ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ལྷོ་ཁ། ལྔ་པ། དཔལ་འབྱོར།
སྤེལ་དུས།05-11  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
ཡིག་ཟམ་གློག་འཕྲིན།
ལྷོ་ཁ་ས་ཁུལ་གྱི་དེང་རབས་ཀྱི་དོན་སྙིང་ལྡན་པའི་ཡིག་ཟམ་ལས་རིགས་ནི་1956ལོར་ཡིག་ཟམ་ཅུས་བཙུགས་པ་དང༌། རྫོང་ཁག་ཏུའང་1962ལོའི་སྔ་རྗེས་སུ་ཡིག་ཟམ་ཅུས་བཙུགས་པས་དེ་ནས་བཟུང་སྟེ་ཁུལ་ཡོངས་སུ་ཡིག་ཟམ་ལས་རིགས་དངོས་ སུ་བྱུང༌།1979ལོའི་རྗེས་སུ་ཏང་དང་སྲིད་གཞུང་གིས་གཟིགས་མཐོང་ཆེན་པོ་གནང་བར༌བརྟེན་ས་ཁུལ་ཡོངས་ཀྱི་ཡིག་ཟམ་ལས་རིགས་གོང་འཕེལ་མགྱོགས་པོ་ཕྱིན་པ་དང༌། རྩེད་ཐང་ནས་ལྷ་ས་བར་གྱི་འོད་ཁྲིད་ཚི་སྐུད་ཀྱི་ལས་གྲྭ་འགྲུབ་ཏེ་སྔོན་སྒྲིག་གི་ཁ་པར་དང༌། སྐུད་མེད་བརྒྱུད་འབོད་དང་ལག་འཁྱེར་ཁ་པར་སོགས་ཤར་གཏོང་ཐུབ་པ་མ་ཟད་རྒྱལ་ཡོངས་ཁྱོན་དུ་རང་འགུལ་གྱིས་དྲ་སྦྲེལ་བྱེད་རེས་བྱས་ཆོག ད་ལྟ་རྩེད་ཐང་ལྟེ༌གནས་སུ་གྱུར་པའི་སྐུད་ཡོད་སྐུད་མེད་དང་འཕྲིན་སྐྱེལ་རླངས་འཁོར་སོགས་ལ་བརྟེན་པའི་ཡིག་ཟམ་གློག་འཕྲིན་གྱི་དྲ་བ་ཆགས་ཡོད།
“གཙང་པོ་གཅིག་དང་ཆུ་བོ་གཉིས་”རྒྱུད་ཀྱི་ལྷོ་ཁའི་གསར་སྤེལ་ཁུལ།
ཡར་ཀླུང་གཙང་པོ་དང༌། ལྷ་སའི་སྐྱིད་ཆུ་དང་མྱང་ཆུ་གསུམ་པོའི་རྒྱུད་ཀྱི་ལས་གྲྭ་དེ་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་བརྒྱད་པ་(1990ལོ་ནས་1995ལོ་བར་)དང་ལོ་བཅུའི་འཆར་གཞིར་ཚུད་པ་མ་ཟད་རྒྱལ་ཁབ་ཀྱིས་མ་དངུལ་བཞག་པའི་རྣམ་གྲངས་གལ་ཆེན་ཞིག་ཀྱང་ཡིན།དེ་ཁོངས་ལས་ལྷོ་ཁའི་འཛུགས་སྐྲུན་བྱེད་ཁོངས་སུ་གོང་དཀར་དང༌། གྲ་ནང༌།སྣེ་གདོང༌། ཟངས་རི། འཕྱོངས་རྒྱས་བཅས་རྫོང་ལྔ་པོ་ཡིན་ཏེ་ཤར་ནུབ་བར་སྤྱི་ལེ་206དང༌། ལྷོ་བྱང་བར་སྤྱི་ལེ་119ཡིན་པ་དང༌། ས་ཁོངས་ཀྱི་རྒྱ་ཁྱོན་ཀུང་ཆིང་ཁྲི་103.2ཡིན་པས་ས་
41.jpg
ཁུལ་ཡོངས་ཀྱི་ས་ཁྱོན་གྱི་བརྒྱ་ཆ་13.4ཟིན་ཡོད། ལྷོ་ཁའི་གསར་སྤེལ་གྱི་འཆར་གཞིར་ས་ཆུ་བེད་སྤྱོད་རྒྱུ་དང༌།འདེབས་འཛུགས། ཕྱུགས་ ལས།ནགས་ལས། ནུས་ཁུངས། བཟོ་ལས།འགྲིམ་འགྲུལ་སྐྱེལ་འདྲེན། ཞིང་ལས་ཕྱོགས་བསྡུས་ཀྱིས་བེད་སྤྱོད། ཞིང་ལས་ཚོད་ལྟའི་དཔེ་སྟོན་ཁུལ། ཞིང་ལས་འཕྲུལ་ཆས་ཀྱི་ལག་རྩལ་གསོ་སྦྱོང་ལ༌སོགས་པའི་ཁག་11ནང་དུ་རྣམ་གྲངས་120ལྷག་ཙམ་ཡོད་པ་དང༌། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་49025འཇོག་རྩིས་ཡོད། མིག་སྔར་ལས་དུས་སྔ་མའི་རྣམ་གྲངས་55འགྲུབ་པ་དང༌། ལས་འགོ་བརྩམས་པ་རྣམ་གྲངས་32 མཇུག་སྒྲིལ་བར་རྣམ་གྲངས་21ཡོད་པ་དང༌།  མ་དངུལ་སྒོར་ཁྲི་11113བཞག་ཟིན། རྣམ་གྲངས་འགྲུབ་པའི་ནང་གསར་སྐྲུན་དང་རྒྱས་སྐྲུན་བྱས་པ་ཆུ་མཛོད་2དང༌། ཡུར་བུ་2 སྔོ་ཚལ་འདེབས་སའི་རྟེན་གཞི༌1གཟན་ཆས་ལས་སྣོན་བཟོ་གྲྭ༌1 ཆུ་འདྲེན་ལས་གྲྭའི་རྣམ་གྲངས་2 ཞིང་ལས་ལག་རྩལ་ཁྱབ་སྤེལ་ས་ཚིགས་4ཕྱུགས་ལས་ནད་འགོག་ས་ཚིགས༌1ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཁུལ་1 རྩེད་ཐང་དུ་ཟམ་པ༌། ནགས་བཟོ་སྤྱིཆིང་ཁྲི་0.74 རྩྭ་ར་སྤྱི་ཆིང་666.6ཞིང་ཁ་བཟང་བསྒྱུར་བྱ་རྒྱུར་སྤྱི་ཆིང་ཁྲི་0.33བཅས་ཡོད།

42.jpg

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号