ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ལྷོ་ཁ། དྲུག་པ། ཁྱད་ཆོས་མངོན་པར་གསལ་བའི་མི་རིགས་ཀྱི་རིག་གནས་སྒྱུ་རྩལ།
སྤེལ་དུས།05-11  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
ཤང་40ལྷག་ཙམ་གྱིས་རིག་གནས་ཁང་བཙུགས་ཡོད་ཅིང༌། 1956ལོར་གྲོང་གསེབ་ཏུ་གློག་བརྙན་སྟོན་མཁན་གྱི་རུ་ཁག་གཅིག་ལས་མེད་པ་ནས་ད་ལྟ་94བར་དུ་འཕེལ་ཡོད། དེ་མིན་ཞིང་འབྲོག་ལས་ཞོར་དྲིལ་བསྒྲགས་རུ་ཁག་43ཡོད་པ་དག་གིས་རྟག་པར་གའི་རིམ་དུ་བྱེད་སོ་སྤེལ་བའིན་ཡོད།
52.jpg
ལྷོ་ཁའི་རིག་རྩལ་ལས་དོན་ཆོགས་པ༌1956ལོར་བཙུགས་ནས་ད་བར་ལོ་ངོ་40ལྷག་ཙམ་རིང་ལ་འཐུས་སྒོ་ཇེ་ཚང་དང་འཁྲབ་སྟོན་ཇེ་བཟང་དུ་གྱུར་ཅིང༌།རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་རིག་རྩལ་འགྲན་བསྡུར་ཐོན་བྱ་དགའ་ཐེངས་མང་རག་མྱོང༌། ཚོགས་པ་དེའི་འཁྲབ་ཁྲིད་པ་དང༌། གདངས་རྩོམ། རོལ་མོ་བ། གར་འཁྲབ་པ། མཛེས་རྩལ་པ་བཅས་ཚང་མ་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་པ་ཡིན།1995ལོའི་ཟླ་6པར་ལྷོ་ཁ་རིག་རྩལ་ཚོགས་པས་བོད་ལྗོངས་ཀྱི་ཚབ་ཏུ་ཡོ་རབ་ལ་འཚམས་འདྲིར་བསྐྱོད།
1980ལོར་ས་ཁུལ་གྱིས་མང་ཚོགས་ཀྱི་སྒྱུ་རྩལ་ཁང་བཙུགས། སྒྱུ་རྩལ་ཁང་དེས་“བཀྲ་ཤིས་ཞོལ་པ་”བྱ་བའི་གནའ་བོའི་ལྷ་མོ་མྱུར་སྐྱོབ་བྱས་པ༌དང༌། འཁྲབ་སྟོན་རུ་མི་གོ་ཆོད་མང༌པོ་སྒྲིག་འཛུགས་ཐོག་ཁྱད་ཆོས་ལྡན་པའི༌འཁྲབ་སྟོན་བྱས་པར་ས་ཁུལ་ཕྱི་ནང་དུ་གྲགས་པ་ཆེ་ཙམ་ལྡན་པས་ཀྲུང་གོའི་རིག་གནས་པུའུ་དང་རང་སྐྱོང་ལྗོངས་ཀྱི་གཟེངས་བསྟོད་ཐོབ་མྱོང་ཞིང་ཉེ་དུས་གཞི་རིམ་དུ་རིག་གནས་ཀྱི་རྐང་འཛིན་པ་400གསོ་སྐྱོང་བྱེད་རོགས་བྱས།
1986ལོ་ནས་བཟུང་སྟེ་མི་རིགས་ཀྱི་རིག་དངོས་ཤུལ་བཞག་མྱུར་སྐྱོབ་བྱེད་འགོ་ཚུགས། ས་ཁུལ་ཡོངས་ཀྱི་ཤང་130ལྷག་ཙམ་དུ་དམངས་ཁྲོད་ཀྱི་སྒྲུང་གཏམ་དང༌།   ཡུལ་གཞས།   གཏམ་དཔེ་མང་པོ་འཚོལ་བསྡུ་དང་ལེགས་བསྒྲིགས་ཐོག་དེབ་ཆ་ཚང་གསུམ་བསྒྲིགས་འདོན་བྱས་ཏེ་ཕྱི་རབས་པ་ཚོར་དམངས་ཁྲོད་ཀྱི་རིག་གནས་ཤུལ་དངོས་རིན་ཐང་བྲལ་བ་བཞག་ཡོད།
1982ལོར་ལྷོ་ཁའི་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་གྲ་སྒྲིག་ཚོ་ཆུང་བཙུགས་ཏེ་《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ་》གསར་འདོན་ བྱས་པ་དང༌།1987ལོར་ལྷོ་ཁའི་རྩོམ་ཡིག་ཕུལ་དུ་བྱུང་བ་43བདམས་པ་དང༌། རྩོམ་པ་པོ་30ལ་བྱ་དགའ་ཐོབ། ད་བར་《ལྷོ་ཁའི༌རྩོམ་རིག་སྒྱུ་རྩལ་》དུས་དེབ་འདོན་ཐེངས་24བྱས་པ་དང༌། རྩོམ་རིག་ཁག་840ལྷག་ཙམ་ཟིན་པ་མ་ཟད་ 1990ལོར་《རྒྱལ་ཡོངས་ཀྱི་དུས་དེབ་དཀར་ཆག་》ནང་བཙུད།   
ལྷོ་ཁ་ནི་བོད་ཀྱི་གནའ་བོའི་རིག་གནས་འབྱུང་ས་ཡིན་པས་རིག་དངོས་རྙིང་པ་མྱུར་སྐྱོབ་བྱེད་ཆེད། 1981ལོར་ས་ཁུལ་གྱི་རིག་དངོས་དོ་དམ་ཨུ་ལྷན་བཙུགས་ཤིང༌། ལོ་བཅུ་གྲངས་ཀྱི་རིང་ལ་རིག་དངོས་སྣ་ཁ་7000ལྷག་ཙམ་མྱུར་སྐྱོབ་བསྡུ་སྒྲིག་བྱས་པ་དང་དུས་མཚུངས་ལྗོངས་རིག་དངོས་དོ་དམ་ཨུ་ལྷན་ལ་གཞོགས་འདེགས་ཐོག་སྣེ་གདོང་དང༌། འཕྱོངས་རྒྱས། གྲ་ ནང༌། མཚོ་སྣ། ལྷུན་རྩེ། རྒྱ་ཚ། ཆུ་གསུམ་སོགས་པའི་རྫོང་གི་《རིག་དངོས་ལོ་རྒྱུས་》འབྲི་རོགས་ཞུས་པ་དང༌། གནའ་ཤུལ་གྲགས་ཅན་ཉམས་གསོ་དང་སྲུང་རོགས་ཞུས། 1995ལོར་རྩེད་ཐང་དུ་བོད་ཀྱི་ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་དང་པོ་བསྐྲུན་པ་དང༌རིག་དངོས་སྣ་ཁ་3000ལྷག་ཙམ་ཉར་ཚགས་ཞུས།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号