ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ལྷོ་ཁ། དྲུག་པ། ཁྱད་ཆོས་མངོན་པར་གསལ་བའི་མི་རིགས་ཀྱི་རིག་གནས་སྒྱུ་རྩལ།
སྤེལ་དུས།05-11  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

      ཡར་ཀླུང་ནི་བོད་རིགས་ཀྱི་རིགས་ཀྱི་རིགས་གནས་དར་ཁུལ་ཞིག་ཡིན་ཏེ། ཁུལ་དེའི་རིགས་གནས་སྒྱུ་རྩལ་གྱིས་བོད་རིགས་ཀྱི་རིག་གནས་སྒྱུ་རྩལ་གོང་འཕེལ་བྱུང་རིམ་ནང་གོ་བབ་གལ་ཆེན་བཟུང་ཞིང༌།བོད་རིགས་ཀྱི་རིག་གནས་ལྡུམ་རའི་ནང་གི་འདབ་བརྒྱ་གྲོལ་བའི་མེ་ཏོག་ལྟ་བུ་ཞིག་ཡིན།

43.jpg

བྲོ་གར།
བྲོའཆམ། བྲོ་འཆམ་ནི་གནའ་བོའི་དུས་ནས་ད་ལྟའི་བར་དུ་བོད་ཁུལ་དང་སོག་ཁུལ་དུ་དར་ཁྱབ་ཆེ་བའི་བྲོ་གར་གྱི་རྣམ་པ་ཞིག་ཡིན་ཏེ། ཐོག་མར་བསམ་ཡས་ནས་དར་ཁྱབ་བྱུང༌། སྤྱི་ལོའི་དུས་རབས་8པར་བསམ་ཡས་གཙུག་ལག་ཁང་བཞེངས་གྲུབ་པའི་རྗེས། ཕྱི་རོལ་མུ་སྟེགས་པ་ལས་རྣམ་པར་རྒྱལ་བའི་དགའ་སྟོན་ལ་སློབ་དཔོན་པདྨ་འབྱུང་གནས་ཉིད་ནས་བྲོ་འཆམ་གསར་དུ་གཏོད་པ་མ་ཟད་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་རབ་གནས་མཛད་སྒོའི་ཐོག་དངོས་སུ་འཁྲབ་ཡོད་སྐད།བྲོ་འཆམ་དེ་རིགས་མི་རིང་བར་བསམ་ཡས་ནས་ཡར་ཀླུང་དང༌།   ཡར་ཀླུང་ནས་བོད་ཡོངས་སུ་དར་བ་དང༌། ཕྱིས་སུ་སོག་ཡུལ་སོགས་སུའང་དར་ཁྱབ་བྱུང༌།
བྲོགཞས། བྲོ་གཞས་ནི་སྐེད་པར་རྔ་སྒྲོག་ནས་རྔ་གཡབ་འཁྱོག་པོ་ཟུང་གིས་བརྡུང་བའི་བྲོ་འཁྲབ་ལུགས་ཤིག་ཡིན།བྲོ་གཞས་དེ་རིགས་ནི་སྤྱི་ལོའི་དུས་རབས་17པའི་མཚམས་སུ་ཡར་ཀླུང་དང་བོད་ཁུལ་ཡོངས་སུ་དར་ཁྱབ་བྱུང༌། དེའང་བསམ་ཡས་གཙུག་ལག་ཁང་བཞེངས་གྲུབ་པའི་རབ་གནས་མཛད་སྒོར་འཁྲབ་མྱོང་བ་མ་ཟད་ལོ་རྒྱུས་ཡིག་རིས་སུ་སྲོང་བཙན་སྒམ་པོས་རྒྱ་བཟའ་ཀོང་ཇོ་གདན་དྲངས་པའི་མཛད་སྒོར་ཡང་འཁྲབ་མྱོང་ཡོད་སྐད། བྲོ་གཞས་དེ་རིགས་ལོ་ངོ་ཆིག་སྟོང་ལྷག་ཙམ་མ་ཉམས་པར་དར་རྒྱས་བྱུང་ཡོད།
སྐྱིད་པོ་བྲོ་གར། བྲོ་དེ་ནི་འཁྲབ་སྟོན་པས་ངོ་འབག་གྱོན ཞིང། ལག་སྟོང་ངམ་ལག་པར་མདའ་གྲི་སོགས་ཐོགས་ཏེ་ཉམས་འགྱུར་ཅི་རིགས་ཀྱི་ཐོག་ནས་དགྲ་ངོ་གཉའ་ཆག་བྱེད་ཀྱི་གནའ་བོའི་དཔའ་ཉམས་དོད་པའི་བྲོ་གར་ཞིག་ཡིན་ཏེ།ཏེ།ཡར་ཀླུང་ན་སྔ་མོའི་དུས་ནས་དར།
44.jpg
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号