ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ལྷོ་ཁ། དྲུག་པ། ཁྱད་ཆོས་མངོན་པར་གསལ་བའི་མི་རིགས་ཀྱི་རིག་གནས་སྒྱུ་རྩལ།
སྤེལ་དུས།05-11  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
ད་ལྟ་འཕྱོངས་རྒྱས་སུ་ཡོད་པའི་བཙན་པོའི་བང་སོ་ལས་ཁྲི་སྲོང་ལྡེ་བཙན་བང་སོའི་མདུན་གྱི་རྡོ་སེང་ནི་རྡོ་བརྐོས་ཀྱི་སྒྱུ་རྩལ་རྩེར་སོན་ཡིན་ཞེས་བརྗོད་དུ་རུང་སྟེ། རྡོ་བརྐོས་ཀྱི་དཔངས་ལ་སྨི་1.45ཡོད་པ་དང༌། རྡོ་སེང་གི་མགོ་ནས་རྔ་མ་བར་དང༌། དབང་པོ་ཆ་ཚང་ཧ་ལམ་མངོན་སུམ་གསོན་པོར་སྣང་བ་ལྟར་རྔམ་ཟིལ་དང་ལྡན།
ལྷོ་བྲག་ལྷ་ལུང་དགོན་པའི་ཤར་ངོས་རྩིག་རྨང་གི་རྡོ་བརྐོས་ལ་ངོ་མཚར་ཡ་མཚན་གྱིས་ཕྱུག་ཡོད་དེ། རྡོ་ཆེ་ཆུང་ཁྲེ་རྩེ་གང་ཙམ་ཟིན་པ་གྲལ་སྟར་བཞི་མཆིས་པའི་ནང་གི་རྡོ་བརྩིགས་གཉིས་ཀར་འབུར་དོད་དུ་བརྐོས་ཡོད་པ་རྒྱང་ནས་བལྟས་ན་ཀེང་རུས་འབྱར་མའི་སྣང་བ་སྟེར་ནུས།
འཇིམ་བཟོ། ལྷོ་ཁའི་འཇིམ་བཟོའི་སྒྱུ་རྩལ་གྱི་དཔེ་མཚོན་ནི་དགོན་སྡེ་ཁག་གི་འཇིམ་སྐུ་ཆེ་ཆུང་སྣ་ཚོགས་དག་ཡིན་ཞིང༌།  དེ་དག་གི་ཁྲོད་དུ་སངས་རྒྱས་ཀྱི་འདྲ་སྐུ་ཅི་རིགས་ཡོད་ལ་ལོ་རྒྱུས་ཐོག་གི་གྲགས་ལྡན་མི་སྣ་སྲོང་བཙན་སྒམ་པོ་དང་ཝུན་ཤིང་ཀོང་ ཇོ་སོགས་དང༌།   ཁང་བཟང་དང་ལྡིང་ཁང༌། བྱ་བྱིའུ་དང་གཅན་གཟན། མཛེས་ལྗོངས་སོགས་པ་ཅིའང་ཡོད།
ཤིང་བརྐོས། ལྷོ་ཁའི་དགོན་སྡེ་ཆེ་ཆུང་ཚང་མའི་གདུང་ཆེན་དང༌། ཀ་བ།མཆོད་གཤོམ་བཅས་པ་བརྐོས་དཀྲོལ་གྱིས་བརྒྱན་ཡོད་ལ་མི་ཁྱིམ་དཀྱུས་མའི་ཀ་གདུང་དང་སྒེའུ་ཁུང་ཡང་བརྐོས་མ་ཡིན།ཆ་སྒམ་གྱི་ངོས་སུའང་མེ་ཏོག་པད་མ་དང་བཀྲ་ཤིས་རྟགས་བརྒྱད་སོགས་པའི་བརྐོས་དཀྲོལ་གྱིས་བརྒྱན་ཏེ་དེའི་ཐོག་ཏུའང་ཚོན་རྩིས་མཛེས་པར་བྱུགས་པས་ཡང་རྩེའི་སྒང་ལ་ཡས་སྒྲོན་ཞེས་པ་ལྟ་བུར་སྣང༌།
རྩོམ་རིག་སྒྱུ་རྩལ།
ལྷོ་ཁར་རྩོམ་རིག་སྒྱུ་རྩལ་པ་འབོར་ཆེན་ཐོན་ཞིང་སྐྱེས་བུ་དམ་པས་གནས་བཅས་པའི་བོད་རིགས་ཀྱི་རིག་གནས་དར་ཁུལ་ཡིན། འཕྱོངས་རྒྱས་སུ་སྐུ་འཁྲུངས་པའི་རྒྱལ་བ་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོས་《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》དེའི་ནང་བོད་ཀྱི་ལོ་རྒྱུས་སྤྱི་དང་ལྷག་པར་དུ་སྤྱི་ལོའི་དུས་རབས་10པར་གུ་ཤི་བསྟན་འཛིན་ཆོས་རྒྱལ་སྐབས་ཀྱི་ལོ་རྒྱུས་རྒྱས་པོ་འཁོད། རྒྱལ་དབང་ལྔ་པ་མཆོག་གིས་མཚན་ཉིད་ཀྱི་ཡིག་ཆ་དང༌། ལམ་རིམ་སོགས་པོད་ཆེན་30ལྷག་ཙམ་རྩོམ་གནང་མཛད། ལྷོ་མོན་ཡུལ་དུ་སྐུ་འཁྲུངས་པའི་རྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་གི་མགུར་གླུ་ནི་བོད་ལྗོངས་གང་སར་ཁ་རྒྱུན་དུ་འཇགས་ཡོད། དུས་རབས་11པར་མི་ལ་རས་པས་མཛད་པའི་གོ་བདེའི་《ཉམས་མགུར་》ཡང་ཕྱོགས་མཚམས་ཀུན་ཏུ་མཆེད་དེ་ནང་པ་སངས་རྒྱས་དར་ཁྱབ་འབྱུང་བར་ཕན་ནུས་ཆེན་པོ་ཐོན། དུས་རབས༌16པའི་དུས་དཀྱིལ་དུ་ལྷོ་བྲག་ལྷ་ལུང་གདན་སའི་བདག་པོ་དཔའ་བོ་གཙུག་ལག་ཕྲེང་བས་《ཆོས་འབྱུང་མཁས་པའི་དགའ་སྟོན་》སོགས་པའི་ཕྱག་རྗེས་བཞག་པ་ནི་དེང་སྐབས་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་དཔྱད་ཡིག་ཡིན།དུས་རབས་18པའི་དུས་འགོར་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་སྙན་རྩོམ་《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་》བརྩམས་པ་དེས་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་གོ་བབ་གལ་ཆེན་བཟུང་ཡོད།
47.jpg
ལུས་རྩལ།
ལྷོ་ཁ་ཡར་ཀླུང་གི་ལུས་རྩལ་ནི་ལོ་ངོ་ཆིག་སྟོང་གི་གོང་ནས་རི་འཛེགས་དང༌། འུར་རྡོ། གཡག་རྒྱུག རྟ་རྒྱུག རྟ་རྩལ། མདའ་རྩལ། རྡོ་འགྱོགས། རྡོ་སྒོར་སོགས་ཡོད་ཀྱང་སྐབས་དེའི་ལོ་རྒྱུས་ཀྱི་རྐྱེན་པས་ཆོས་ལུགས་ཀྱི་ཆོ་ག་ཆེ་རིགས་དང་དུས་ཆེན་ལ་མ་གཏོགས་ལུས་རྩལ་དེ་རིགས་མི་འགྲན།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号