ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ཉིང་ཁྲི། བཞི་པ། ལོ་རྒྱུས།
སྤེལ་དུས།05-10  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
མངགས་མེད་ཀྱང་ལྷོ་སྤྱི་དང༌། རྫོང་དཔོན།གཞིས་སྡོད། དགོན་སྡེའི་མཐོ་རིམ་བླ་སྤྲུལ་བཅས་པ་ཀུན་གྱིས་“ཁྲིམས་དཔོན་”བྱེད། ཁྲིམས་སྐྱོང་གི་རྩ་དོན་ཡང་“ཉ་སྤུ་མེད་ལ་ཁྲམ་”དང་“ལུག་སྤུ་ཆེན་ལ་བལ་”ཞེས་པའི་དཔེ་ལྟར་འཛིན་བཞིན་ཡོད། མངའ་བདག་ཆེན་པོ་གསུམ་གྱིས་ཞིང་བྲན་ལ་རྟ་ལྕག་གཏོང་བ་དང༌།མིག་འདོན་པ། རྣ་འབྲེག་པ། རྟིང་རྩ་གཅོད་པ། ལུས་ལྤགས་བཤུ་བ་སོགས་པའི་མནར་གཅོད་གཏོང་བ་མ་ཟད་བསམ་པའི་ཐོག་ནས་མང་ཚོགས་ཁྲོད་དུ་ཆོས་ལུགས་ཀྱི་བག་ཆགས་ཟབ་པར་བརྟེན་ཏེ་བསམ་པའི་འཆིང་སྒྲོག་རྒྱག་གིན་ཡོད། དེའང་ཞིང་བྲན་ཚོས་“གསོ་སྐྱོང་ཕ་མས་བྱས་ཀྱང༌། མགོ་ལུས་དཔོན་ལ་བདག་སོང་”ཟེར་བ་བཞིན་དུ་ཞིང་བྲན་གྱི་འཚོ་བར་འགན་ལེན་ཐུབ་ཐབས་བྲལ།
22.jpg
1951ལོའི་ཟླ་5ཚེས་23ཉིན་ཀྲུང་གུང་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་དེ་སྔའི་བོད་ས་གནས་སྲིད་གཞུང་གིས་《བོད་ཞི་བའི་བཅིངས་འོགྲོལ་འབྱུང་ཐབས་ཀྱི་གྲོས་མཐུན་དོན་ཚན་བཅུ་བདུན་》བཞག་པའི་རྗེས་བོད་ཞི་ བའི་ བཅིངས་ འགྲོལ་ཐོབ་ཅིང༌།བོད་ཁུལ་གཞན་དང་འདྲ་བར་ལྷོ་ཁའང་མཐུན་སྒྲིལ་དང༌། ཡར་ཐོན། གོང་འཕེལ་བཅས་ཀྱི་འོད་ཟེར་འཕྲོ་བའི་ལམ་དུ་བསྐྱོད་པ་དང༌། རྒྱ་ཆེའི་བོད་རིགས་མི་དམངས་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ་ལོག་སྟེ་མི་རིགས་འདྲ་མཉམ་དང་ས་ཁོངས་རང་སྐྱོང་གི་དབང་ཆ་ལོངས་སུ་སྤྱོད་སྐལ་ཐོབ་པ་དང༌། དཔལ་འབྱོར་དང་རིག་གནས་ཀྱི་བྱ་གཞག་གོང་དུ་སྤེལ་དབང་དང༌། འཚོ་བའི་ཆུ་ཚད་མཐོ་རུ་གཏོང་དབང༌། རྒྱལ་ཁབ་དང་ས་གནས་ཀྱི་ཆབ་སྲིད་འཚོ་བར་ཞུགས་དབང་བཅས་ཐོབ་པ་རེད།
23.jpg
1959ལོར་བོད་དུ་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་མགོ་རྟིང་བསློགས་ཏེ་དམངས་གཙོའི་བཅོས་བསྒྱུར་བྱས་པས་མི་དམངས་ལ་རང་ཁྱིམ་རང་བདག་ཐོབ། 1959ལོ་ནས་1965ལོའི་ཟླ་9པར་བོད་རང་སྐྱོང་ལྗོངས་དངོས་སུ་དབུ་མ་བརྙེས་བར་གྱི་ལོ་དྲུག་གི་རིང་ལ་ལྷོ་ཁར་གནམ་སའི་འཕོ་འགྱུར་ཆེན་པོ་བྱུང་སྟེ་དཔལ་འབྱོར་འཛུགས་སྐྲུན་ལ་གྲུབ་འབྲས་ཆེན་པོ་ཐོབ༌པ་དང༌། བཟོ་ཞིང་ཐོན་སྐྱེད་ཀྱི་རིམ༌ཐང་བསྡོམས་འབོར་ལོ་རེར་བརྒྱ་ཆ་9ཡི༌མྱུར་ཚད་ཐོག་ནས་གོང་དུ་འཕེལ་ཡོད་ཅིང༌། 1959ལོར་ལོ་ལེགས་བྱུང་བའི་རྨང་
24.jpg
གཞིའི་ཐོག་བསྟུད་མར་ལོ་ལེགས་བྱུང་སྟེ་1965ལོར་འབྲུ་རིགས་ཐོན་འབོར་བསྡོམས་གྲངས་1959ལོ་ནས་ལྡབ་གཅིག་འཕར་ཏེ་སྤྱི་རྒྱ་11800ཟིན་ཅིང༌། ཕྱུགས་རིགས་གསོན་གྲངས་1959ལོར་ཁྲི་128ཡིན་པ་ནས་1965ལོར་ཁྲི་160བར་འཕེལ་བས་ལོ་རེར་ཆ་སྙོམས་སུ་བརྒྱ་ཆ་3.8འཕར་ཡོད།ནོར་སྲིད་དང༌། ཚོང་ལས། སློབ་གསོ། འཕྲོད་བསྟེན། ཡིག་ཟམ་སོགས་པའི་ལས་རིགས་ཀྱང་གོང་འཕེལ་མགྱོགས་ཙམ་བྱུང་བས་ཡར་ལངས་ཞིང་བྲན་ཚོས་དམངས་གཙོའི་བཅོས་བསྒྱུར་བྱེད་པའི་ལོ་དྲུག་པོ་ནི་བོད་དུ་“སྐྱ་ནམ་རྒྱས་དུས་”ཡིན་ཞེས་བསྔགས་བརྗོད་བྱེད། 1965ལོའི་ཟླ་9པར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ཤིང༌། ལྗོངས་ཡོངས་དང་འདྲ་བར་ལྷོ་ཁའི་ཞིང་འབྲོག་ཁུལ་དུའང་ཐོན་སྐྱེད་རྒྱུ་ཆས་རིམ་བཞིན་སྤྱི་ཚོགས་རིང་ལུགས་སུ་བསྒྱུར་བཀོད་བྱེད་རིམ་བསྒྲུབས།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号