ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །གཞིས་ཀ་རྩེ། དང་པོ། ལོ་རྒྱུས།
སྤེལ་དུས།05-03  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

 

གཞིས་ཀ་རྩེ་ནི་ལྷོ་ནེ་པ་ལ་དང་འབྲས་ལྗོངས། འབྲུག་ཡུལ་གསུམ་ དང༌། ཤར་ལྷ་ས་དང་ལྷོ་ཁ་ས་ཁུལ། ནུབ་མངའ་རིས། བྱང་ནག་ཆུ་བཅས་དང་འབྲེལ་ནས་ཆགས་ཤིང༌། ས་རྒྱ་སྤྱི༌གྲུ་བཞི་མ་ཁྲི་17.6ཡོད། ཤར་ནུབདཀྱུས་ལ་སྤྱི་ལེ་800དང་ལྷོ་བྱང་ཞེང་ལ་སྤྱི་ལེ་220མཐའ་མཚམས་ས་ཐག་སྤྱི་ལེ་1354ཡོད།
 1.jpg
 
དང་པོ།          ལོ་རྒྱུས།
ལོ་རྒྱུས་ཐོག་གཞིས་ཀ་རྩེ་ལ་གཙང་ཞེས་འབོད་ལ།གནའ་ནས་ད་བར་བོད་ཀྱི་སྲིད་འཛིན་མངའ་ཁོངས་གལ་ཆེན་ཞིགརེད།བཙན་པོའི་རྒྱལ་རབས་སྐབས་དབང་སྒྱུར་བས་བོད་ཀྱི་དབུས་རྒྱུད་དེ་“དབུས་”དང་“གཙང་”ཞེས་ཁག་གཉིས་ལ་དབྱེ་བ་དང༌། གཙང་དེའང་གཞིས་ཀ་རྩེ་ལྟེ་བར་བྱས་ནས་གཡས་རུ་དང་རུ་ལག་གཉིས་ལ་བགོས་ཁར། ཤར་ནི་གམ་པ་ལ་དང་ནུབ་ནི་གངས་ཏི་སི་རི་ཡིས་ས་མཚམས་བྱས་ཡོད། དུས་རབས་13པའི་སྐབས་སུ་ཡོན་རྒྱལ་རབས་ཀྱིས་བོད་ཁྲི་སྐོར་བཅུ་གསུམ་ལ་བགོས་པ་དང༌། གཞིས་ཀ་རྩེ་ལ་ཆུ་མིག་དང་ཞ་ལུ། གུར་མོ། ལ་སྟོད་ལྷོ་བྱང་གཉིས། ཤངས་བཅས་ཁྲི་སྐོར་6ཡོད། ཕག་གྲུའི་དུས་སུ་ཁྲི་སྐོར་གྱི་ལམ་ལུགས་མེད་པ་བཟོས་ནས་རྫོང་ཆེན་13བཙུགས།གཙང་ལ་རིན་སྤུངས་དང་གཞིས་ཀ་རྩེ།   པ་སྣམ། རྒྱལ་རྩེ་ལ་སོགས་པའི་རྫོང་ཡོད། དུས་རབས་20པའི་དུས་འགོར་བོད་ས་གནས་སྲིད་གཞུང་གིས་གཞིས་ཀ་རྩེ་དེ་སྤྱི་རྫོང་ལ་སྤར་ནས་མངའ་འོག་ཏུ་རྫོང་ཁག་16དང་གཞིས་ཀ་30ལྷག་ཙམ་གཏོགས་པ་བྱས། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་གཞིས་ཀ་རྩེ་དང་རྒྱལ་རྩེ་ལས་བགོས་ཨུ་ལྷན་ཁག་གཉིས་བཙུགས། 1956ལོར་སྤྱི་ཁྱབ་རིམ་ པའི་ལས་སྒྲུབ་ཁང་བཙུགས།1959ལོར་གཞིས་ཀ་རྩེ་དང་རྒྱལ་རྩེ་རུ་ཀྲོན་ཡོན་ཀུང་ཧྲུའུ་གཉིས་སོ་སོར་བཙུགས། 1964ལོར་གཞིས་ཀ་རྩེ་དང་རྒྱལ་རྩེའི་ཀྲོན་ཆུས་གཉིས་པོ་ཟླ་སྒྲིལ་བཏང་ནས་གཞིས་ཀ་རྩེ་ཀྲོན་ཡོན་ཀུང་ཧྲུའུ་བཙུགས། 1978ལོར་དེ་ཉིད་ཀྱི་མིང་གཞིས་ཀ་རྩེའི་སྲིད་འཛིན་ཀུང་ཧྲུའུ་ལ་སྒྱུར་བ་རེད།
 
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号