ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ལྷོ་ཁ། ལྔ་པ། དཔལ་འབྱོར།
སྤེལ་དུས།05-11  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 
བཟོལས།
ལྷོ་ཁའི་བཟོ་ལས་གཞི་རྒྱ་ཆེ་ཙམ་དུ༌གྱུར་ཡོད་དེ། ད་བར་དུ་གློག་ཤུགས་དང༌། གཏེར་འདོན། ཞིང་ཆས་བཟོ་སྒྲིག རླངས་འཁོར་ཞིག་བཟོ། ཨར་འདམ། ལྕགས་བཞུ། པར་འདེབས། སྨན་བཟོ། ཟས་རིགས་ལས་སྣོན་སོགས་པའི་ལས་རིགས་བཙུགས་ཡོད། 1997ལོའི་ལོ་མཇུག་བར་དུ་ས་ཁུལ་ཡོངས་ལ་ཁེ་ལས་ཁག་200ཡོད་པས་བཟོ་ལས་ཐོན་རྫས་ཀྱི་རིན༌ཐང་བསྡོམས་འབོར་སྒོར་ཁྲི་9672བྱུང་ཡོད། ད་ལྟ་ས་ཁུལ་ཡོངས་ལ་རྫོང་དང༌། ཤང༌། གྲོང་ཚོ་རིམ་པའི་གློག༌ཁང་ཆུང་གྲས་79ཡོད་པས་ལོ་རེར་གློག༌འདོན་བྱེད་ཚད་སྟོང་ཝ་ཁྲི་4483ཟིན་གྱི༌ཡོད་པ་དང༌། འཛམ་གླིང་མཐོ་སྒང་གི༌ཡར་འབྲོག་གློག་ཁང་དེ་ལྷོ་ཁའི་ས་ཁོངས་སུ་ཡོད། ཚོད་དཔག་ལྟར་ན། ལོ་ལྔའི་འཆར་གཞི་དགུ་པའི་རིང་ལ་ས་ཁུལ་ཡོངས་ལ་ཆུ་གློག་འདོན་ཚད་སྟོང་ཝ་ཁྲི་3.36འཕར་རྒྱུ་ཡིན་སྟབས་ས་ཁུལ་དང་རྫོང་གནས་ས་རྩ་བའི་ཆ་ནས་གློག་ལས་ཅན་དུ་འགྱུར་རྒྱུ་རེད།
ལྷོ་ཁའི་ཡང་བའི་བཟོ་ལས་ནི་ཞིང་འབྲོག་ཐོན་རྫས་ལས་སྣོན་དང༌། སྨན་རྫས་བཟོ་རྒྱུ་གཙོ་བོར་བྱེད་པ་མ་ཟད་ལག་ཤེས་བཟོ་ལས་འཕྲུལ་ཆས་ཅན་དང་འཕྲུལ་ཆས་ཅན་ཕྱེད་ཙམ་དུ་འགྱུར་ཡོད།འཁལ་འཐག་དང་ཀོ་ཆས་ལས་སྣོན་ནི་ལག་པས་ལས་བཞིན་ཡོད།
33.jpg
 
34.jpg
ལྷོ་ཁའི་མི་རིགས་ཀྱི་ལག་ཤེས་བཟོ་ལས་ནི་གནའ་སྔ་མོའི་དུས་ནས་དར་ཡོད་དེ། སྤྱི་ལོའི་དུས་རབས་6པའི་གོང་གི༌བཙན་པོའི་རྒྱལ་རབས་དུས་ནས་ཕོ་བྲང་དང་སྐུ་དྲག་གི་ཁྱིམ་དུ་སྤྱོད་བཞིན་ཡོད་སྐད། 1959ལོའི་གོང་ལ་འཁལ་འཐག་གི་རིགས་སྒེར་ཁྱིམ་དུ་བྱེད་པ་དང༌།དུས་མཚུངས་ལས་སྣོན་བྱེད་མཁན་ཉུང་ཤས་ལས་མེད་ལ་ཐོན་རྫས་ཀྱང་སྣམ་ཆས་ཉུང་ཤས་ཉེ་འཁོར་རྒྱལ་ཁབ་དང་བོད་ཁུལ་གཞན་དུ་འཚོང་བ་མ་གཏོགས་དེ་བྱིངས་དཔྱ་ཁྲལ་དུ་འཇལ་བའམ་རང་མཁོ་རང་འཐག་བྱེད་པ་རེད། དེང་སྐབས་ལག་ཤེས་དར་ཁྱབ་ཆེ་བའི་གྲ་ནང༌རྫོང་གི་མང་ཚོགས་བརྒྱ་ཆ་90ཡན་གྱིས༌སྣམ་ཆས་བཟོ་ཞིང༌། ཁོང་ཚོའི་ཐོན་རྫས་ས་ཁུལ་ཕྱི་ནང་དང་ཉེ་འཁོར་རྒྱལ༌ཁབ་ཏུ་སྐད་གྲགས་ཆེན་པོ་ཡོད། རྫོང༌དེའི་རྒྱལ་གླིང་ཤང་རྫ་ཡུལ་གྲོང་ཚོའི་རྫ་བཟོ་སྔ་མོའི་དུས་ནས་དར་ཞིང༌། ཐོན་རྫས་ནི་རྫ་ཁོག་དང༌། དམ་བི། ཁོག་ལྡིར། རྫ་ཐབ་སོགས་སྤུས་ཀ་བཟང་ལ་གོང་ཁེ་བས་བོད་རིགས་མང་ཚོགས་ཚོས་ཧ་ཅང་མཉེས་པོ་གནང་བཞིན་ཡོད།ཉེ་རིང་གང་སར་སྙན་གྲགས་ཁྱབ་པའི་“པང་གདན་ཐོན་ཡུལ་”གོང་དཀར་ལྕེ་བདེ་ཞོལ་གྱི་འཐག་རྩལ་མི་རབས་ནས་མི་རབས་བརྒྱུད་དེ་གོ་དུ་འཕེལ་ཞིང༌།པང་གདན་སྣ་ཁ་མང་ལ་ཚོས་མདངས་མཛེས་པ་དང༌། རྒྱུ་སྤུས་དག་པས་བོད་ཁུལ་ཡོངས་དང་ཉེ་འཁོར་རྒྱལ་ཁབ་ལ་བྲིན་ཁ་རྒྱུགས་པོ་ཡོད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号