ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ལྷོ་ཁ། དང་པོ། ས་གཤིས་དང་ཐོན་ཁུངས།
སྤེལ་དུས།05-10  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

       བོད་ལྗོངས་ལྷོ་ཁ་ས་ཁུལ་ནི་ཤར༌གྱི་གཞུང་ཐིག་90°14´ནས་94°22´བར་དང༌།འཕྲེད་ཐིག་བྱང་མ་70°08´ནས་29°47´བར་ཏེ།གནས་ཡུལ་ཏི་སེ་དང་གཉན་ཆེན་ཐང་ལྷའི་ལྷོ་ངོས་ཀྱི་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཡིན་ལ་བྱང་ལྷ་ས་དང་ནུབ་གཞིས་རྩེ།ཤར་ཉིང་ཁྲི།ལྷོ་རྒྱ་གར་དང་འབྲུག་ཡུལ་བཅས་དང་ས་འབྲེལ་ཡིན།རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་7.35ཡོད་པས་ལྗོངས་ཡོངས་ཀྱི་ས་ཁྱོན་གྱི་བཅོ་ལྔའི་ཆ་གཅིག་ཟིན་ཞིང༌།མཐའ་མཚམས་ཁུལ་གྱི་ས་ཁྱོན་རིང་ཚད་ལ་སྤྱི་ལེ་600ལྷག་ཙམ་ཡོད་པས་འཐབ་ཇུས་ཀྱི་གོ་བབ་ཆེ་བ་དང་ཀྲུང་གོའི་ལྷོ་ནུབ་ཀྱི་མཐའ་མཚམས་ཡིན།

1.jpg   

                                                                             

ལྷོ་ཁ་ནི་བོད་ཀྱི་ལྷོ་ངོས་རོང་ཁུལ་ཡིན་ཞིང༌།ས་བབ་ནུབ་ནས་ཤར་དུ་རིམ་པས་དམའ་བ་དང༌། རྒྱ་མཚོའི་ངོས་ལས་མཐོ་ཚད་ཆ་སྙོམས་སྨི་3700ཙམ་ཡོད་པ་དང༌། ཡར་ཀླུང་གཙང་པོའི་ནུབ་ངོས་སྣ་དཀར་རྩེ་ནས་ཤར་དུ་གོང་དཀར་དང༌། གྲ་ནང༌། སྣེ་གདོང༌།ཟངས་རི། ཆུ་གསུམ། རྒྱ་ཚ་རྫོང་བཅས་རྫོང་7 བརྒྱུད་དེ་འབབ་པས་འབབ་རྒྱུན་གྱི་རིང་ཚད་སྤྱི་ལེ་424ཟིན་ཞིང༌། གཞན་ཡང༌། ལྷོ་ཁར་ཆུ་ཕྲན་41ཡོད་པས་གཙང་པོ་དང་ཆུ་བོའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་38000ཟིན་གྱི་ཡོད།ཁུལ་ཡོངས་སུ་མཚེའུ་ཆེ་ཆུང་88ཡོད་པའི་ནང་ནས་སྙན་གྲགས་ཆེ་བ་ཡར་འབྲོག་གཡུ་མཚོ་དང༌། ལྷ་མོའི་བླ་མཚོ།གྲི་གུ་མཚོ། ཕུ་མ་གཡུ་མཚོ་སོགས་ཡིན།
2.jpg
ལྷོ་ཁ་ཁུལ་ནི་དྲོད་ལྡན་སྐམ་ཤས་ཆེ་ཁུལ་ཡིན་ཏེ། ལོ་རེའི་ནང་ཆར་པ་འབབ་ཚད་ཆ་སྙོམས་ཧའོ་ཧྲེང་450ཡང་ཟིན་གྱི་མེད་པ་དང༌། ཆར་ཞོད་ཆེ་སྒང་ནི་སྤྱི་ཟླ་6པ་ནས་9པ་བར་ཡིན།ས་ཁུལ་ཡོངས་སུ་ལོ་རེར་ཉི་འོད་ཕོག་པའི་ཡུན་ཚད་ནི་ཆུ་ཚོད་2600ནས་3300བར་ཡིན་པ་དང༌། ལོ་རེའི་ཆ་སྙོམས་དྲོད་ཚད་དམའ་ཤོས་6°Cདང༌།དྲོད་ཚད་མཐོ་ཤོས་8.8°Cཡིན་པ་དང༌།ཆ་སྙོམས་དྲོད་ཚད་མཐོ་ཤོས་31°Cདང༌། དམའ་ཤོས་37°Cཡིན།ལྷོ་ཁར་རི་དྭགས་དང་རྩི་ཤིང་སྣ་ཚོགས་ཡོད་དེ། འབྲུ་རིགས་ལ་མཚོན་ན།ནས་
3.jpg
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号