བོད་ལྗོངས་ཀྱི་ས་ཁུལ་གཞན་དང་འདྲ་བར་ལྷོ་ཁའི་མང་ཚོགས་ཕལ་མོ་ཆེ་བོད་བརྒྱུད་ནང་བསྟན་ལ་དད་ཅིང་ད་ལྟ་ཁོང་ཚོའི་ཆོས་དད་རང་མོས་ལ་བརྩི་བཀུར་གང་ལེགས་ཐོབ་པ་དང༌།འཆར་ཅན་གྱི་ཆོས་ལུགས་ཆོ་གར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་དེ་

བཞིན་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་བཅའ་ཁྲིམས་ཁག་གིས་སྲུང་སྐྱོབ་བྱེད་པས་མང་ཚོགས་ལ་ཆོས་དད་ཀྱི་རང་དབང་ཡོད། དེང་སྐབས་ལྷོ་ཁར་དགོན་པ་དང༌། ལྷ་ཁང༌། རི་ཁྲོད་སོགས་ཆོས་ལུགས་ཀྱི་ཆོ་ག་སྤེལ་ཡུལ་251ཡོད་པས་ཆོས་དད་ཀྱི་རེ་བ་རྩ་བའི་ཆ་ནས་སྐོང་ཐུབ་

ཡོད། ཆོས་དད་པ་དཀྱུས་མའི་འཆར་ཅན་གྱི་ཆོས་བྱེད་ས་དང༌། ཆོས་པའི་ཁྲིམས་མཐུན་གྱི་ཆོ་ག་སྒྲུབ་པར་འགན་སྲུང་བྱེད་ཆེད། རྒྱལ་ཁབ་ནས་མི་དམངས་ཤོག་སྒོར་ཁྲི་1616བཏང་ནས་དགོན་སྡེ་དང་རིག་དངོས་སྲུང་སྐྱོབ་བྱས་ཤིང༌། རིག་གསར་དུས་གཏོར་སྐྱོན་ཕོག་པའི་དགོན་སྡེ་རྩ་བའི་ཆ་ནས་ཉམས་གསོ་བྱས་ཡོད། |