ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ཉིང་ཁྲི། བཞི་པ། ལོ་རྒྱུས།
སྤེལ་དུས།05-10  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
བཀའ་ཤག་སྲིད་གཞུང་གི་དབང་བསྒྱུར་སྐབས་བཀའ་ཤག་གིས་སྤྱི་ཁྱབ་དང་རྫོང་སྟེ་སྒྲིག་གཞི་རིམ་པ་གཉིས་བཙུགས། ལྷོ་ཁའི་སྤྱི་ཁྱབ་ཁོངས་སུ་རྫོང་23ཡོད་པ་དེ་དག་ཆེ་ཆུང་རིམ་པ་གསུམ་དུ་ཕྱེ་ཡོད། རྫོང་རིམ་པ་དང་པོར་རིམ་ལྔའི་སེར་སྐྱ་རེ་བསྐོ་གཞག་དང༌། རྫོང་རིམ་པ་གཉིས་པར་རིམ་དྲུག་གི་སེར་སྐྱ་བརྗེ་རེས་ཀྱིས་བསྐོ་གཞག་གམ་ཡང་ན་རྫོང་དཔོན་གཅིག་བསྐོ་བཞག་བྱས། རྫོང་རིམ་པ་གསུམ་པར་རིམ་བདུན་གྱི་རྫོང་དཔོན་སེར་སྐྱ་གང་རུང་གཅིག་བསྐོ་གཞག་བྱས། བོད་ཞི་བའི་བཅིངས་འགྲོལ་གཏོང་མཚམས་སུ་ལྷོ་ཁའི་སྤྱི་ཁྱབ་ཁོངས་སུ་རྫོང་35ཡོད།
སྤྱི་ལོའི་དུས་རབས་6པ་ནས་1959ལོར་བོད་དུ་དམངས་གཙོའི་བཅོས་བསྒྱུར་བྱེད་པའི་བར་གྱི་ལོ་ངོ་1300ལྷག་ཙམ་རིང་ལྷོ་ཁའང་བྲན་གཡོག་གི་སྤྱི༌ཚོགས་ནས་བཀས་བཀོད་རྒྱུད་འཛིན་བྲན་གཡོག་གི་སྤྱི་ཚོགས་བར་བརྒྱུད། དེའི་རིང་ཡར་ཀླུང་མི་དམངས་ཀྱིས་གཞན་ན་མ་མཆིས་པའི་རིག་གནས་འོད་སྟོང་བཀྲ་བ་གསར་དུ་གཏོད་དེ་བཙན་པོའི་རྒྱལ་རབས་གཅིག་ཏུ་གྱུར་བ་དང༌། བོད་རིགས་མི་དམངས་གོང་དུ་སྤེལ་བ། རྒྱ་བོད་མི་རིགས་བར་གྱི་སྤེལ་རེས་དང་མཐུན་སྒྲིལ་ཇེ་ཟབ་ཏུ་གཏོང་ཕྱིར་ལེགས་སྐྱེས་ཆེན་པོ༌ཕུལ་ཡོད།
20.jpg
ཕག་གྲུའི་དབང་བསྒྱུར་དུས་ནས༌བཅིངས་འགྲོལ་མ་བཏང་གོང་དུ་ལྷོ་ཁ་ཁུལ་གྱི་སྤྱི་ཚོགས་ལམ་ལུགས་ནི་ཆོས་སྲིད་ཟུང་དུ་འབྲེལ་བའི་བཀས་བཀོད་རྒྱུད་འཛིན་མངའ་བདག་གི་སྲིད་དབང་སྒེར་དུ་འཛིན་པའི་ཞིང་བྲན་ལམ་ལུགས་ཡིན།བོད་ཀྱི་ལོ་རྒྱུས་ཐོག་ལྷོ་ཁ་ནི་བྲན་གཡོག་གི་སྤྱི་ཚོགས་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སུ་བསྒྱུར་བ་སྔ་ཤོས་ཡིན་ལ་བོད་ཀྱི་ཞིང་བྲན་ལམ་ལུགས་ཀྱི་མཚོན་བྱེད་ཁུལ་ཡང་ཡིན།བོད་ཀྱི་སྐུ་དྲག་ཆེ་གྲས་ཟུར་ཁང་དང༌།ཁེ་སྨད། ཀླུ་ཁང་བ། ཞོལ་ཁང༌།ཕོ་བྲང་སོགས་པའི་ཟུར་གཏོགས་གཞིས་ཀའང་ལྷོ་ཁར་ཡོད། དམངས་གཙོའི་བཅོས་བསྒྱུར་སྐབས་སུ་བརྟག་དཔྱད་བྱས་པར་གཞིགས་ན། ལྷོ་ཁའི་མི་འབོར་གྱི་བརྒྱ་ཆ་5ལས་མ་ཟིན་པའི་མངའ་བདག་ཆེན་པོ་གསུམ་གྱིས་ས་ཞིང༌དང༌། རྩྭ་ར། ཕྱུགས་ཟོག་ཕལ་མོ་ཆེ༌དང༌། ཞིང་བྲན་དང་བྲན་གཡོག་གི་མི༌ལུས་ཀྱི་རང་དབང་ཡང་བདག་ཏུ་བཟུང་ཞིང༌། མི་འབོར་གྱི་བརྒྱ་ཆ་95ཟིན་པའི་ཞིང་བྲན་དང་བྲན་གཡོག་ཚོ་མི་རབས་ནས་མི་རབས་བར་མངག་བདག་གིས་ས་ཞིང་བོགས་མར་སྤྲད་ནས་ཁྲལ་འུལ་དང་སྐྱེད་ཆེའི་བུ་ལོན་གྱི་གཉའ་གནོན་མྱོང་དགོས་ཀྱི་ཡོད། མངའ་བདག་ཆེན་པོ་གསུམ་གྱིས་རང་མོས་ལྟར་བྲན་གཡོག་ཉོ་འཚོང་དང༌། སྟེར་རེས།བརྗེ་རེས་སོགས་བྱེད་ཆོག་ཅིང༌།དབང་བསྒྱུར་གྲལ་རིམ་གྱིས་ཞིང་བྲན་ལ་དབང་བསྒྱུར་དང་དྲག་གནོན་བྱེད་པའི་ཆེད་དུ་བྲན་གཡོག་གིས་ལམ་ལུགས་སྲུང་བའི་ཞལ་ལྕེ་ཞེས་པའི་ཆོས་སྲིད་ཟུང་དུ་འབྲེལ་བའི་ཁྲིམས་ལུགས་བཟོས།ཁྲིམས་གཅོད་ལས་ཁུངས་ཆེད་
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号