ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ཉིང་ཁྲི། བཞི་པ། ལོ་རྒྱུས།
སྤེལ་དུས།05-10  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

       ལྷོ་ཁ་ཞེས་པ་ནི་ཡར་ཀླུང་གི་རྒྱུད་དུ་བྱ་བ་ཡིན་ཞིང༌། ལོ་རྒྱུས་དཔྱད་ཡིག་དང་དམངས་ཁྲོད་ཀྱི་གཏམ་རྒྱུད། གནའ་རྫས་འབོར་ཆེན་ལ་རྟོག་ཞིབ་བྱས་པ་བཅས་ཀྱི་ཐོག་ནས་བོད་རིགས་སྔོན་བྱོན་ཚོ་ལོ་ཁྲི་400ཡི་སྔོན་ནས་ཡར་ཀླུང་དུ་འཚོ་ཞིང་འཕེལ་བའི་ར་འཕྲོད་པ་དང༌། བོད་དུ་ཞིང་ལ་སྔ་བའང་རྩེད་ཐང་ཉེ་འཁོར་གྱི་“ཟོ་དང་”ཞེས་པ་བྱུང་བར་གྲགས།

13.jpg

བོད་མིའི་ཐོག་མས་ཡར་ཀླུང་དུ་ཞིང་ལ་ས་བོན་བཏབ་ནས་རིམ་བཞིན་ཚོ་པ་ཆགས། སྤྱི་ལོའི་སྔོན་གྱི་དུས་རབས་2པའི་དུས་འགོར་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནི་དོན་དངོས་ཐོག་ཡར་ཀླུང་ཚོ་པའི་འགོ་དཔོན་ཙམ་ཡིན་ཞིང༌། བཙན་པོའི་རྒྱལ་རྒྱུད་ལམ་ལུགས་བཙུགས།  བོད་རྒྱལ་བརྒྱད་པ་གྲི་གུམ་བཙན་པོའི་དུས་སུ་བང་སོ་བྱུང༌།དེ་དུས་ཡར་ཀླུང་ཚོ་པ་མ་རྒྱུད་སྤྱི་ཚོགས་ནས་ཕ་རྒྱུད་ཀྱི་སྤྱི་ཚོགས་སུ་འཕེལ།
14.jpg
བོད་རྒྱལ་དགུ་པ་བཙན་པོ་སྤུ་དེ་གུང་རྒྱལ་དུས་སུ་ས་གཞི་བརྐོས་ནས་ཕུ་ཆུ་ཡུར་དུ་དྲངས། རྨོན་པ་དོར་སྡེབས་སྤང་ཐང་ཞིང་དུ་རྨོས། བོད་རྒྱལ་བཅུ་གཅིག་པ་ཨེ་ཤོ་ལེགས་ཀྱི་དུས་སུ་ཞིང་འབྲོག་གོང་དུ་སྤེལ་ཕྱིར་ཞིང་ལ་དོར་ཁ་དང་འབྲོག་ལ་ཐུལ་བརྩི་སྲོལ་བྱུང༌།བོད་རྒྱལ་དགུ་པ་སྤུ་དེ་གུ་རྒྱལ་ནས་བོད་རྒྱལ་བཅོ་ལྔ་པ་ཨི་ཤོ་ལེགས་ཀྱི་བར་ཡར་ཀླུང་གི་འཕྱིང་བ་(ད་ལྟའི་འཕྱོངས་རྒྱས་)སྟག་རྩེ་དང༌། རྒོད་རྩེ་སོགས་རྩེ་དྲུག་བཞེངས། བོད་རྒྱལ་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ་བོད་དུ་སངས་རྒྱས་ཆོས་ལུགས་དབུ་བརྙེས། དེ་སྐབས་པཎྜི་ཏ་བློ་སེམས་ཚོས་བསྣམས་ཕེབས་པའི་ཆོས་བཙན་པོས་མ་གོ་བས་“གཉན་པོ་གསང་བ་”ཞེས་མཚན་གསོལ་ནས་ཕྱག་བསྐོར་དང་བཀུར་བསྟི་མཛད་པས་བོད་དུ་ཆོས་དང་ཆོས་ཆས་དར་འགོ་ཚུགས།
15.jpg
སྤྱི་ལོའི་དུས་རབས་6པའི་ཡས་མས་ལ་ཡར་ཀླུང་དུ་ཞིང་བྲན་གྱི་སྤྱི་ཚོགས་འགོ་ཚུགས་པ་དང༌། དེ་དུས་རྡོ་བཞུ་གསེར
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号