ལྷོ་ཁ་ནི་བོད་རིགས་ཀྱིས་གཙོས་པའི་མི་རིགས་མང་པོ་འདུས་ཁུལ་ཡིན་ཏེ། བོད་རིགས་དང༌། རྒྱ་རིགས། མོན་པ། ཀློ་པ་སོགས་གྲངས་ཉུང་མི་རིགས་14ཡོད། ད་ཡོད་མི་འབོར་བསྡོམས་གྲངས་ཁྲི་30.58ཁྲོད་དུ་བོད་རིགས་ཀྱིས་བརྒྱ་ཆ་97.7དང༌། མོན་པས་བརྒྱ་ཆ་0.22 ཀློ་པས་བརྒྱ་ཆ་0.03རྒྱ་རིགས་ཀྱིས་བརྒྱ་ཆ་2.04བཅས་ཟིན་གྱི་ཡོད།

ལྷོ་ཁར་ཁྱོན་བསྡོམས་རྫོང་12ཡོད་པའི་ནང་ནས་མཐའ་མཚམས་ཀྱི་རྫོང་བཞི་ནི་མཚོ་སྣ་དང༌། ལྷུན་རྩེ། སྣ་དཀར་ རྩེ། ལྷོ་བྲག་བཅས་ཡིན།རྫོང་མན་གྱི་སྲིད་འཛིན་ཁུལ་ལ་ས་ཁུལ་6དང༌། ཤང་144 ཤང་རིམ་པའི་གྲོང་བརྡལ་གཉིས། སྡོད་དམངས་ཨུ་ཡོན་ལྷན་ཁང་5 གྲོང་མིའི་ཨུ་ཡོན་ལྷན་ཁང་719བཅས་སུ་ཕྱེ་ཡོད། དེ་དག་གི་ཁྲོད་དུ་ཞིང་ལས་ཤང་71 འབྲོག་ལས་ཤང་18 ས་མ་འབྲོག་གི་ཤང་57 བཅས་ཡོད་པ་རེད།
|