ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ལྷོ་ཁ། དྲུག་པ། ཁྱད་ཆོས་མངོན་པར་གསལ་བའི་མི་རིགས་ཀྱི་རིག་གནས་སྒྱུ་རྩལ།
སྤེལ་དུས།05-11  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 ད་ལྟ་ལྷོ་ཁའི་ལུས་རྩལ་ཨུ་ལྷན་དུ་བོད་རིགས་ཀྱིས་གཙོས་པའི་རྩལ་འཁྲིད་པ་དང་།ཤན་འབྱེད་པ་སོགས་སྦྱོང་བ་དང་། རྒྱལ་ཁབ་རིམ་པའི་ཤན་འབྱེད་པ་10དང༌།རྩལ་འཁྲིད་པ་3 ལས་རྩལ་ལས་གཉེར་པ་40བཅས་ཡོད། དེ་མིན་ཞིང་འབྲོག་དང་རྒན་རྒོན་གྱི་ལུས་རྩལ་ཨུ་ལྷན་སོགས་ཀྱང་བཙུགས་ཡོད།
1976ལོར་ལྷོ་ཁར་ས་ཁུལ་གྱི་ལས་ཞོར་ལུས་རྩལ་སློབ་གྲྭ་བཙུགས་ཤིང༌།ལོ་དེ་རང་ལ་སློབ་གྲྭ་དེའི་སློབ་མས་གཙོ་བོ་བྱས་པའི་ལྷོ་ཁའི་ལུས་རྩལ་ཚོགས་པས་རང་སྐྱོང་ལྗོངས་ཀྱི་ན་ཆུང་རིམ་པའི་མཆོང་རྒྱུག་འཕེན་གྱི་འགྲན་བསྡུར་ནང་ཨང་གསུམ་པ་བླངས་པ་དང༌། ད་ལྟ་བོད་ལྗོངས་ཀྱི་ལུས་རྩལ་བྱ་གཞག་གི་ཆེད་དུ་རྩལ་རིགས་སློབ་བཞིན་ཡོད།
1975ལོའི་ཟླ་9པར་ལྷོ་ཁ་ཁུལ་གྱིས་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་ཐེངས་གཉིས་པར་འགྲན་བསྡུར་རུ་ཁག་ཐོག་མར་མངགས་པས་རྩལ་འགྲན་པ་10གྲངས་ཀྱིས་ས་ཁུལ་གྱི་འགྲན་ཐོ་25ལས་བརྒལ། 1985ལོའི་ཟླ་8པའི་རང་ལྗོངས་ཀྱི་རྒྱང་འཕེན་འགྲན་བསྡུར་ཐོག་ལྷོ་ཁའི་ཚོགས་པར་ཨང་གཉིས་པ་རག་པ་མ་ཟད་ལོ་ཆུང་གི་ཞ་གོང་འཕེན་ཚད་ཟིན་ཐོ་ལས་བརྒལ།1987ལོའི་ཟླ་8པར་ལོ་ཆུང་གི་མཆོང་རྒྱུག་འཕེན་གསུམ་ཨང་དང་པོ་ཐོབ།1988ལོའི་ཟླ་8པའི་དར་གཞོན་གྱི་ལུས་རྩལ་སྐབས་དང་པོའི་ཐོག་མི་5ཡིས་རང་ལྗོངས་ཀྱི་ཟིན་ཐོ་ཚད་ལས་བརྒལ།1998ལོའི་ཟླ་10པར་ས་ཁུལ་ལས་བདམས་པའི་འཐུས་མི་ཟླ་བ་གསལ་སྒྲོན་གྱིས་པེ་ཅིན་གྱི་ཞིང་པའི་ལུས་རྩལ་འགྲན་བསྡུར་ནང་ཞུགས་ནས་རང་ལྗོངས་ཀྱི་སྨི་1500དང་3000གི་ཟིན་ཐོ་བརྒལ་ཞིང༌།སྤྱོད་བཟང་གི་བྱ་དགའ་བླངས།
ལྷོ་ཁའི་ལུས་རྩལ་ཨུ་ལྷན་གྱིས་སློབ་གྲྭ་འབྲིང་ཆུང་དུ་ལུས་རྩལ་སློབ་ཁྲིད་བྱས་ཤིང༌། 1979ལོ་ནས་བཟུང་སློབ་གྲྭ་ཆུང་འབྲིང་གི་རྐང་རྩེད་སྤོ་ལོ་འགྲན་བསྡུར་བྱས་པ་དང་དུས་མཚུངས་རླུང་འཕྲིན་ལུས་སྦྱོང་ཡང་བྱས་ནས་སྤྱོད་རིག་ལུས་གསུམ་ཡར་རྒྱས་ཡོང་བར་རྨང་གཞི་བཟང་པོ་བཏིང་ཡོད།
50.jpg
1974ལོར་ས་ཁུལ་གྱི་ལུས་རྩལ་ཨུ་ལྷན་གྱིས་མདའ་རྩལ་འགྲན་ར་ཞིག་དང༌།ལན་ཆིའུ་སྤོ་ལོ་རྒྱག་ས་གཉིས། རྐང་རྩེད་སྤོ་ལོའི་ཐང་ཆེན་ཞིག   བང་རྩལ་འགྲན་ར་ཚད་ལྡན་ཞིག་བཅས་བསྐྲུན་ཡོད།
རག་གནས་དང་རླུང་འཕྲན་བརྙན་འཕྲན།                 
1951ལོའི་གོང་ལ་ལྷོ་ཁར་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་འཕེལ་རྒྱས༌འགྲོ་འགོར་ཞིང་བྱེད་སྒོ་དེ་རིགས་དུས་བཀག་ལ་མ་གཏོགས་མི་སྤེལ་ཡང་1951ལོར་བཅིངས་འགྲོལ་བཏང་བའི་རྗེས་ལ་ཏང་དང་སྲིད་གཞུང་གིས་གཟིགས་མཐོང་དང་རྒྱབ་སྐྱོར་གནང་བར་བརྟེན་ལྷོ་ཁ་ས་ཁུལ་དུ་མི་རིགས་ཀྱི་རིག་གནས་སྐྱེ་སྟོབས་ཀྱི་དཔལ་འབར་བ་ལྟར་གོང་དུ་འཕེལ། 1994ལོའི་ལོ་མཇུག་ཏུ་ས་ཁུལ་ཡོངས་ལ་ས་ཁུལ་དང་རྫོང་རིམ་པའི་རིག་རྩལ་འཁྲབ་སྟོན་ཚོགས་པ་5(ཆེད་ལས༌། ལས་ཞོར་4)ཡོད་པ་དང༌། རྫོང་7གྱིས་རིག་གནས་ཕོ་བྲང་བཙུགས་པ་དང༌།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号