བོད་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་ངོ་40འདས་རིང་དང༌།ལྷག་པར་དུ་1979ཚུན་དུ་བོད་ལྗོངས་ཀྱི་ས་ཁུལ་གཞན་དང་འདྲ་བར་ལྷོ་ཁ་ས་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང༌།ལས་རིགས་ཁག་དབྱར་མཚོ་རྒྱས་པ་བཞིན་དར་རྒྱས་བྱུང་སྟེ་མི་དམངས་ལས་བརྩོན་བདེ་བའི་གནས་སུ་འཁོད།

ཞིང་འབྲོག་ལས།
ལྷོ་ཁར་ཞིང་ལས་དར་ཡུན་རིང་སྟེ།གེནའ་བོའི་དུས་ནས་ཡར་ཀླུང་ཚོ་པས་ཕུ་ཆུ་ཡུར་བུར་དྲངས་ནས་ཞིང་རྨོ་སྟངས་ཤེས་པས་ལྷོ་ཁར་སྔ་མོའི་དུས་ནས་“བོད་ཀྱི་འབྲུ་མཛོད་”ཅེས་པའི་འབོད་སྲོལ་ཡོད་ཅིང༌། 1951ལོར་བོད་དུ་བཅིངས་འགྲོལ་བཏང་བའི་རྗེས་སུ་དང་
ལྷག་པར་དུ༌1959ལོར་དམངས་གཙོའི་བཅོས་བསྒྱུར་བྱས་ནས་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་མགོ་རྟིང་སློག་པའི་རྗེས། བོད་ལྗོངས་ཀྱི་ཞིང་ལས་ཡར་རྒྱས་ཆེན་པོ་བྱུང་ཞིང༌། ཞིང་ལས་ཀྱི་རྨང་གཞི་ཇེ་ལེགས་སུ་སོང༌། ད་ལྟ་ཡུར་བུ་1312བཟོས་ཡོད་(ཆེ་རིགས་8ཡོད་)པ་དང༌། འཕྲུལ་འཐེན་ཁྲོན་པ་141འདྲུས་པ། ཞིང་ཆུ་འཐེན་ས་27བཟོས་པ། ཆུ་མཛོད་9བཟོས་པ་བཅས་ཀྱི་དབང་
|