ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ལྷོ་ཁ། ལྔ་པ། དཔལ་འབྱོར།
སྤེལ་དུས།05-11  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
རྒྱལ་ནང་དུ་སྐད་གྲགས་ཆོད་ཡོད་ཅིང༌། ད་ལྟ་རྒྱུན་མཁོའི་ཁ་གདན་དང༌། བཙུགས་ཕྲུགཟངས་ཆས། དངུལ་ཆས། ཞོ་མདོང༌།   གཤོལ་ལྕགས།   རྟ་སྒ། འཇོར། ཟོར་བ། ཤིང་ཆས། སྨྱུག་ཆས་སོགས་པ་ས་ཁུལ་ཚང་མས་བཟོ་བཞིན་ཡོད་ལ་སྣ་ཁ་ཇེ་མང་དང་སྤུས་ཀ་ཇེ་དག་ཏུ་འགྲོ་བཞིན་ཡོད་པས་མི་དམངས་ཀྱི་འཚོ་བ་ལེགས་བཅོས་དང༌།ཚོང་ར་དར་རྒྱས་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད།
38.jpg
འགྲིམ་འགྲུལ་སྐྱེལ་འདྲེན།
དེང་སྐབས་ལྷོ་ཁར་རྩེད་ཐང་གཙོ་བོར་གྱུར་པའི་རྫོང་12ལ་གཞུང་ལམ་བསྐྲུན་ཏེ་ལམ་ཐག་སྤྱི་ལེ་3700ལྷག་ཙམ་ཟིན་པ་དང༌། ཤང་གྲོང་མང་ཆེ་བར་གཞུང་ལམ་ཤར་བགྲོད་ཐུབ་ཡོད། ཆུ་ཤུར་ཟམ་ཆེན་བསྐྲུན་པའི་དབང་གིས་ལྷོ་ཁ་དང་ལྷ་ས་འབྲེལ་མཐུད་ཐུབ་ཡོད་པ་དང༌། 1995ལོར་བསྐྲུན་པའི་རྩེད་ཐང་ཟམ་ཆེན་དེས་ལྷོ་ཁའི་ལྷོ་བྱང་བར་ཤར་བགྲོད་ཐུབ་ཡོད། 1993ལོར་རྩེད་ཐང་ནས་གོང་དཀར་བར་སྣུམ་སྙིགས་གཞུང་ལམ་བཟོ་འགོ་ཚུགས་ཏེ་1994ལོའི་ཟླ་11པར་རླངས་འཁོར་ཤར་བགྲོད་ཐུབ་པ་བྱུང་བ་རེད།
འགྲིམ་འགྲུལ་བདེ་བ་ནི་ལྷོ་ཁའི་དཔལ་འབྱོར་གོང་དུ་སྤེལ་བའི་བཟང་ཆ་ཡིན་ཏེ། རྩེད་ཐང་ནས་ལྷ་ས་བར་དུ་ལམ་ཐག་སྤྱི་ལེ་191ལས་མེད་པ་དང༌།བོད་ལྗོངས་ཀྱི་རྒྱལ་སྤྱིའི་གནམ་གྲུ་འབབ་ཐང་གཅིག་པུ་དེའང་གོང་དཀར་དུ་ཡོད་ཅིང༌། ད་ལྟ་ལྷ་ས་ནས་ཁྲེན་ཏུའུ་དང༌།པེ་ཅིན། ཁྲུང་ཆིང་གསུམ་དང༌། བལ་ཡུལ། ཀ་ཏ་མན་རྡུ་བཅས་སུ་འཕུར་སྐྱོད་བྱེད་བཞིན་ཡོད་པ་དང༌།གནམ་གྲུ་སྒུག་སའི་ཐོག་ཁང་ཆེན་མོའང་བརྒྱབ་ཟིན།
39.jpg
གཞུང་ལམ་དག་ལེགས་སུ་སོང་བ་དང་བྱ་གཞག་ཁག་གི་དགོས་མཁོའི་དབང་གིས་རླངས་འཁོར་གྱི་སྐྱེལ་འདྲེན་ཡང་དར་ རྒྱས་ཆེན་པོ་བྱུང་ཡོད།1994ལོར་ས་ཁུལ་ཡོངས་ལ་འགྲུལ་སྐྱེལ་དང་རྒྱུ་དངོས་འདྲེན་བྱེད་རླངས་འཁོར་6755ཡོད་པ་དང༌། རྒྱལ་གཉེར་ཁེ་ལས་ཀྱིས་གཙོ་བོ་བྱེད་ཅིང་ཐུན་མོང་དང་སྒེར་པས་ཁ་གསབ་བྱེད་པའི་རིམ་མང་སྐྱེལ་འདྲེན་མ་ལག་ཏུ་གྱུར་ ཡོད།1997ལོར་དངོས་ཟོག་འདྲེན་འབོར་ཏུན་23དང༌། འགྲུལ་པ་སྐྱེལ་འདྲེན་ཐེངས་གྲངས་ཁྲི་25.7ཟིན་ཡོད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号