦྱོར་བ་སྤྲོ་བ་འདྲི་བ།དངོས་གཞི་གསོལ་གཉིས་ཀྱི་ལས་ཀྱིས་བསྐོ་བ། མཇུག་སྡུད་བརྗོད་པ་རྣམས་སོ། ། མཐུན་པའི་གསོ་སྦྱོང་ལ།སྦྱོར་བ་ནི་དྲུག་སྟེ།གསོ་སྦྱོང་གི་གནས་ཐབས་དང་བཅས་པ།རང་གཞན་གྱི་ལྟུང་བ་དག་པར་བྱེད་པ།གཙུག་ལག་ཁང་གི་བྱ་བ་རྗེས་སུ་སྒྲུབ་པ།ཆོས་ཉན་བཤད་བྱ་བ། བསྐོས་པའི་དགེ་སློང་གིས་ཚུལ་ཤིང་བྲིམས་ནས་བགྲང་སྟེ་མ་འདུས་ན་འདུན་པ་དང་ཡོངས་དག་བླང་བ། དགེ་སློང་གིས་མེ་ཏོག་ཕུལ་ནས་སོ་སོར་ཐར་པའི་མདོ་འདོན་པར་གསོལ་བ་གདབ་པ་དང་དྲུག་གོ།།
དེ་ལས་གནས་ཀྱི་ཁྱད་པར་ལ། བློ་འཐུན་པར་བྱེད་པའི་གནས། འཚམས་དང་བཅ ས་པའི་གནས།འཚམས་མེད་པའི་གནས་དང་གསུམ་མོ།།བློ་འཐུན་གྱི་གནས་ལ་གྲུབ་པ།བྱས་པ། ཟིན་པ་སྟེ་གསུམ་གང་རུང་ཡིན་པ།ཉེ་འཁོར་འདོམ་གང་ངང་བཅས་པ། དགེ་འདུན་ཀྱིས་འདོད་པ།སྔར་བློ་འཐུན་མ་བྱས་པ་སྟེ་ཁྱད་པར་བཞི་ལྡན་ནོ། །འཚམས་དང་བཅས་པའི་གནས་ལ། ལས་ཀྱི་འཚམས་དང༌།རྩིག་པའི་འཚམས་གཉིས།འཚམས་མ་བཅད་པའི་གནས་ལ་ཡང་རྭ་བ་མེད་པའི་ཁང་པ་སོགས་ཀྱི་ཝ་ཁ་ནས་ཆུ་འཛག་པ་ཚུན་ཆད་དང༌། གྲོང་ལ་ཉེ་འཁོར་གྱི་མཐའ་ཚུན་ཆད་དང་དགོན་པ་ལ་རྒྱང་གྲགས་ཀྱི་མཐའ་ཚུན་ཆད་དེ་གསུམ་མོ། །ལས་ཀྱི་འཚམས་བཅད་པ་ལ་ཡང་གསུམ་སྟེ། འཚམས་པོ་ཆེ་དང༌།འཚམས་བུ་ཆུང་དང༌།དཀྱིལ་འཁོར་པའོ། །འཚམས་པོ་ཆེ་ནི། ཚད་དབུས་ནས་དཔག་ཚད་ཕྱེད་དང་གསུམ་དུ་ངེས་པ།ཕྱོགས་བཞིར་མཚན་མ་བརྟན་པོ་ཡོད་པ། ཆུ་བོ་སོགས་འཚམས་གཞན་བྱུང་བ་མིན་པ།སྔར་འཚམས་བཅད་པ་དང་མ་འབྲེལ་བ། གཞན་གྱིས་འཚམས་གཅད་པའི་ཆེད་དུ་མཚན་མ་བརྟན་པོ་བཙུག་པ་མ་ཡིན་པ་སྟེ་ཁྱད་པར་ལྔ་ལྡན་ནོ། །
ཞར་བྱུང་གནས་དེ་དག་གང་ཡང་རུང་བར་མཆོད་པ་དང་བཅས་ཏེ་སྟོན་པའི་སྐུ་བཤམ་པ།དཀར་གཏོར་ཆ་བཞི་བཤམ་པ། དགེ་འདུན་བསྡུ་བའི་ཆེད་དུ་གཎྚི་བརྡུང་བ་སྟེ་ཚུལ་ཁྲིམས་བཞི་མི་མཐུན་པས་འདོན་པའོ། ། མཇུག་ནི།བསྔོ་བ་འདོན་པ། ཚིགས་སུ་བཅད་པ་འདོན་པ། དཀར་ཕྱོགས་ལ་དགའ་བའི་ལྟ་ཀླུ་སོགས་ཀྱི་མིང་ནས་བོས་ཏེ་ཡོན་བཤད་བྱེད་པའོ།། དབྱར་གྱི་གཞི་ལ་དགོས་པ་དགུ་ནི་དབྱར་ཁས་མ་བླང་བའི་ཉེས་པ་ཁེགས་པ།སྲོག་ཆགས་ལ་གནོད་པ་སྤོང་བ། གཞན་གྱིས་འཕྱ་བ་སྤོང་བ།ལུས་སྲོག་ལ་གནོད་པ་སྤོང་བ། དོན་དང་བྱ་བ་ཉུང་བ། དགག་དབྱེ་འབྱུང་བ།སྲ་བརྐྱང་གདིང་བ་འབྱུང་བ།གནས་རལ་པ་དང་གྲུམ་པ་འཆོས་པ།ཐོས་བསམ་འཕེལ་བ་སྟེ་དགུའོ། །གནས་ནི།བདེ་བའི་རྐྱེན་གནས་ཤིང་གནོད་རྐྱེན་མེད་པ།སྟེང་གཡོགས་དང་བཅས་ལ་གནས་གཅིག་ཡིན་པ།དགེ་སློང་གནས་ཤིང་སྒོ་གླེགས་དང་བཅས་པ།འཚམས་གཞན་མིན་པ་སྟེ་བཞིའོ། །ཡུལ་ནི།དགེ་སློང་ཆོས་བདུན་ལྡན་དང་དགེ་ཚུལ་གང་རུང་ངོ༌། རྟེན་ནི་རབ་བྱུང་ཡིན་པ།དབྱར་ཁས་ལེན་པའི་མཐུན་རྐྱེན་ཚང་བ།ཤེས་པ་རང་བཞིན་དུ་གནས་པ།ལུས་ཐ་མལ་དུ་གནས་པ།གནས་ནས་ཕྱུང་བ་མ་ཡིན་པ་སྟེ་ཁྱད་པར་ལྔ་ལྡན་ནོ།དུས་ནི།དབྱར་སྔ་མ་ཡར་ངོ་སྔོན་འགྲོའི་དབྱར་ཟླ་འབྲིང་པོའི་ཉའི་ཕྱི་དེ་ཉིན་ཚེས་བཅུ་དྲུག་དང༌། མར་ངོ་སྔོན་འགྲོའི་གྲོ་ཞུན་ཟླ་ལོ་ལ་ཟླ་བཤོལ་མེད་ན་ཟླ་བ་བཅུ་གཉིས་ཡོད་ཅིང༌།ཟླ་བ་རེ་རེའི་ཡར་ངོ་མར་ངོ་ལ་གསོ་སྦྱོང་རེ་རེའོ།།
གསོ་སྦྱོང་བཅུ་བཞི་པ་ནི།རྒྱལ།དབོ།ས་གཆུ་སྟོད།ཁྲུམས་སྨད།སྨིན་དྲུག་རྣམས་ཀྱི་མར་ངོ་ལ་རེ་རེ་སྟེ་དྲུག་གོ། ཞར་བྱུང་དུས་ཚིགས་ལ་ལྔར་དབྱེ་བ་ནི།དགུན་གྱི་དུས།དཔྱིད་ཀྱི་དུས། དབྱར་གྱི་དུས།དབྱར་ཐུང་ངུའི་དུས།དབྱར་རིང་པོའི་དུས་རྣམས་སོ།།གསུམ་དུ་དབྱེ་བ་ནི།དགུན།དཔྱིད།དབྱར་རོ།།བཞིར་དབྱེ་བ་ནི།དགུན།དཔྱིད།དབྱར་སྟོན་ནོ།།དྲུག་ཏུ་དབྱེ་བ་ནི།དགུན།དགུན་སྨད།དཔྱིད།སོ་ག དབྱར། སྟོན་ནོ། ཆོ་ག་ལ་བསྙེན་པར་མ་རྫོགས་པའི་རབ་བྱུང་གི་དབང་དུ་བྱས་པ་དང༌། བསྙེན་པར་རྫོགས་པའི་དབང་དུ་བྱས་པ་གཉིས།སོ་སོར་ཐར་པའི་མདོ་འདོན་ཚུལ་ལྔ་ནི།གླེང་གཞི་འདོནཔ།ཕམ་པར་འགྱུར་བ་འདོན་པ།དགེ་འདུན་ལྷག་མ་འདོན་པ།མ་ངེས་པ་འདོན་པ།རིལ་གྱིས་འདོན་པའོ།སྤང་བྱ་ཆོས་མ་ཡིན་པས་འདོན་པ་ནི།འདོན་བྱ་མིན་པ།ཚད་མིན་པ། དུས་མིན་པ། འདོན་པར་བྱེད་པ་དེ་ཁོ་ན་བཞིན་མིན་པས་འདོན་པ་སྟེ་བཞིའོ།།ཕྱི་མ་ནི། བསྙེན་རྫོགས་དང་།ལྟ་བ་དང༌།མཚན་དང་ཚུལ་ཁྲིམས་བཞི་མི་མཐུན་པས་འདོན་པའོ།མཇུག་ནི།བསྔོ་བ་འདོན་པ།ཚགས་སུ་བཅད་པ་འདོན་པ།དཀར་ཕྱོགས་ལ་དགའ་བའི་ལྟ་ཀླུ་སོགས་ཀྱི་མིང་ནས་བོས་ཏེ་ཡོན་བཤད་བྱེད་པའོ། དབྱར་གྱི་གཞི་ལ་དགོས་པ་དགུ་ནི་དབྱར་ཁས་མ་བླང་བའི་ཉེས་པ་ཁེགས་པ།སྲོག་ཆགས་ལ་གནོད་པ་སྤོང་བ།གཞན་གྱིས་འཕྱ་བ་སྤོང་བ།ལུས་སྲོག་ལ་གནོད་པ་སྤོང་བ།དོན་དང་བྱ་བ་ཉུང་བ།དགག་དབྱེ་འབྱུང་བ་སྲ་བརྐྱང་གདིང་བ་འབྱུང་བ།གནས་རལ་པ་དང་གྲུམ་པ་འཆོས་པ།ཐོས་བསམ་འཕེལ་བ་སྟེ་དགུའོ། །གནས་ནི།བདེ་བའི་རྐྱེན་གནས་ཤིང་གནོད་རྐྱེན་མེད་པ། སྟེང་གཡོགས་དང་བཅས་ལ་གནས་གཅིག་ཡིན་པ། དགེ་སློང་གནས་ཤིང་སྒོ་གླེགས་དང་བཅས་པ། འཚམས་གཞན་མིན་པ་སྟེ་བཞིའོ། །ཡུལ་ནི།དགེ་སློང་ཆོས་བདུན་ལྡན་དང་དགེ་ཚུལ་གང་རུང་ངོ༌། །རྟེན་ནི་རབ་བྱུང་ཡིན་པ།དབྱར་ཁས་ལེན་པའི་མཐུན་རྐྱེན་ཚང་བ།ཤེས་པ་རང་བཞིན་དུ་གནས་པ།ལུས་ཐ་མལ་དུ་གནས་པ། གནས་ནས་ཕྱུང་བ་མ་ཡིན་པ་སྟེ་ཁྱད་པར་ལྔ་ལྡན་ནོ།། དུས་ནི། དབྱར་སྔ་མ་ཡར་ངོ་སྔོན་འགྲོའི་དབྱར་ཟླ་འབྲིང་པོའི་ཉའི་ཕྱི་དེ་ཉིན་ཚེས་བཅུ་དྲུག་དང༌།མར་ངོ་སྔོན་འགྲོའི་གྲོ་ཞུན་ཟླ་བའི་ཚེས་གཅིག་གི་ཉིན་ཁས་ལེན་པ་དང༌། དབྱར་ཕྱི་མ་ཡར་ངོ་སྔོན་འགྲོའི་དབྱར་ཟླ་ཐ་ཆུང་གི་ཉའི་ཕྱི་དེ་ཉིན་ཚེས་བཅུ་དྲུག་དང༌། མར་ངོ་སྔོན་འགྲོའི་ཁྲུམས་སྟོད་ཟླ་བའི་ཚེས་གཅིག་ལ་ཁས་ལེན་པའོ། །ཡུན་ཚད་ནི་ཟླ་བ་གསུམ་གསུམ་མོ། །ཆོ་ག་ལ་སྦྱོར་བ་ནི། གཙུག་ལག་ཁང་བྱི་དོར་བྱ་བ། གནས་མལ་སྟ་གོན་བྱ་བ། དེ་སྟོབ་པའི་དགེ་སློང་བསྐོ་བ། ཚུལ་ཤིང་ཉེ་བར་བཞག་པ། ཁྲིམས་སུ་བཅའ་བ་བརྗོད་པ། ཚུལ་ཤིང་ལེན་པའི་གསོལ་བ་འབའ་ཞིག་གི་ལས་བྱ་བ། གྲངས་བཟུང་བའི་ཕྱིར་ཚུལ་ཤིང་འབྲིམས་པ་སྟེ་བདུན་ནོ། །དངོས་གཞི་ནི། ཡུལ་གྱི་མདུན་དུ་སྔགས་ཚིགས་ལན་གསུམ་བརྗོད་པའོ། །མཇུག་ཐབས་ལེགས་བྱ་བའོ། དམ་ཚིག་ནི། དབྱར་ཁས་བླངས་པའི་དམ་བཅའ་བསྒྲུབ་པ། དབྱར་རལ་པའི་རྒྱུ་སྤོང་བ།གནས་མལ་སྟོབ་པའི་དམ་ཚིག་རྣམས་སོ། དགག་དབྱེའི་གཞི་ལ། ཡུལ་ནི་ཕྱོགས་བཅུའི་དགེ་འདུན་ནོ། །རྟེན་ནི་རབ་བྱུང་སྡེ་ལྔའི་སྡོམ་པ་གསོ་རུང་ཡན་ཆད་དང་ལྡན་པ། ཤེས་པ་རང་བཞིན་དུ་གནས་པ། ཡུལ་ཐ་མལ་དུ་གནས་པ། གནས་ནས་ཕྱུང་བ་མིན་པ། དབྱར་ཁས་བླངས་པ་སྟེ་ཁྱད་པར་དྲུག་ལྡན་ནོ། །གོ་བར་བྱ་བའི་ཡུལ་ནི། བསྒོས་པའི་དགེ་སློང་ངོ༌།། དངོས་པོ་གང་གིས་དགག་དབྱེ་བྱ་བ་ནི། ལྟུང་བའི་དགག་དབྱེ་རང་གི་བསླབ་གཞི་མཐའ་དག་དང༌། རྫས་ཀྱི་དགག་དབྱེ་ཁབ་སོགས་གང་ཡང་རུང་བའོ། །དུས་ནི་དབྱར་སྔ་མ་ཡིན་ན་སྟོན་ཟླ་འབྲིང་པོའི་ཉ་དང༌། ཕྱི་མ་ཡིན་ན་སྟོན་ཟླ་ཐ་ཆུང་གི་ཉའོ། །ཆོ་ག་ལ་སྦྱོར་བ་ནི། དགག་དབྱེ་འབྱུང་བ་སྤྱོད་ཡུལ་གྱི་སྦྱིན་བདག་ལ་བརྗོད་པ་དང༌། གཙུག་ལག་ཁང་བརྒྱན་པ་དང༌། ཚེས་བཅུ་བཞིའི་མཚན་ཐོག་ཐག་ཏུ་ཆོས་བཤད་ཉན་བྱེད་པ། ཚེས་བཅོ་ལྔའི་ལས་ཀྱི་སྔོན་དུ་ཀུན་དགའ་ར་བར་ཕྱག་དར་སོགས་བྱེད་པ། དགག་དབྱེའི་བྱེད་པ་པོ་བསྒོ་བ། རྩྭ་དུར་བ་འབྲིམས་པ། དགག་དབྱེ་བྱ་བའི་ཆེད་དུ་གསོལ་བ་འབའ་ཞིག་གི་ལས་བྱ་བ་སྟེ་བདུན་ནོ། །དངོས་གཞི་ནི་ལྟུང་བའི་དགག་དབྱེ་དང༌། རྫས་ཀྱི་དགག་དབྱེ་གཉིས་སོ། །གཉིས་པ་བདེ་བར་གནས་པའི་རྐྱེན་བསྟེན་པའི་སྒོ་ནས་སྲུང་ཚུལ་ལ། གོས་ཀྱི་གཞི། སྨན་གྱི་གཞི་གཉིས། དང་པོ་ལ། བག་ཡངས་དང་འབྲེལ་བའི་སྲ་བརྐྱང་གི་གཞི། འཚོ་བའི་ཡོ་བྱད་དང་འབྲེལ་བའི་གོས་ཀྱི་གཞི། དམིགས་བསལ་དང་འབྲེལ་བའི་ཀོ་ལྤགས་ཀྱི་གཞི་གསུམ་ལས། 8/11 མདུན་ངོས། 上一页 6 7 8 9 10 11 下一页 尾页 |